བསོད་ནམས་སྒྲོལ་མ།འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། རྩོམ་པ་པོ། གཞོན་ནུ་མགོ་སེ། དཔར་ཁང་། བོད་ཀྱི་དཔེ་མཛོད་ཁང། དང་པོ། སྒྲུང་གི་ནང་དོན། ག་རེའི་སྐོར་ལ་བྲིས་འདུག་ཟེར་ན། བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་བཀྲ་ཤིས་ཞེས་པ་ཞིག་གིས། སྐལ་བཟང་དོན་གྲུབ་ཀྱིས་ཕྱག་རྩོམ་གནང་བའི་སྒྲོལ་མ་ཉེར་གཅིག་ཅེས་པའི་སྙན་དེབ་དེ་བཀླགས་རྗེས། བཀྲ་ཤིས་ཀྱི་ཡིད་སེམས་དུས་རྟག་ཏུ་སྒྲོལ་མ་ཉེར་གཅིག་གི་ཕྱོགས་སུ་དབང་བ་དང་། དེ་བཞིན་ཤོ་ལོ་ཀ་རེ་རེའི་གསང་བ་དེ་དུས་ནམ་ཞིག་ལ་ཤེས་རྟོགས་ཐུབ་ན་སྙམ་ནས་རྩོམ་ཡིག་དེའི་རྒྱབ་ལོགས་སུ་གསང་བ་ཅི་འདྲ་ཞིག་ཡོད་མེད་ལ་སོགས་པ་དང་། དེ་བཞིན་ཕོ་ཧྲེང་ཞིག་གི་རང་ཉིད་ཀྱི་མི་ཚེ་གཅིག་གི་ནང་སྙིང་སྡུག་ཉི་ཤུ་རྩ་གཅིག་བྱུང་ཡོད་པས། ཁོའི་བརྩེ་གདུང་ངོ་མ་དེ་སུ་ལ་ཡོད་མེད་དག་གི་དྲི་བ་རྣམས་བཀྲ་ཤིས་ལ་མཚོན་ན་ལན་འདེབས་དེ་དག་ཤེས་འདོད་ཀྱི་འདུན་པ་དྲགས་པོ་དེ་དོར་དཀའ་བའི་གནས་ཚུལ་བྲིས་འདུག གང་ཡིན་ཟེར་ན། དང་ཐོག་བཀྲ་ཤིས་ཀྱིས་སྒྲུང་ནང་གི་གསང་བ་དེ་དག་ཤེས་ཆེད་རྩོམ་པ་པོ་སྐལ་བཟང་དོན་གྲུབ་ཀྱི་སྐྱེ་ཡུལ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕྱིན་ཡང་། སྐལ་བཟང་དོན་གྲུབ་ཀྱི་ནུ་བོ་ཚེ་རིང་དོན་གྲུབ་ཀྱིས་སྐལ་བཟང་ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དེ་སྨྲས་མོད། འོན་ཀྱང་། གནས་ཚུལ་དེ་ཡིས་བཀྲ་ཤིས་ཀྱི་འདོད་པ་དང་འདུན་པའི་ལམ་ཁ་དེ་ནམ་ཡང་བཀག་ཐུབ་མེད་ཅིང་ཤོ་ལོ་ཀ་གཅིག་ཙམ་མ་གཏོགས་གཞན་རྣམས་ཀྱི་གསང་བ་བརྟོལ་ཐུབ་པ་བྱུང་ཡོད་པའི་སྐོར་བྲིས་འདུག གཉིས་པ། སྒྲུང་འདི་ནང་གི་མི་སྣ་ཡི་སྐོར། རྩོམ་པ་པོས་མི་སྣ་ཉི་ཤུ་རྩ་གཅིག་ཚིགས་བཅད་ནང་བཀོད་པ་རྣམས་སྐལ་བཟང་དོན་གྲུབ་ཀྱི་མཛའ་མོ་ཤ་སྟག་ཡིན་འདུག་ལ། དེ་ལས་གཞན་པ་ནི་སྐལ་བཟང་ཁོ་རང་དང་བཀྲ་ཤིས་ཚེ་རིང་དང་། ཚེ་རིང་དོན་གྲུབ། ཨ་ཁུ་རྡོ་རྗེ་བཀྲ་ཤིས་བཅས་ནི་མི་སྣ་གཙོ་བོ་བཟུང་ནས་བྲིས་འདུག གསུམ་པ། སྒྲུང་འདི་བཀླགས་ནས་ཕན་ཐོགས་ཀྱི་སྐོར། ངས་དཔེ་དེབ་འདི་ཐོག་མར་ལག་ཏུ་ལེན་སྐབས། རེ་བ་ཅི་ཡོད་མི་ཤེས་པའི་ཚོར་སྣང་བྱུང་། ངས་ཀློག་འདོད་ཆེན་པོ་ཡོད་ནའང་། རང་ཉིད་ཀྱིས་གོ་རྟོགས་དང་ནུས་པ་ཇི་ཙམ་ཞིག་ཐོབ་ཐུབ་མིན་ཐད་དོགས་པ་ཞིག་ཀྱང་རང་བཞིན་གྱིས་སྐྱེས་ནས་སླེབས་སོང་མོད། འོན་ཀྱང་། ངས་ཨུ་ཚུགས་ཀྱིས་མུ་མཐུད་ནས་་བཀླགས་པ་ན། རང་ཉིད་ཀྱི་གོ་རྟོགས་དང་ནུས་པ་གཉིས་ཀར་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་པ་མཐོང་བྱུང་། ངས་ཐོག་མར་དོ་སྣང་བྱུང་བའི་གནད་དོན་དང་པོ་ནི། རང་གི་མིང་ཚིག་གི་ཤེས་ཚད་ཡར་རྒྱས་ཕྱིན་པ་དེ་རེད། ངས་ཇི་ཙམ་མང་བ་ཀློག་པ་དེ་ཙམ་གྱིས་སྔར་མཐོང་མ་མྱོང་བའི་མིང་ཚིག་མང་དུ་འཕྲད་ཀྱི་འདུག ངས་རྒྱུས་མངའ་མེད་པའི་མིང་ཚིག་རྣམས་འཚོལ་བར་ཆེད་འབད་བརྩོན་བྱས་པ་དང་། དེའི་འབྲས་བུར་རང་གི་མིང་ཚིག་གི་མཛོད་ནང་དུ་མིང་ཚིག་གསར་པ་མང་པོ་བསྣན་ཐུབ་པ་བྱུང་། དཔེ་དེབ་འདིས་ངའི་བསམ་བློ་དང་མཐོང་རྒྱ་བསམ་ཡུལ་ལས་འདས་པའི་ཆེ་རུ་བཏང་སོང་། ལེའུ་རེ་རེ་ཀློག་སྐབས་ངས་རྒྱུས་མངའ་མེད་པའི་བརྗོད་གཞི་དང་ལྟ་ཚུལ་གསར་པ་ཤེས་རྟོགས་བྱུང་སོང་། དཔེ་དེབ་གཅིག་གིས་བསམ་བློ་དང་། དངོས་དོན། ལྟ་ཚུལ་བཅས་ཀྱི་འཇིག་རྟེན་གསར་པ་ཞིག་གི་སྒོ་མོ་ཕྱེ་བ་ནི་ངོ་མཚར་ཆེ་བ་ལ་ཨང་བསམ་བྱུང་། མཐར་ང་ལ་ཤེས་བྱ་གསར་པ་མང་པོ་ཞིག་ཐོབ་པ་དང་མཉམ་དུ་སྤོབས་པ་ཡང་ཇེ་ཆེར་ཕྱིན། ད་ཆ་ངས་དེབ་འདིའི་བརྗོད་གཞི་དང་འབྲེལ་བའི་བརྗོད་གཞི་ཁག་གི་སྐོར་ལ་གླེང་མོལ་བྱེད་སྐབས་སེམས་ཀྱི་ཞི་བདེ་རྙེད་སོང་། མཇུག་བསྡོམས་སུ། དཔེ་དེབ་འདི་བཀླགས་ནས་ང་ལ་གྲུབ་འབྲས་ཆེ་བའི་ཉམས་མྱོང་མང་པོ་ཞིག་རེག་བྱུང། ངས་རང་གི་ཤེས་ཡོན་རྒྱ་བསྐྱེད་བྱས་པ་ཙམ་མ་ཡིན་པར། དཔྱད་ཞིབ་བྱེད་རྒྱུའི་བསམ་བློའི་ནུས་རྩལ་ཡང་གོང་འཕེལ་བཏང་ཐུབ་པ་བྱུང་སོང་། དེ་བཞིན་ཚིག་ཀྱང་ཕྱུག་ཏུ་ཕྱིན་པ་དང་ངས་མུ་མཐུད་དེ་དཔེ་དེབ་ཀློག་པའི་ལམ་བུར་ཞུགས་ནས་རང་ཉིད་གང་ཙམ་སླེབས་ཐུབ་མིན་ལྟ་རྒྱུར་དགའ་སྒུག་ཆེ་ཤིན་ཏུ་ཆེ། བཞི་བ། སྒྲུང་གི་ཚིག་གསར། ལྔ་བ། […]
བཀའ་སློབ་སྙིང་གི་ནོར་བུ།
བསྟན་འཛིན་འཇམ་དབྱངས།འཛིན་གྲྭ་དགུ་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ། གསུང་མཁན། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག ཕྱོགས་སྒྲིག་དང་ཟུར་འདོན་བྱེད་མཁན། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། བསྟན་དོན་གཙོ་བོ། དཔེ་ཆ་འདི་ནི་ཀློག་བདེ་ཞིང་ནང་དོན་ཤེས་སླ་བ། ཐུང་ཐུང་ཡིན་ན་ཡང་། བསླབ་བྱའི་ནང་དོན་རྒྱ་ཆེ་ལ་དོན་ཟབ་པ། དཔེར་ན། གནང་ཡུལ། སློབ་གྲྭ་ཁག་དང་ཚོགས་པ། སྐྱིད་སྡུག་ཁག མཐོ་སློབ། ཤེས་ཡོན་ཅན། དགེ་རྒན་དང་ལས་བྱེད་ལ་སོགས་ལ་གནང་བ་རྐྱང་རྐྱང་རེད་འདུག ཤེས་ཡོན་དང་། བཟང་སྤྱོད། ཡུལ་སྲོལ་གོམས་གཤིས། གཞན་ཕན་ལྷག་བསམ་སོགས་ཧ་ཅང་མང་པོ་འདུག སྡེ་ཚན། བཀའ་སློབ་འདིའི་ནང་སྡེ་ཚན་ཀ་ནས་ཐ་བར་དབྱེ་བ་ཕྱེ་ནས་ནང་གསེས་དབྱེ་བ་མི་འདྲ་བ་མང་པོ་ཡོད་པ་མ་ཟད། ནང་དོན་ཆ་ནས་རིགས་མི་འདྲ་བ་ཧ་ཅང་མང་པོ་འདུག དེ་ཡང་གཙོང་བོ་༸གོང་ས་མཆོག་གིས་རྒྱ་གར་ས་གནས་མི་འདྲ་བར་དང་། ཟླ་ཚེས་མི་འདྲ་བར་གནང་བའི་བཀའ་སློབ་རེད་འདུག དཔེར་ན། སྡེ་ཚན་ཀ་པ་བཟང་སྤྱོད་ལམ་སྟོན། ཞི་བདེའི་བསྟི་གནས་དང་། ཡ་རབས་སྤྱོད་བཟང་། ཕྱི་ལོ་ ༡༩༩༤ ཟླ་བ་ ༤ ཚེས་ ༡ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཞི་པའི་ཐོག་སྩལ་བའི་བཀའ་སློབ། འདི་ལྟ་བུའི་བཀའ་སློབ་མི་འདྲ་བ་མང་པོ་འདུག ངས་ངོ་དེབ་ཐོག་རེས་གཟའ་ལྷག་པར་ལྷག་དཀར་སྲུང་བརྩིའི་ཆེད་དེབ་བཀླགས་ནས་འགྲེམས་སྤེལ་ཡང་ཞུ་ཡི་ཡོད། (དེབ་འདིར་ཤོག་གྲངས། ༣༢༣ འདུག) ཚིག་གསར། བསྟི་གནས། ལེགས་སྐྱེས། ཞབས་འདེན། གདེང་སྤོབས། ཁོག་ཡངས། རྒྱས་སྤྲོས། ཁུར་མཉམ་ལེན། མངའ་ཐང། སེམས་རྒྱུད། བློ་བག་ཡངས་པོ། མངའ་ཐང་། བློ་གཟུ་པོ། […]
སོར་མོའི་ཕྲེང་བ་ཅན།
བསྟན་འཛིན་དབྱངས་སྒྲོན།འཛིན་གྲྭ་དགུ་པ། སཾ་བྷོ་ཊ་གུ་རུ་པུ་ར། བོད་སྒྱུར་བ། ཨཙཱརྱ་ཀརྨ་སྨོན་ལམ། སྒྲུང་གི་ནང་དོན་སྙིང་བསྡུས། ཆེས་སྔ་མོ་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་དང་། གཉན་ཡོད་ཀྱི་རྒྱལ་པོ་གསལ་རྒྱལ་གྱིས་ཡུལ་ཀོ་ས་ལར་དབང་སྒྱུར་བའི་དུས་ན། མཚན་གཅིག་རྒྱལ་པོ་སྐུ་གཟུགས་ལྷོད་ཞིང་བདེ་བའི་ངང་གཉིད་ལ་རོལ་བཞིན་པའི་སྐབས། གློ་བུར་དུ་རང་ཉིད་ཀྱི་མལ་ཁང་འོད་ཀྱིས་ཁེངས་པར་བརྟེན་གཉིད་ལས་སད་པ་རེད། རྒྱལ་པོ་ལམ་སེང་རང་ཉིད་ཀྱི་མལ་ལས་ལངས་ཏེ་ཡ་མཚན་སྐྱེས་ཏེ་ཡུད་ཙམ་རིང་བསམ་བློ་ཞིབ་མོ་ཞིག་གཏང་། འོན་ཀྱང་། སྣང་བ་ཐམས་ཅད་རང་ཡལ་དུ་སོང་བས་ཁོས་སོ་སོའི་སྣང་བ་འཁྲུལ་བ་རེད་སྙམ་པ་རེད། ཡིན་ན་ཡང་། སང་ཞོགས་མདང་ནུབ་གང་བྱུང་བའི་དོགས་པ་རྣམས་ཡལ་ཟིན། ཁ་སང་མཚན་མོར་རང་ཉིད་ཀྱི་མཆོད་གནས་ལ་བུ་ཕྲུག་ཅིག་འཁྲུངས་པ་རེད། ཡ་མཚན་ཞིག་ལ་བྱིས་པ་དེ་བཙས་མ་ཐག་ཏུ་ལུང་པ་དེའི་ནང་གི་མཚོན་ཆ་དག་ལས་ཡ་མཚན་ཅན་གྱི་འོད་ཟེར་འཕྲོ་བ་མཐོང་འདུག དེ་ནས་ཉིན་ཞིག་གི་ཞོགས་པ་ཕ་དེས་མཚན་མཁན་ལ་བསྟན་ནས་གཏམ་ངན་ཞིག་ཐོས། དེ་ནི་བྱིས་ཆུང་དེ་ནར་སོན་སྐབས་མི་གསོད་ལག་དམར་ཉེས་ཅན་པ་ཞིག་ཏུ་གྱུར་ཏེ་དེ་གའི་ཡུལ་གྱི་ཉེས་མེད་མི་སེར་རྣམས་ལ་འཚེ་བ་བྱེད་མཁན་ཞིག་ཏུ་ཆགས་ཀྱི་རེད་གསུངས། དེ་ནས་མཆོད་གནས་དེ་རྒྱལ་པོའི་སར་བཅར་ནས། མཚན་མཁན་གྱིས་གང་གསུངས་པ་དེ་དྲང་བདེན་ངང་བཤད་དེ། རང་ཉིད་ཀྱི་ཕྲུ་གུའི་ཚེ་སྲོག་བློས་གཏོང་བྱེད་ཀྱི་ཡིན་ཞེས་བཤད། ཡིན་ན་ཡང་། རྒྱལ་པོས་ལུང་བསྟན་པ་རྣམས་ཆ་ཚང་བདེན་པ་མ་ཡིན་ཞིང་། ད་དུང་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཡོད་ཅེས་གསུངས་པ་ཁོས་ཐོས་བྱུང་བས། བྱིས་པ་དེ་གསོ་སྐྱོང་ཡག་པོ་དང་བྱམས་སྙིང་རྗེ་ལྡན་པ་ཞིག་བཟོ་དགོས་བཅས་བཀའ་གནང་། དེ་ནས་ཕ་དེ་ཡིས་སོ་སོའི་ཕྲུ་གུ་ལ་ཤེས་བྱའི་ལྡུམ་རྭ་སྐྲུན་ནས་བུ་དེས་རིག་རྩལ་སྣ་ཚོགས་སྦྱངས་བ་མ་ཟད། སངས་རྒྱས་ཀྱི་གསུང་རབ་དག་ལ་བརྩོན་འགྲུས་ཀྱིས་གོ་ཆ་བསྟན་པོས་འབད་ཀྱི་ཡོད། དེ་ནས་མི་གདུང་བ་ནར་སོན་ཏེ་ཡུལ་གཞན་ཞིག་ཏུ་སློབ་སྦྱོང་བྱེད་སྦྱང་དུ་ཕྱིན། ཁོ་ཡུལ་རྡོ་འཇོག་དུ་སླེབས་ནས་སློབ་དཔོན་མཁས་པ་ཞིག་གི་དྲུང་ནས་རིག་རྩལ་རྣམས་བྱང་ཆུབ་པར་སྦྱངས་ནས་ཕུལ་བྱུང་སློབ་མ་ཞིག་ཏུ་གྱུར། ཡིན་ན་ཡང་། སློབ་མ་གཞན་རྣམས་མི་གདུང་བའི་རིག་སྟོབས་ལ་ཕྲག་དོག་སྐྱེས་ནས། ཁོང་ཚོས་མི་གདུང་བ་དང་རྒན་ལགས་དབར་དཀྲུག་ཤིང་བྱུས་ངན་བཤམས་ཏེ་མཐར་བྱུས་ངན་དེ་བསྒྲུབས་ཏེ། རྒན་ལགས་དེ་ཡིས་རང་ཉིད་ཀྱི་ངག་རྒྱལ་གྱི་གོ་འཕང་མཐོ་དྲག་ནས་མི་གདུང་བ་ལ། མིའི་ལག་པ་གཡས་ཕྱོགས་ཀྱི་མཐེ་བོང་༡༠༨ ཡོད་པའི་ཕྲེང་བ་ཞིག་བཟོས་ན་ཁོ་ལ་ནུས་པ་གཞན་དང་མི་འདྲ་བ་ཐོབ་སྲིད་པ་དང་། ད་དུང་མི་འདས་པ་རྣམས་གསོ་ཐུབ་པའི་ནུས་པ་ཡང་ཐོབ་ཀྱི་རེད། ཅེས་བཀའ་ངན་ཞིག་རྩལ། མི་གདུང་བ་ནི་རང་གི་སློབ་དཔོན་གྱིས་གང་གསུངས་བ་རྣམས་བློ་དཀར་གྱིས་རྗེས་སུ་འབྲང་མཁན་ཞིག་ཡིན་པས། ཁོས་ལས་ངན་དེ་བྱེད་འགོ་བཙུགས། ཁོས་བྱམས་སྙིང་རྗེ་དང་བྲལ་ནས་ཉེས་མེད་མི་སེར་མང་པོའི་སྲོག་བཅད་ནས་ཁྲག་དྲི་དྲོ་བའི་ནགས་ཚལ་ནང་མི་མཐའ་མ་ཞིག་གིས་མརྫུབ་མོ་དགོས་པའི་སྐབས། སྙི་རྗེ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དང་འཕྲད། ཁོས་རང་གི་ཤུགས་ཡོད་ཚད་ཀྱི་རྒྱུགས་ཀྱང་སངས་རྒྱས་རྗེས་མ་ཟིན། མཐར་ཁོས་སངས་རྒྱས་ལ་སྡོད་དང་བཅས་ཞུ་བ་བརྒྱབ། སངས་རྒྱས་ནི་རྟག་ཏུ་སྡོད་ཡོད་པ་དང་མི་སྡོད་པ་དེ་ཁོ་ཡིན། སངས་རྒྱས་ནི་ཉོན་སྒྲིབ་དང་ཆོགས་ཤེས་ཆ་ཚང་སྤངས་ཚར་བ་དང་། མི་གདུང་བ་ནི་སྡིག་པའི་ཁེངས་ནས་མི་སྡོད་པར་མི་གསོད་པའི་ལས་བྱེད་ཀྱི་ཡོད། དེ་ནས་སངས་རྒྱས་ཀྱི་གདམས་ངག་ཉན་རྗེས་ཚུལ་ཁྲིམས་ཀྱི་སྡོམ་པ་བཞེས་ནས་ནང་པའི་ཆོས་དང་རིག་གནས་ལ་བྱང་ཆུབ་པར་སྦྱངས། འོན་ཀྱང་། རྒྱལ་པའི་བློན་པོ་རྣམས་མི་གདུང་བ་བཙན་བཟུང་བྱེད་དུ་སླེབ་སྐབས་མི་གདུང་བ་བཙུན་པ་ཞིག་ཡིན་པ་ཤེས་པས་ཁོང་རྣམས་པས་གློད་བཏང་བ་རེད། ཉིན་ཞིག་མི་གདུང་བ་གྲོང་གསེབ་ནང་བཟས་ཚོལ་བར་འགྲོ་སྐབས་སྐྱེས་པ་མང་པོ་ཡོངས་ཏེ་ཁོང་ལ་ཉེས་རྡུང་དྲག་པོ་བཏང་། ཁོང་ལ་རྨས་སྐྱོན་དྲག་པོ་ཕོག་པས་མཐར་ཁོང་ཚེལས་འདས་སོ། མྱོང་ཚོར། སྒྲུང་དེབ་འདི་བཀླགས་པའི་རྗེས་སུ་སེམས་ལ་ཚོར་བ་ཤུགས་ཆེན་པོ་ཞིག་སྐྱེས་བྱུང་། དེ་ནི་གལ་སྲིད་ཁྱེད་ལ་དགེ་རྒན་བཟང་པོ་ཞིག་མ་འཕྲད་ན་སོ་སོའི་མི་ཚེ་སྟོང་ཟད་དུ་འགྲོ་བ་མ་ཟད། མུན་ནག་གི་ཁྲོད་ཁྱར་ཁྱོར་གྱི་གོམ་སྟབས་སྤོ་བཞིན་པ་གཉིས་སུ་མ་མཆིས། […]
ང་རྒྱལ་ཅན་གྱི་བོང་བུ།
བསྟན་འཛིན་ཆོས་སྐྱིད།འཛིན་གྲྭ་བཅུ་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ། རྩོམ་པ་པོ། བསྟན་འཛིན་ཆོས་སྐྱིད། མི་སྣ་གཙོ་བོ། བོང་བུ། འཇིམ་བཟོ་བ། སྐུ། སྒྲུང་གི་ནང་དོན་སྙིང་བསྡུས། ཉིན་ཞིག་འཇིམ་བཟོ་བ་ཞིག་ཁོ་རང་གིས་བཟོས་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་འདྲ་ཞིག་མི་ཚང་ཕྱུག་པོ་ཞིག་གི་ནང་དུ་སྐྱེལ་དགོས་ཀྱི་ཡོད་པས། ཁོས་སྟོན་པའི་སྐུ་འདྲ་དེ་རང་གི་བོང་བུ་ཞིག་གི་སྒང་ལ་བཀལ་བ་རེད། ལམ་ཁ་འགྲོ་དུས་མི་མང་པོས་སྟོན་པའི་སྐུ་འདྲ་ལ་ཡིད་སྨོན་དང་དད་པ་སྐྱེས་ནས་སྐུ་འདྲ་ཡོད་སར་ཡོང་ནས་གུས་བཀུར་ཞུས། གླེན་རྟགས་ཅན་གྱི་བོང་བུས་བསམས་པར་མི་དེ་ཚོ་ཁོ་ལ་གུས་བཀུར་དང་ཕྱག་འཚལ་གྱི་འདུག་དྲན་ནས་ཟམ་ཁ་ལ་མ་ཕྱིན་པར་བསྒུགས་ནས་བསྡད། འཇིམ་བཟོ་བས་རྒྱུག་པ་མཁྲེགས་པོ་ཞིག་བླངས་ནས་རྐུབ་ལ་ཁ་ཤས་ཤིག་གཞུས་ནས་བོང་བུ་ན་ཟུག་གིས་རང་ཉིད་མིན་པར་ངོས་གསལ་བྱུང་། བོད་ཀྱི་གཏམ་དཔེར། ལྐུགས་པའི་ལྐུགས་རྟགས་མ་བསྟན་ན། རྒྱལ་པོའི་སྲས་དང་ནོར་ཉེན་ཡོད། ཚིག་གསར། དགོས་གལ། བྲག་ཅ། ཡོང་ཁུངས། སྤྱང་ཀི་འདོད་རྔམ་ཅན། རྩོམ་པ་པོ། པད་མ་རྒྱལ་མཚན། མི་སྣ་གཙོ་བོ། སྤྱང་ཀི། བུ་ཞིག སྒྲུང་གི་ནང་དོན་སྙིང་བསྡུས། གནའ་སྔ་མོ་ཞིག་ལ་སྐྱིད་གྲོང་གི་ནགས་གསེབ་ཀྱི་ནང་ལ་ཉི་མ་ཁ་ཤས་རིང་ལྟོ་མ་རག་པའི་སྤྱང་ཀི་ཞིག་ཡོད། ཁོ་གྲོད་ཁོག་ལྟོགས་ནས་ག་ས་ག་ལ་ཁ་ལག་བཙལ་བར་ཕྱིན་ཡང་ཁོ་ལ་ཁ་ལག་གང་ཡང་མ་རག་པ་རེད། མཐའ་མ་དེར་ཤིང་སྡོང་བཅད་པའི་བུ་གའི་ནང་ནས་ཁོ་ལ་བག་ལེབ་ཁ་ཤས་དང་ཤ་རྡོག་ཆེན་པོ་ཞིག་རྙེད་པ་རེད། དེ་ནས་ཁོ་ཤིང་སྡོང་གི་བུ་གའི་ནང་དུ་ཨུ་ཚུགས་ཀྱིས་བཙིར་ནས་ཡར་འཛུལ་བ་རེད། ཁོས་ཤ་རྡོག་དང་བག་ལེབ་ཆ་ཚང་བཟས་པ་རེད། བག་ལེབ་དེ་ནི་ཤིང་མཁན་ཞིག་གི་ཉིན་གུང་ཁ་ལག་ཡིན་པ་རེད། གང་འཚམས་ནས་ཤིང་མཁན་དེ་ཉིན་གུང་ཁ་ལག་བཟའ་གར་སླེབས། ཁོས་ཤིང་སྡོང་གི་བུ་གའི་ནང་དུ་ཁ་ལག་གི་ཚབ་ལ་སྤྱང་ཀི་ཞིག་ཡོད་པ་མཐོང་། སྤྱང་ཀིས་ཤིང་མཁན་མཐོང་བ་དང་བུ་གའི་ཕྱི་ལ་མར་འཐོན་རྩིས་བྱས། ཡིན་ནའང་། སྤྱང་ཀྱིས་བག་ལེབ་བཟས་དྲགས་པར་བརྟེན་ཁོང་གྲོད་པ་ཁེངས་ནས་བུ་གའི་ཕྱི་རུ་འཐོན་མ་ཐུབ། དེ་ནས་ཤིང་མཁན་གྱི་སྤྱང་ཀི་ལ་ཉེས་རྡུང་ཚ་ཐག་ཆོད་ཅིག་བཏང་བ་རེད། བོད་ཀྱི་གཏམ་དཔེར། ལག་མི་གཙང་མི་ཁྱུར་མི་འཚུད། ཚིག་གསར། ལྕང་ལོ། ཐོང་གཤོལ། ཤ་རྡོག བུ་ག འདི་ང་ལ་མི་དགོས། མི་སྣ་གཙོ་བོ། ཨ་མ། བུ་མོ་གཉིས། སྒྲུང་གི་ནང་དོན་སྙིང་བསྡུས། ཨ་མ་སྒྲོལ་མ་ལགས་སུ་བུ་མོ་གཉིས་ཡོད། ཉིན་ཞིག་ཨ་མས་བུ་མོ་རྒན་པ་ལ་ཕྱུ་པ་ཞིག་ཉོ་རུ་ཕྱིན། ཨ་མས་བུ་མོ་རྒན་པ་ལ་ཕྱུ་པ་ག་འདྲ་ཞིག་དགོས་པ་དེ་གདམ་ལབ། […]
གསེར་ཉ་ཆུང་ཆུང་།
འཆི་མེད་ལྷ་མོ།འཛིན་གྲྭ་བཅུ་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ། རྩོམ་པ་པོ། སྙེ་ཐང་འཇོལ་མོ། སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་རྒྱ་མཚོ་ཆེན་པོ་ཞིག་ནང་ཉ་ཁྱུ་ཚོགས་ཤིག་གནས་སྡོད་བྱེད་ཀྱི་ཡོད། དེའི་ནང་ལ་གསེར་ཉ་ཆུང་ཆུང་ཞིག་ཡང་ཡོད། གསེར་ཉ་དེ་ནི་ནམ་རྒྱུན་ནས་ཧ་ཅང་སྐྱིད་པོ་སྡོད་ཀྱི་ཡོད་པ་དང་། མཚོའི་ནང་གི་སེམས་ཅན་མཉམ་དུ་ཧ་ཅང་མཐུན་པོ་ཡང་ཡོད། ཉིན་ཞིག་ཁོང་ཚོ་ཚང་མ་དུས་རྒྱུན་ལྟར་སྐྱིད་པོ་བྱས་ནས་བསྡད་ཡོད་དུས། འབྱུང་བཞི་འཁྲུགས་པའི་རྐྱེན་གྱིས་ཆུའི་ནང་ས་ཡོམ་ཧ་ཅང་ཤུགས་ཆེན་པོ་བརྒྱབ་ནས་སེམས་ཅན་ཚང་མ་ས་ཆ་ག་སར་ཁྱེར་ཕྱིན། གསེར་ཉ་དེ་ནི་ནུབ་ཕྱོགས་ཀྱི་བྱེ་ཐང་ལ་སླེབས་ཡོད་པ་རེད། ཁོ་ནི་ལུས་ན་ཟུག་བརྒྱབ་སྟེ་ཡར་ལངས་མ་ཐུབ་ནས་ལྷག གང་ཙམ་ནས་བུ་སེམས་བཟང་གཉིས་ཀྱི་ཁོ་ཆུའི་ནང་དུ་གློད། ཉ་དེ་ཆུའི་ནང་ལ་གཟུགས་པོ་ཉིན་རེ་བཞིན་དྲག་སྐྱེད་བྱུང་བ་དང་རང་གི་གནས་ལ་ཕྱིན། ཁོང་ཚོ་སེམས་ཅན་ཁ་ཤས་སྲོག་ཤོར་ཡོད་པ་དང་། ཁ་ཤས་རྐང་ལག་སོགས་ལ་རྨས་སྐྱོན་ཤོར་བའི་གནས་སྟངས་མཐོང་དུས་ཉ་ཆུང་ཆུང་དེ་སེམས་པ་དགའ་སྐྱོ་གཉིས་ལྡན་བྱུང་བ་རེད། ཚིག་གསར། དྲག་སྐྱེད། གོད་ཆགས། དངངས་སྐྲག ཕར་འཁྱོམ་ཚུར་འཁྱོམ། བུ་ཆུང་བསྟན་འཛིན་གྱི་ལས་དབང་། རྩོམ་པ་པོ། སྙེ་ཐང་འཇོལ་མོ། སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་ལུང་པ་ཞིག་གི་ནང་མ་བུ་གཉིས་གནས་སྡོད་བྱེད་ཀྱི་ཡོད། ཨ་མ་སྒྲོལ་མ་ལགས་ལོ་ན་ཆུང་དུས་ཚོང་ཙག་ཙིག་བརྒྱབ་ནས་མ་བུ་གཉིས་འཚོ་བ་སྐྱེལ་གྱི་ཡོད། ཨ་མ་ལགས་ལོ་ན་ཆེ་རུ་འགྲོ་བ་དང་ན་ཚ་མང་དུ་ཕྱིན་པས། བུ་ཆུང་གི་བསམ་པར་ཨ་མ་ལོ་ན་ཆེ་བ་དང་རྒྱུན་དུ་ཡང་ཡང་སྙུང་གི་འདུག་པས། ཁོས་སྔོ་ཚལ་དང་ལ་ཕུག་སོགས་ཁྱེར་ནས་ཁྲོམ་ལ་བཙོངས་ནས་ནང་གི་མཁོ་ཆས་སོགས་ཉོ་དགོས་བསམས། ཁོས་དེ་འདྲ་བཙོངས་ཀྱང་དངུལ་དེས་ནང་གི་མཁོ་ཆས་མ་གཏོགས་ཁོ་རང་གི་དགའ་བའི་གོས་དང་ཐ་ན་རྔན་པ་ཉུང་ཙམ་ཡང་ཉོ་ཐུབ་ཀྱི་མེད། ཉིན་ཞིག་ཁོ་ལམ་ཟུར་ནས་རྒྱན་ལྟར་ཚལ་བཙོངས་ནས་སྡོད་དུས། སློབ་ཕྲུག་ཁ་ཤས་མཐོང་བ་དང་ཁོའི་མིག་ནང་འཆི་མས་ཁེངས། ཡིན་ན་ཡང་། ཁོའི་རང་གི་གནས་སྟངས་ཤེས་པས་ནང་ལ་ལོག་ནས་ཨ་མར་ནད་གཡོག་རྒྱུག་པ་རེད། སང་ཞོགས་ཁོ་ནམ་རྒྱུན་ལྟར་ལམ་ཟུར་ལ་སྡོད་དུས་ཨ་ཅག་ལོ་ན་བཞི་བཅུ་ཞིག་དང་ཕྲད། ཨ་ཅག་གིས་ཁོའི་སྒྲུང་ཉན་པ་དང་། ཁོ་ལ་སྙིང་རྗེ་སྙམས་ཏེ་ཁོ་ལ་རོགས་པ་བྱས་པ་རེད། དེ་ནས་ཁོ་སློབ་གྲྭར་འགྲོ་བ་མ་ཟད་ད་ཆའི་ཐོག་ལས་ཁུངས་ལ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཨ་མ་ཡང་ཡག་པོ་དྲག་ཡོད་པས་ད་ཆ་མ་བུ་གཉིས་འཚོ་བ་སྐྱིད་པོར་རོལ་རྒྱུ་བྱུང་བ་རེད། ཚིག་གསར། ཙག་ཙིག ཁྲོམ་གཞུང་། དྲུང་ཆེ། མཁོ་ཆས། རེ་སྐུལ། སློབ་གྲྭ། རྩོམ་པ་པོ། སྙེ་ཐང་འཇོལ་མོ། སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་སློབ་འབྲིང་ཞིག་གི་ནང་ཁྱིམ་ཚང་ཕྱུག་པོ་ཞིག་གི་བུ་བཀྲ་ཤིས་ཟེར་བ་ཞིག་ཡོད། ཁོའི་དངུལ་རྣམས་ཟ་རྒྱུའི་རིགས་དང་རྩེད་ཆས་ལ་གཏོང་གི་ཡོད། ཁོས་རྒྱུན་དུ་སློབ་སྦྱོང་ལ་དོ་སྣང་མ་བྱས་པ་མ་ཟད་ནང་སྦྱོང་བསྐུར་ཡང་བྲིས་མྱོང་མེད། ཁོས་དཔོད་བྲིས་གཏོང་སྐབས་གཞན་ནས་བཤུ་ཡི་ཡོད། […]
གསེར་འོད་མ་དང་དོམ་གསུམ།
པ་སངས་སྒྲོལ་དཀར།འཛིན་གྲྭ་བཅུ་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ། རྩོམ་པ་པོ། བསམ་གླིང་ཚེ་རིང་ལྷ་མོ། སྒྲུང་གི་ནང་དོན་སྙིང་བསྡུས། གནའ་སྔ་མོ་དུས་ཤིག་ལ་བུ་མོ་ཞིག་ཡོད་པ་དང་། མོས་མོ་རང་གྱི་ཨ་མས་བཤད་པའི་སྐད་ཆ་ལ་དོ་སྣང་བྱེད་ཀྱི་མེད་པ་དང་། ཉིན་ཞིག་མོ་ཤིང་ནགས་ཁྲོད་བྲོས་ཕྱིན་ཏེ་གང་ལྟར་ནང་ལ་ལོག་པའི་ལམ་དེ་རྙེད་ཀྱི་རེད་བསམས། ཡིན་ན་ཡང་། མོས་ནང་ལ་ལོག་སའི་ལམ་དེ་དྲན་པ་བརྗེད། མོས་ཤིང་ཁང་ཆུང་ཆུང་ཞིག་མཐོང་། མོས་ཤིང་ཁང་དེའི་ནང་ལ་ཕྱིན་ནས་ཐུག་པ་བཏུངས་བ་དང་། རྐུབ་བཀྱག་སྒང་ལ་བསྡད་ནས་རྩེད་མོ་རྩེས་པའི་སྐབས་སུ་རྐུབ་བཀྱག་དེ་དུམ་བུར་ཕྱིན། དེ་རྗེས་མོ་ཉལ་ཁང་ནང་འརྫུལ་ཏེ་གཉིད་ཉལ་པ་རེད། དོན་དངོས་ཐོག་ཁང་པ་དེ་དོམ་གསུམ་གྱི་ཡིན་པ་དང་། དོམ་པ་ལགས་དང་དོམ་ཨ་མ་ལགས་དང་དོམ་ཆུང་རེད། ཁོ་ཚོ་ནང་ལ་སླེབ་སྐབས་ཁོང་ཁྲོ་ལངས་ནས་སྐད་ཤོར་བ་རེད། ཚིག་གསར། སྡུག་རུས། ཕོར་བ། གྲོགས་པོ་གསུམ། རྩོམ་པ་པོ། བུ་ཆུང་ཚེ་རིང་། སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་གྲོགས་པོ་གསུམ་ཤིང་ནགས་དཀྱིལ་དུ་འགྲོ་སྐབས། གསེར་ཡོད་པའི་དངུལ་ཁུག་ཅིག་རྙེད་པ་ན། ཁོ་ཚོ་གསུམ་དགའ་ཐག་ཆོད་ནས་བགོ་བཤའ་ཆ་སྙོམས་བརྒྱག་རྒྱུའི་ཐག་བཅོད་ཀྱང་བྱས། གང་ཙམ་ནས་ཁོ་ཚོ་ཚང་མ་གྲོད་ཁོག་ལྟོགས་པ་དང་གཅིག་ཉེ་འགྲམ་གྱི་གྲོང་བརྡལ་ནས་ཟས་བླང་དུ་བཏང་། ཁོ་ཟས་བླང་དུ་སོང་པ་སྐབས་དང་བསྟུན་ནས་གྲོགས་པོ་གཞན་གཉིས་ཁ་མཐུན་བྱས་ཏེ། ཁོ་ཚུར་སླེབས་རྗེས་བསད་ནས་གསེར་རྣམས་ཁོ་ཚོ་གཉིས་བར་མགོ་བཤའ་བརྒྱག་རྒྱུའི་གྲོད་ངན་བྱས། འོན་ཀྱང་། གྲོང་བརྡལ་ལ་འགྲོ་མཁན་དེས་གསེར་ཆ་ཚང་ཁོང་རང་ལ་ཐོབ་རྒྱུའི་ཆེད་ཁ་ལག་རྒྱགས་ཚད་བཟས། ལྷག་མ་རྣམས་ལ་དུག་བླུགས་ཏེ་ཁོ་གཉིས་ལ་སྤྲད་རྒྱུར་འཁྱེར་ཡོང་བ་དང་། ཁོ་གྲོགས་པ་གཉིས་ཡོད་སར་སླེབས་པ་དང་ཁོ་གཉིས་ཀྱིས་སྔོན་ནས་གྲ་སྒྲིག་བྱས་པ་བཞིན་ལམ་སེང་ཁོ་བསད། དེ་ནས་ཁོ་གཉིས་ཀྱིས་གསེར་མ་བགོས་སྔོན་ལ་ཁ་ལག་དེ་བཟས་པར་བརྟེན་ཁོ་རང་གཉིས་ཡང་དུག་ཕོག་སྟེ་གློ་བུར་དུ་ཤི། དེར་བརྟེན་གསེར་རྣམས་སྔར་བཞིན་བདག་མེད་དུ་རང་སར་ལུས་སོ། ཚིག་གསར། བླུགས། ཕོག རྫུན་ནམ་ཡང་མ་ཤོད། རྩོམ་པ་པོ། ཚེ་རིང་། སྒྲུང་གི་ནང་དོན་སྙིང་བསྡུས། གནའ་སྔ་མོ་ལུག་རྫི་ཆུང་ཆུང་ཞིག་ཡོད། ཁོས་ཞོགས་པ་ལུག་དང་ར་ཁྱུག་ཅིག་དེད་ནས་རྩ་བཟང་དུ་འཚོ་བར་འགྲོ་བ་དང་། དགོང་དྲོ་དེ་དག་དང་མཉམ་དུ་ལོག་ཡོང་གི་ཡོད། ཉིན་ཞིག་ཁོས་གྲོང་གསེབ་པ་རྣམས་ལ་མགོ་སྐོར་ཞིག་གཏོང་དགོས་བསམས་ནས་སྤྱང་ཀི་འདུག སྤྱང་ཀི་འདུག ཅེས་སྐད་ཤུགས་ཆེན་པོ་བརྒྱབ་པས་ཡུལ་མི་ཚང་མ་རྒྱུགས་ཡོང་། འོན་ཀྱང་། ཁོ་ཚོ་ལུག་རྫི་བའི་ཉེ་འགྲམ་དུ་སླེབ་དུས་སྤྱང་ཀི་མེད་པ་ཤེས་ཏེ་ཁ་སྐྱེངས་པའི་ངང་ལོག་དགོས་བྱུང་། ཉིན་ཞིག་སྤྱང་ཀི་དངོས་ནས་སླེབ་པའི་སྐབས་མི་རྣམས་ཀྱི་ཁོ་ལ་ཡ་མ་བྱས་པས། སྤྱང་ཀིས་ལུག་རྫི་དེ་རྨུགས་པ་མ་ཟད་ལུག་འགའ་ཤས་ཀྱང་བཟས་པ་རེད། ཚིག་གསར། གློད་གྲོལ། […]