ཐར་ལམ་སྒྲོལ་མ་ལྕང་ར།འཛིན་གྲྭ་ལྔ་པ། ཀེ་ལཱཤ་པུ་ར་སཾ་བྷོ་ཊ་ཉིན་སློབ། འཇིག་རྟེན་འཁོར་བའི་ནང་ལས་རྒྱུ་འབྲས་ཀྱིས་འཁོར་ཚར་ན་དཀའ་ངལ་དང་སྐྱིད་སྡུག་ཡོང་རྒྱུ་ཤ་སྟག་རེད། བྱས་ཙང་། འགྲོ་བ་མི་ཚང་མའི་མི་ཚེའི་ནང་དཀའ་ངལ་ཡོད། དཀའ་ངལ་དེ་གདོང་ལེན་ཐུབ་པ་དང་དཀའ་ངལ་དེ་སེལ་རྒྱུར་སློབ་སྦྱོང་དང་།ཤེས་ཡོན། བློ་གྲོས། ཡོན་ཏན་སོགས་ཚང་དགོས། དེ་ནས་གལ་ཆེ་གཅིག་ནི་ཉམས་མྱོང་ཡིན། ཉམས་མྱོང་ནི་སོ་སོའི་མི་ཚེའི་ནང་ཁྱེར་ནས་འགྲོ་ཡ་ཞིག་ཡིན། ཉམས་མྱོང་ནི་རང་ཉིད་ཀྱི་ནོར་འཁྲུལ་ནས་ལེན་ཐུབ་པ་དང་། མི་གཞན་ནས་ཡང་ལེན་ཐུབ། ཉམས་མྱོང་ནི་དེབ་ནས་ཀྱང་བསགས་ནས་རང་ཉིད་ལ་ཕན་ཐོགས་ཐུབ་པ་མ་ཟད་གཞན་ལ་ཡང་བསླབས་ན་གཞན་ལ་ཡང་ཕན། ཉམས་མྱོང་ཡོད་ན་དཀའ་ངལ་དེ་ག་འདྲ་སེལ་དགོས་མིན་ཤེས་པ་མ་ཟད། མ་འོངས་པར་དཀའ་ངལ་དེ་མ་ཕྲད་པའི་ཆེད་ཅི་ཞིག་བྱ་དགོས་པ་ཡང་ཤེས། གལ་སྲིད་མི་ཉམས་མྱོང་མ་ལེན་མཁན་ཞིག་ཡིན་ན། དཀའ་ངལ་མང་ཞིང་དཀའ་ངལ་རྣམས་ཀྱང་སེལ་མ་ཐུབ་པར་མ་ཟད་མི་ལ་ཡང་མ་ཕན། ཉམས་མྱོང་ནི་གཟབ་གཟབ་བྱས་ནས་ལེན་དགོས། མི་སྡུག་བ་ནས་ལེན་རྒྱུ་མེད། མས་བྱམས་སྐྱོང་དང་བརྩེ་བ། བསླབ་བྱ་བཅས་ཀྱི་འོག་ནས་ང་རང་སུའི་འགྲམ་ནས་ག་དུས་ག་འདྲ་བྱས་ནས་ཉམས་མྱོང་ལེན་དགོས་མིན་བསླབས་སོང་། བྱས་ཙང་། ངས་དེ་བེད་སྤྱོད་བྱས་ཏེ་མི་ཡག་པོ་ཞིག་ལ་དཔེ་བལྟས་ནས་ཉམས་མྱོང་ལེན་ཏེ་ང་རང་གི་བློ་ལ་ཉར་གི་ཡོད། ཉམས་མྱོང་ག་བར་ནས་ལེན་དགོས་པ་ཤེས་རྒྱུ་གལ་ཆེ། ཉམས་མྱོང་ནི་མི་ཡག་པོ་ནས་ལེན་དགོས། ང་རང་ཉམས་མྱོང་ལེན་སའི་མི་དང་པོ་ནི་ངའི་ཨ་མ་ཡིན། མས་བྱམས་སྐྱོང་བྱེད་སྟངས་དང་མི་ལ་རོགས་པ་བྱེད་སྟངས། བརྩེ་བ་སྤྲད་སྟངས། མི་ལ་ཡ་རབས་བྱེད་སྟངས་སོགས་ཐོགས་མར་མའི་འགྲམ་ནས་ཤེས་སོང་། ད་ལྟ་ང་ཚོ་དེ་འདྲ་ཆགས་པ་དེ་ནི་གཙོ་བོ་སྔོན་འགྲོ་ནས་ཡིན། སྔོན་འགྲོའི་རྒན་ལགས་ཀྱིས་ང་ཚོ་ཐོག་མར་གང་ཡང་མ་ཤེས་པའི་དུས་ནས་ང་ཚོ་ལ་གང་ཐུབ་ཐུབ་ཀྱིས་བསླབ་བྱ་གནང་བ་དང་། ཞ་སྨྱུག་འཇུ་སྟངས། ཡི་གེ་ཀློག་སྟངས་དང་འབྲི་སྟངས་སོགས་བསླབས་ཡོད། རྒན་ལགས་ཀྱིས་ང་ཚོ་ལ་ལས་ཀར་དབྱེ་བ་མེད་པར་དང་ཆེ་ཆུང་མེད་པར་བྱེད་དགོས་པའི་དམིགས་དཔེ་བཟང་པོ་ཞིག་བསྟན་སོང་། རྒན་ལགས་རྣམ་པས་ཕྲུ་གུ་བརྡབས་ན་སྨན་བཅོས་བྱས་པ། ང་ཚོའི་འཛིན་ཁང་གཙང་མ་བཟོས་པ། སློབ་གྲའི་ཁོར་ཡུག་གཙང་མ་ཉར་པ་སོགས་བྱེད་ཀྱི་རེད། མ་བྱན་མེད་དུས་རྒན་ལགས་ཀྱིས་ཞལ་ལག་བཟོ་ཡི་རེད། ཞོགས་པ་རྟག་པར་ང་ཚོ་ལ་ཕྱགས་མ་འཕྱག་སྟངས་བསླབས་པ་དང་མཉམ་དུ་ཡོན་ཆབ་འབུལ་སྟངས། ཁ་ལག་ཟ་དུས་མཆོད་པ་འབུལ་སྟངས་སོགས་ང་ཚོ་ལ་མང་པོ་བསླབས་སོང་། བྱས་ཙང་། ང་རང་གིས་གང་ཤེས་སོང་ལབ་ན། ང་རང་རྗེས་མ་སུ་ལ་བསླབ་བྱ་བརྒྱབ་ན་ང་རང་ཡང་དེ་ལག་བསྟར་བྱ་རྒྱུ་དང་། ལས་ལ་དབྱེ་བ་མེད་པ་ཤེས་སོང་། གལ་ཆེ་གཞན་ཞིག་ནི་ང་ཚོའི་སློབ་གྲྭ་མཐོ་བའི་རིམ་པ་ཀེལྰཤ་པུ་ར་ཡན་ལག་སློབ་གྲྭ་དེ་ཡིན། ཐོག་མར་ང་ཚོའི་སློབ་གྲྭའི་ཁོར་ཡུག་ནི་མཛེས་སྡུག་ལྡན་པ་ཞིག་དང་། དེའི་ནང་ལ་མེ་ཏོག་ཚང་མ་དྲི་ཞིམ་ཞིང་། ཚང་མ་སྙིང་རྗེ་མོ་ཡོད། དེར་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོས་བཞེངས་པའི་ཕོ་བྲང་ཡུམ་བུ་བླ་སྒང་ཆུང་ཆུང་གཞི་ཡང་ཡོད། རྒྱབ་ལ་ཐང་ཀ་ཆེན་པོ་ཞིག་དང་ཁ་ལག་ཟ་ས་ཞིག་ཡོད། ང་རང་རྗེས་མ་ཁོར་ཡུག་སྙིང་རྗེ་མོ་དང་རྩི་ཤིང་མང་པོ་ཡོད་པ་ཞིག་བཟོ་འདོད་ཆེ། ང་ཚོའི་སློབ་གྲྭའི་ཁོར་ཡུག་ནང་མང་གཙོའི་ལྟ་བ་དང་ཕྲུ་གུ་ཚང་མ་འདྲ་མཉམ་ཡིན། སྔོན་མ་ཡིན་ན། སློབ་གྲྭར་ཕྲུ་གུ་ལ་རང་དབང་ཉུང་ཉུང་དང་ཕྲུ་གུ་རྣམས་དགེ་ལགས་ལ་ཞེད་དེ་དགེ་ལགས་ཚོར་དྲི་བ་སྐུལ་མ་ཐུབ་པ་མ་ཟད་སོ་སོའི་ཚོར་བ་ཚང་མའང་བཤད་ཐུབ་ཀྱི་མེད། འོན་ཀྱང་། […]
ངའི་མཛའ་བརྩེ་ལྡན་པའི་ཨ་མ།
བསྟན་འཛིན་སྣང་མཛེས།འཛིན་གྲྭ་དྲུག་པ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ། སྤྱིར་འཇིག་རྟེན་འདིའི་ནང་ཨ་མ་ཟེར་བ་དེ་དངོས་ནས་གལ་ཆེན་པོ་རེད་འདུག གལ་སྲིད་ང་ཚོར་གྲོགས་མོ་ཞིག་དགོས་བསམས་ན་བཟོ་ཐུབ་པ་དང་། ཁ་ལག་ཞིག་དགོས་སྙམ་ན་དཀའ་ལས་བརྒྱབ་ནས་རག་ཐུབ་ཀྱི་རེད། འོན་ཀྱང་། ཨ་མ་མེད་ན་ག་པར་འཚོལ་དུ་འགྲོ་མཁན་ཡིན་ནམ། ཨ་མའི་ལས་འགན་ནི་རང་ཉིད་ཀྱི་ཕྲུ་གུར་ལྟ་སྐྱོང་ཡག་པོ་བྱ་རྒྱུ་དང་གཟུགས་པོ་བདེ་ཐང་བཟོ་རྒྱུ་དེ་རེད། ཨ་མའི་བྱམས་སྐྱོང་དང་བརྩེ་བ་ནི་ང་ཚོས་གསེར་ལྟ་བུར་རྩི་དགོས། དེ་ནང་བཞིན་གྱི་ང་ལ་ཡང་ཨ་མ་ལགས་ཤིག་ཡོད། ཁོང་ནི་དཀར་ཞིང་མཛེས་ལ་ཡིད་དུ་འོང་བ། ལག་སྙིང་རྗེ་བོ། བྱ་བྱིའུ་ལྟར་གསུངས་སྐད་ཧ་ཅང་སྙན་པོ། ཤེས་ཡོན་སློབ་སྦྱོང་ལྡན་པ། ད་དུང་ཁོ་རང་སེམས་པའང་ཡག་པོ་ཡོད། ང་ཆུང་ཆུང་སྐབས་ངས་ཨ་མར་གཟུགས་པོ་འཁྲུ་བཅུག་པ་དང་རྙོག་དྲ་མང་པོ་བཤད་ཀྱི་ཡོད། དེར་བརྟེན་ད་ལྟ་ང་དངོས་གནས་འགྱོད་པ་སྐྱེས་ཀྱི་འདུག ད་ལྟ་ཨ་མ་ལགས་ཁོང་བདེ་སྲུང་ལས་བྱེད་རེད། ཁོང་གི་སློབ་ཚན་དགའ་ཤོས་ནི་གཞས་དང་རྒྱ་ཡིག བོད་ཡིག དབྱིན་ཡིག་བཅས་རེད། ངའི་ཨ་མ་ལགས་ཀྱིས་ང་ཆུང་བྱིས་པའི་དུས་ནས་ད་བར་གསོ་སྐྱོང་གནང་རེད། རྗེས་མ་ང་ཚར་ལོངས་བྱུང་བའི་སྐབས་ཨ་མ་ལགས་ལ་ངས་ཁ་ལག་ཞིམ་པོ་ཕུལ་རྒྱུ་དང་། གླིང་སྐོར་ལ་འཁྲིད་གནང་རྒྱུ། ད་དུང་གྱོན་ཆས་སོགས་ཉོ་རྒྱུ་ང་རང་ངོས་ནས་གང་ཐུབ་ཅི་ཐུབ་གནང་རྒྱུ་དང་། དེ་བཞིན་ཨ་མ་ལགས་ལ་ཞབས་ཕྱི་དང་སྦྲགས་དྲིན་ལན་འཇལ་རྒྱུ་དེ་ངའི་མི་ཚེའི་ནང་གི་དམ་བཅའ་ཆེན་པོ་ཞིག་ཡིན། ད་དུང་ངས་ཨ་མ་ལགས་ལ་ཕྱག་རོགས་ཀྱང་ཞུ་རྒྱུ་ཡིན། ངའི་སེམས་ནང་ཨ་མ་ལགས་ངའི་སྙིང་ལྟ་བུ་རེད། བྱས་ན་ངས་ང་རང་གི་ཨ་མ་ལགས་ངོ་སྤྲོད་ཞུ་རྒྱུ་ཡིན། ཨ་མ་ལགས་ཀྱི་མཚན་ལ་ཚེ་དབྱངས་ཟེར་ཞིང་ཁོང་ད་ལྟ་དགུང་གྲངས་ ༤༣ ལ་ཕེབས་ཡོད། ངའི་ཨ་མ་ལགས་ཀྱི་ཞལ་རས་དཀར་གསལ་ཟླ་བ་དེ་ཡིད་ལ་ཉིན་ལྟར་འཁོར་གྱི་འདུག ཨ་མ་ལགས་ཀྱི་ཚོན་མདོག་དགའ་ཤོས་ནི་སྔོན་པོ་དང་རྒྱ་སྨྱུག་རེད། ངས་རི་མོ་ཆུང་ཆུང་སྤུས་ལེགས་ཤིག་བྲིས་ན་ཡང་། ངའི་ཨ་མ་ལགས་སེམས་ཧ་ཅང་སྐྱིད་པོ་བྱུང་གི་རེད། དུས་རྒྱུན་དུ་ངས་བསམ་བློ་གཏོང་དགོས་པ་དེ་ནི་ཚེ་སྔོན་ངས་ལས་ཡག་པོ་བསགས་པས་ཚེ་འདིར་ང་ཤ་ཚ་བའི་ཨ་མ་ཞིག་གི་ཁོག་པའི་ནང་ནས་སྐྱེས་པ་དེ་ང་བསོད་ནམས་དང་སྤོབས་པ་ཡིན་སྙམ་གྱི་འདུག ད་ལོ་ང་བོད་ཁྱིམ་གོ་པལ་པུར་སློབ་གྲྭའི་སློབ་ཕྲུག་ཅིག་ཡིན་པས་ང་རང་རང་ཉིད་ཀྱི་ངོས་ནས་ཨ་མ་ལགས་ལ་ཕྱག་རོགས་ཞུ་རྒྱུ་གཅིག་པུར་མ་ཡིན་པར་སློབ་སྦྱོང་ཡང་ཡག་པོ་བྱ་རྒྱུ་དང་། སྤྱོད་པ་ཡག་པོ་བྱ་རྒྱུ་དེ་ཡང་ངའི་ལས་འགན་རེད། ང་ངའི་ཨ་མ་ལགས་ཀྱི་ཁོག་པའི་ནང་ཡོད་སྐབས། ཁོང་གིས་ང་ལ་ན་ཚ་གང་ཡང་མ་ཡོང་བའི་ཆེད་དུ་ཞབས་བརྟན་བྱས་པ་དང་། ཞལ་འདོན་བཏོན་པ་སོགས་གནང་བ་དེ་ངས་ནམ་ཡང་བརྗེད་མི་སྲིད། ད་དུང་ངའི་ཨ་མ་ལགས་ཀྱིས་སོ་སོའི་ཕྲུ་གུར་ཡག་པོ་བྱེད་རྒྱུ་གཅིག་པུར་མ་ཡིན་པར་ཨ་མ་ཧ་ཅང་ཡག་པོ་གནང་གི་རེད། ངའི་མཛའ་བརྩེ་ལྡན་པའི་ཨ་མ་ནི་འཇིག་རྟེན་འདིའི་ནང་ང་ལ་བྱམས་སྐྱོང་ཡག་ཤོས་གནང་མཁན་དང་། བརྩེ་བ་མང་ཤོས་གནང་མཁན་ཞིག་ཡིན། ངའི་ཨ་མ་ལགས་ནི་ཕྱི་ལོ་ ༡༩༧༨ ཟླ ༢ ཚེས་ ༡༦ ཉིན་འཁྲུངས་པ་རེད། ད་བར་ཨ་མ་ཁྱེད་ཀྱིས་ང་ལ་གསོ་སྐྱོང་ཧ་ཅང་ཡག་པོ་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན། ཨ་མ། ས་ཕྱོགས་གང་སར་བསྐྱོད་ཀྱང་།།ཨ་མ་ཁྱེད་ཀྱི་ཞལ་རས།།ཡིད་དབང་འཕྲོག་པའི་རྣམ་པ།།སེམས་ནང་ཡང་ཡང་འཁོར་གྱི།།
བདག་གི་དྲིན་ཆེན་ཕ་མ།
པདྨ་ཚེ་རིང་།འཛིན་གྲྭ་དྲུག་པ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ། སའི་གོ་ལ་འདིའི་ཐོག་མི་ཚང་མ་ལ་དྲིན་ཆེན་ཕ་མ་གཉིས་ལས་མེད། མི་ཁ་ཤས་ལ་པ་ཕ་ཡོད་ན་ཡང་ཨ་མ་མེད། ཁ་ཤས་ལ་ཨ་མ་ཡོད་ཀྱང་པ་ཕ་མེད། འོན་ཀྱང་ཁ་ཤས་ལ་ཕ་མ་གཉིས་ཀ་ཡོད་པས་བཀའ་དྲིན་ཆེན་པོ་རྩི་དགོས་ཀྱི་ཡོད། ཨ་མས་ང་ཚོ་ཟླ་དགུ་མངལ་ནང་ཉར་བ་དང་། ཁོག་པའི་ནང་ཉར་དུས་དཀའ་ལས་ཚད་མེད་མྱོངས་རེད། ང་ཚོའི་ཆེད་དུ་ཨ་མས་དུས་གསུམ་གྱི་ཟས་དེ་ཡང་ཁོ་རང་ཚོའི་ཟ་འདོད་ཡོད་པའི་ཟས་དེ་མ་མཆོད་ནས་ཕྲུ་གུ་ལ་ཕན་པའི་ཟས་མཆོད་པ་དང་། གུས་མོ་སྐྱེས་པ་ནས་ད་བར་གསོ་སྐྱོང་ཡག་པོ་བྱས་ནས་སྡོད་མཁན་དེ་ཡང་དྲིན་ཆེན་ཕ་མ་དེ་གཉིས་ལས་མེད། ང་ཆུང་དུས་ཕ་མས་ང་ལ་ཁ་ལག་ཞིམ་རི་ཞིམ་ཚད་སྤྲད་པ་དང་། མཚན་མོ་གུས་མོ་ནད་པ་ཆགས་དུས་ཕ་མ་གཉིས་གཉིད་མ་ཁུག་ནས་ཡར་ལངས་ཏེ་ལྟ་སྐྱོང་བྱེད་ནས་བསྡད་པ་དང་། རིམ་བཞིན་ང་ཆེ་རུ་འགྲོ་དུས་ཕ་མ་གཉིས་དང་ཁ་བྲལ་ཏེ་ས་གནས་གཞན་དུ་སློབ་སྦྱོང་བྱེད་དུ་བཏང་བ་དེ་ནི་རྗེས་སུ་མི་ཚེའི་ནང་དཀའ་ངལ་མི་ཡོང་བའི་ཆེད་ཡིན། ཕ་མ་གཉིས་ལ་དགོས་རྒྱུ་དེ་ནི་ང་ནར་གསོན་ནས་མི་བཟང་པོ་ཞིག་ཆགས་རྒྱུ་དེ་རེད། ཕ་མ་རྣམས་ཀྱིས་ང་ཚོའི་ཆེད་དུ་ཉིན་མཚན་མེད་པ་ལས་ཀ་བྱེད་པ་དང་། ཆུང་དུས་ནས་བསླབ་བྱ་ཡག་པོ་རིགས་རྒྱག་གི་ཡོད། ང་ཚོས་ཕ་མ་གཉིས་ཀྱི་ཞལ་ལ་ཉན་པོ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། ཕ་མ་ལ་ཁོང་ཁྲོ་སྟོན་པ་དང་། ཕ་མ་ལ་ཁ་ལན་ལོག་ན་ཕ་མ་མགྱོགས་པོ་དབུ་སྐྲ་དཀར་པོ་སྒྱུར་བ་དང་། མགྱོགས་པོ་རྒན་ཁོག་ཆགས་ཀྱི་རེད། ད་ལྟ་བར་ཕ་མ་གཉིས་ནས་བྱམས་སྐྱོང་དང་བརྩེ་བ་སྤྲད་པ་དེ་དག་གསེར་ལྟ་བུར་རྩི་ཡི་ཡོད། ད་བར་ང་ལ་སློབ་སྦྱོང་དང་ཤེས་ཡོན་སྤྲད་པ་དེ་ངས་སེམས་ལ་བཅངས་ཡོད། ང་ཐོག་མ་ཕྱི་ལོ་ ༢༠༡༩ ལོར་བོད་ཁྱིམ་གོ་པལ་པུར་སློབ་གྲྭར་ཕ་མ་དང་ཁ་བྲལ་ནས་ཡོངས་དུས་ཉིན་ལྟར་ཕ་མ་དྲན་པ་དང་། ད་དུང་ང་རང་ཆུང་ཆུང་ཡིན་པས་མཚན་མོ་ངུ་ནས་བསྡད་ཀྱི་ཡོད། ཕ་མ་ཡི་ང་ལ་དུས་གསུམ་གྱིས་ཟས་སྤྲད་པ་དང་། ངའི་འདོད་པ་སྒྲུབ་ཆེད་ཉིན་ལྟར་སྐུ་ལས་སྐྱོན་གྱི་ཡོད། དེང་སང་ཁ་པར་གྱི་བཀའ་དྲིན་གྱིས་ཕ་མ་གཉིས་ལ་གཟའ་ཉི་མ་རྟག་པར་ཁ་པར་གཏོང་ཐུབ་ཀྱི་འདུག་པས་ཕ་མ་དང་མཉམ་དུ་ཡོད་པའི་ཚོར་བ་སླེབས་ཀྱི་འདུག འཇིག་རྟེན་འདིའི་ནང་བརྩེ་གདུང་ཆེ་མང་ཤོས་ཕྲུ་གུ་དང་ཕ་མ་དབར་ཡོད། ད་ལྟ་ང་ཚོ་ཆུང་ཆུང་ཡིན་པས་ཕ་མ་གཉིས་ཀྱིས་སྐུ་ལས་བསྐྱོན་ནས་ང་ཚོ་གསེར་ནང་བཞིན་བཞག་གི་ཡོད། རྗེས་སུ་ང་ནར་གསོན་ན་སློབ་སྦྱོང་ཡག་པོ་སྦྱངས་ནས་ལས་ཀ་བྱས་ནས་ཕ་མ་གཉིས་འཛམ་གླིང་གང་ཚང་ལ་ཁྲིད་ནས་ཁང་པ་འཛིག་པོ་རིགས་ཀྱི་ནང་བཞག་པ་དང་། ཁ་ལག་ཞིམ་རི་ཞིམ་ཚད་ཕུལ་བ་དང་། ཕ་མ་གཉིས་ཀྱི་འདོད་པ་དེ་སྒྲུབ་རྒྱུའི་ཆེད་དུ་ང་རང་སློབ་སྦྱོང་ཡག་པོ་སྦྱང་གི་ཡིན། ངས་དྲིན་ཆེན་ཕ་མ་གཉིས་ཀྱི་སེམས་ལ་བདེ་སྐྱིད་ཡོང་བའི་སྨོན་ལམ་ཡོད། ཕ་མ་རྣམས་ཀྱིས་མཚམས་མཚམས་གཤེ་གཤེ་གཏོང་དུས་སེམས་སྐྱོ་ནས་ཕ་མ་ལ་ཁོང་ཁྲོ་བསྟན་རྒྱུ་མེད། རྒྱུ་མཚན་ནི་ཁོང་ཚོས་ང་ཚོ་ལ་རྩེ་གདུང་མང་པོ་ཡོད་ཙང་ཡིན། ད་ལྟ་བར་འཇིག་བརྟེན་འདིའི་ནང་ཕྲུ་གུ་སུ་གང་གཅིག་ལ་ཕ་མ་ཡིས་གཤེ་གཤེ་མ་བཏང་བ་མེད། གང་ཡིན་ཟེར་ན་ཕ་མ་དང་ཕྲུ་གུ་བར་བརྩེ་གདུང་ཡོད། ཆུང་དུས་ང་ཕ་མ་དང་ཁ་བྲལ་ནས་སླེབས་དུས་ཨ་མས་ང་དྲན་ནས་ཉིན་ལྟར་དཀའ་ལས་ཚད་མེད་བསྐྱོན་གྱི་ཡོད། ཕ་མ་གཉིས་ཀྱིས་ངའི་རེ་བ་ཆ་ཚང་སྒྲུབ་པ་བྱས་སོང་། བྱས་ཙང་འཇིག་བརྟེན་འདིའི་ནང་ཕ་མ་ཁྱེད་གཉིས་གནས་པར་ང་རང་ཧ་ཅང་སྐྱིད་པོ་འདུག ཕ་མ་ཁྱེད་གཉིས་ཀྱིས་ང་ལ་ཟ་ཡ་འཐུང་ཡ་ཉལ་ཡ་བསྡོད་ཡ་བསླབ་པར་བརྟེན་ད་ལྟ་ང་བུ་མོ་ཡག་པོ་ཞིག་ཆགས་ཡོད། འཇིག་བརྟེན་འདིའི་ནང་ཕ་མ་ཁ་ཤས་ཀྱིས་ཕྲུ་གུ་གཡུགས་པ་དང་། ཡང་ཕ་མ་ཁ་ཤས་ཀྱིས་ཕྲུ་གུ་ལ་དུས་གསུམ་ཁ་ལག་མ་སྤྲད་པ་དང་ཆུང་ཆུང་ནས་ཕྲུ་གུ་ལ་སྣགས་པོ་བྱེད་ཀྱི་ཡོད། ཡིན་ན་ཡང་། ཕ་མ་ཁྱེད་གཉིས་ཀྱིས་ང་ལ་ང་རང་གང་འདོད་པ་ཡོད་པ་བྱེད་བཅུག་པ་དང་ད་ལྟ་བར་ང་ལ་སེམས་སྣགས་པོ་བྱས་མ་སོང་། ང་སློབ་གྲྭ་སྙིང་རྗེ་མོ་དེའི་ནང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་རག་ནས་ད་ལྟ་སློབ་སྦྱོང་བྱེད་བཞིན་ཡོད་པ་དེ་ཕ་མ་ཁྱེད་གཉིས་ཀྱི་བཀའ་དྲིན་དང་༧གོང་ས་མཆོག་གི་བཀའ་དྲིན་ཡིན། ཕ་མ་ང་གཉིས་བར་རྡོ་ལ་རི་མོ་བཀོད་པ་ལྟར་བརྩེ་བ་ཡོད། ཚིག་བཅད། འཇིག་རྟེན་དེའི་ནང་ལ་ཨ་མ་མང་པོ་ཡོད་ཀྱང་།།ང་ཡི་ཨ་མ་དགའ་ཤོས།།བསྟན་འཛིན་དཔལ་སྒྲོན་ཡིན་ནོ།། འཇིག་རྟེན་དེའི་ནང་དུ་པ་ལག་མང་པོ་ཡོད་ཀྱང་།།ང་ཡི་པ་ལགས་དགའ་ཤོས།།རྡོ་རྗེ་རྒྱལ་པོ་ཡིན་ནོ།།
བོད་ཀྱི་འབྲོག་པ།
བསྟན་འཛིན་འཕེལ་བཟང་།འཛིན་གྲྭ་དྲུག་པ། གོ་པལ་པུར་བོད་ཁྱིམ། འབྲོག་པ་ཟེར་ན། སྒོ་ཕྱུགས་སེམས་ཅན་གསོ་སྐྱོང་བྱས་ཏེ་གནས་ངེས་མེད་དུ་འཚོ་བ་སྐྱེལ་མཁན་ལ་འབྲོག་པ་ཟེར་གྱི་ཡོད། འབྲོག་པ་སྡོད་སའི་གུར་ལ་སྦྲ་གུར་ཟེར་བ་དང་། དེ་ནི་གཡག་གི་ཙིད་པའི་སྐུད་པ་འཁེལ་བ་དང་སྐུད་པའི་རེ་ལྡེ་འཐག་སྟེ་བཟོས་པ་ཞིག་ཡིན། སྦྲ་གུར་ལ་ཆེ་ཆུང་འདྲ་མིན་སྣ་ཚོགས་ཡོད། འབྲོག་པའི་ཟས་གཙོ་བོ་ནི་ཞོ་དང་། འོ་མ། མར། ཕྱུར་བ་སོགས་དཀར་ཟས་ཀྱི་རིགས་དང་། གཡག་ཤ་དང་། ལུག་ཤ་སོགས་དམར་ཟས་རིགས་ཀྱི་གཙོ་བོ་ཡིན། གཞན་ཡང་ཞིང་པས་འབྲོག་པར་རྩམ་པ་དང་། གྲོ། འབྲས་སོགས་ཞིང་པའི་སྟོན་འབྲས་དང་། འབྲོག་པས་ཞིང་པར་ཤ་དང་། མར། ཕྱུར་བ་མཁོ་འདོན་བྱས་ཏེ་བརྗེ་ཚོང་ལམ་ལུགས་ཀྱི་སྲོལ་ཡང་ཡོད། གནའ་སྔ་མོ་འབྲོག་པའི་གོས་ནི་སེམས་ཅན་གྱི་ལྤགས་པའི་བཟོས་པ་དང་། བུད་མེད་དང་སྐྱེས་པའི་གོས་ཀྱི་མཐའ་གཤམ་ལའང་མཐའ་ལྕགས་སྔོན་པོ་དང་། སེར་པོ། དཀར་པོ། དམར་པོ། ལྗང་ཁུ་བཅས་ས་ཆ་སོ་སོའི་ལུགས་སྲོལ་ལྟར་འཇའ་གཏོང་སྲོལ་ཡོད། དེ་བཞིན་སྐྱེས་པའི་གོས་ཀྱི་མཐའ་གཤམ་ལའང་སྟག་ལྤགས་དང་། གཟིག་ལྤགས། ཝ་ལྤགས། སྲམ་ལྤགས་སོགས་རྒྱན་པའི་དར་སྲོལ་ཆེན་པོ་ཡོད་ནའང་། ཕྱི་ལོ་ ༢༠༠༦ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྩ་ཆེན་སྲོག་ཆགས་སྲུང་སྐྱོབ་ཀྱི་བཀའ་སློབ་ལ་བརྟེན་ནས་སེམས་ཅན་གྱི་ལྤགས་པ་སོགས་བེད་སྤྱོད་བྱེད་རྒྱུ་མཚམས་འཇོག་བྱས་པ་རེད། འབྲོག་པ་ཕོ་མོ་ལ་ཡང་ལས་ཀ་ཁག་ཁག་ཡོད། སྐྱེད་པ་རྣམས་ཚོང་རྒྱག་ཏུ་འགྲོ་བ་དང་བུད་མེད་རྣམས་ནང་གི་ལས་ཀ་བྱེད་ཀྱི་ཡོད། གནང་སྔ་མོར་འབྲོག་པ་ཕོ་མོའི་ལས་ཀར་དབྱེ་མཚམས་འབྱེད་སྲོལ་ཡོད་ཀྱང་། དེང་སྐབས་ཕོ་མོ་ལ་དབྱེ་བ་མེད་པར་དགའ་ཕྱོགས་དང་འཇོན་ཐང་ལ་དཔག་སྟེ་ལས་ཀ་བྱེད་ཡོད། འབྲོག་པ་ལ་ང་ཚོ་ནང་བཞིན་དུས་སྟོན་ཡོད་པ་དང་དུས་སྟོན་སྐབས་འབྲོག་པ་རྣམས་དགའ་དགའ་སྤྲོ་སྤྲོ་བྱེད་བཞིན། དུས་སྟོན་སྐབས་འབྲོག་པ་རྣམས་ས་ཁུལ་གཅིག་ཏུ་འཛོམས་ཏེ་བདུན་ཕྲག་གཉིས་རིང་རྟ་རྒྱུག་དང་གཡག་རྒྱུག མི་རྒྱུ། མདའ་རྩལ། གཡག་རྡུང་ག་འགྲན་པ་བཅས་བྱེད་པ་མ་ཟད། གཞས་དང་ཞབས་བྲོ་འཁྲབ་སྟེ་དུས་སྟོན་ལ་རོལ་གྱི་ཡོད། འབྲོག་པ་རྣམས་ས་གནས་གཅིག་ཏུ་གཞིས་ཆགས་ནས་མི་སྡོད་པར། ནམ་དུས་དང་བསྟུན་ནས་རུ་སྤོར་ནས་འགྲོ་ཡི་ཡོད། དཔྱིད་ཀ་ནི་མ་མོ་ལ་ལུ་གུ་དང་། ར་མ་ལ་རེའུ། འབྲི་ལ་བེའུ་སྐྱེས་པའི་སྐབས་ཡིན་པས། བྲེལ་བ་ཆེ་ཞིང་སྒོ་ཕྱུགས་འཚོ་སྐྱོང་ལ་དཀའ་ལས་ཆེ་ཤེས་ཀྱི་དུས་ཡིན། དབྱར་ཁའི་དུས་སུ་རྩྭ་ཆུ་བཟང་བས་ནོར་ཕྱུགས་རྣམས་དེད་ནས་ས་བབ་མཐོ་སར་སྤོར་བ་དང་། ས་དེ་ལ་དབྱར་ས་ཟེར། སྟོན་ཀའི་དུས་སུ་འབྲོག་པས་ནོར་ལུག་རྣམས་ས་བབ་ཅུང་དམའ་བར་སྤར་ནས་འགྲོ་བ་དང་། དེ་དུས་དཀར་ཆུ་འོ་མ་བཟང་ཞིང་། ཤ་ཤེད་བརྒྱད་པས་འབྲོག་པ་སྐྱེས་པའི་ཚོ་ཚོང་རྒྱག་ཏུ་འགྲོ་བའི་དུས་ཚོད་ཡིན། དགུན་ཁའི་དུས་སུ་གནམ་གཤིས་ཧ་ཅང་གྲང་བས་ས་ཆ་དམའ་སར་སྡོད་ལ། ས་དེ་ལ་དགུན་ས་དང་དགུན་མཚེར་ཡང་ཟེར། […]
ཨ་མ་ལགས།
བསྟན་འཛིན་དྭངས་མཚོ།འཛིན་གྲྭ་དྲུག་པ། གོ་པལ་པུར་བོད་ཁྱིམ། སྤྱིར་བཏང་ཨ་མ་ཟེར་བ་ནི་ཕྲུ་གུར་བཀའ་དྲིན་ཆེ་ཤོས་དང་བྱམས་བརྩེ་མང་ཤོས་སྤྲོད་མཁན་གྱི་མི་ཞིག་རེད། གུས་མོའི་མི་ཚེའི་ནང་ཨ་མ་ནི་ཧ་ཅང་གི་རྩ་ཆེན་པོ་དང་། གལ་སྲིད་ཨ་མ་མེད་པ་ཡིན་ན། གུས་མོ་ཡང་མེད་པ་དང་གཅིག་པ་རེད། འཛམ་གླིང་དེ་ཡི་ནང་དུ་མི་ཁ་ཤས་ལ་ཨ་མ་མེད་པ་དང་ཁ་ཤས་ལ་པ་ལགས་ཀྱང་མེད། སོང་ཙང་སའི་གོ་ལའི་དེའི་སྟེང་ཨ་མ་དང་པ་ལགས་གཉིས་ཀ་ཡོད་པའི་ཕྲུ་གུ་དེ་ཚོ་ཧ་ཅང་གི་བསོད་ནམས་ཆེན་པོ་རེད། དེ་འདྲ་སོང་ཙང་ཕ་མ་གཉིས་ཀྱི་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་དགོས། གུས་མོ་ལ་ཆ་བཞག་ན། ཨ་མ་དང་པ་ལགས་གཉིས་ཀ་ཡོད་པའི་ཕྲུ་གུ་ཞིག་ཡིན་པས་སོ་སོ་རང་ཉིད་ཧ་ཅང་གི་བསོད་ནམས་ཆེན་པོ་ཡིན་པ་ཚོར་གྱི་འདུག ད་ལྟ་ང་ཚོ་ཨ་མ་ལགས་ཀྱི་ཉེ་འགྲམ་དུ་ཡོད་དུས་ཁོང་ལ་གུས་ཞབས་དང་། ལས་ཀ་བྱེད་དུས་རོགས་པ་སོགས་བྱེད་དགོས་པ་ནི་ཧ་ཅང་གི་གནད་འགག་ཆེན་པོ་རེད། ང་ཚོ་ཕྲུ་གུ་ཞིག་ཡིན་པ་ཆ་ནས་ཨ་མ་ལགས་ཀྱི་མི་ཚེ་དེ་ཧ་ཅང་གི་སྐྱིད་པོ་ཞིག་བཟོ་དགོས་པ་དེ་ཕྲུ་གུའི་ལས་འགན་ཞིག་རེད། ང་ལ་མཚོན་ན། ངའི་ཨ་མ་ནི་ང་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད། གང་ཡིན་ཟེར་ན། ཨ་མ་ལགས་ཀྱིས་ད་བར་དཀའ་ལས་བརྒྱབ་པའི་དངུལ་གྱིས་ང་ཚོ་གསོ་སྐྱོང་བྱེད་ཀྱི་ཡོད་པ་དང་། ཉིན་མཚན་མེད་པར་ང་ཚོའི་ཆེད་དུ་དཀའ་ལས་རྒྱག་གི་ཡོད། སོང་ཙང་ང་ཚོ་ཡང་མ་འོངས་པར་ཆེན་པོ་ཆགས་དུས་ཕ་མ་ལ་དྲིན་ལན་འཇལ་ཐུབ་པ་བྱེད་དགོས། འཛམ་གླིང་འདིའི་ནང་སྐྱེ་བོ་མང་པོ་ཡོད་ཀྱང་མི་སྣ་གཙོ་ཆེ་ཤོས་ནི་བདག་གི་ཨ་མ་ཡིན། ཨ་མས་བྱས་པའི་ལས་ཀ་དང་བྱམས་སྐྱོང་སུས་ཀྱང་འགྲན་ཐབས་མེད། ཨ་མ་ཟེར་བ་ནི་རང་ཉིད་ཀྱི་མི་ཚེའི་ནང་གི་རྒྱན་ཆ་རིན་ཐང་ཆེ་ཤོས་དང་ནམ་ཡང་ཉོ་རྒྱུ་མེད་པ་ཞིག་ཡིན། ཨ་མ་ཟེར་བ་ནི་ཐུགས་ཧ་ཅང་བཟང་ལ། ཕྲུ་གུས་ཅ་ལག་གང་འདྲ་ཞིག་བསླངས་ཀྱང་དོགས་པ་མེད་པ་ཐོག་ནས་གནང་གི་ཡོད། བདག་གི་ཨ་མ་ལགས་ཀྱིས་ང་ལ་གང་དགོས་པ་དེ་འཛུམ་དམུལ་དམུལ་གྱིས་ང་ལ་སྤྲད་ཀྱི་འདུག ཡིན་ནའང་། དེ་སྐབས་ངའི་ཨ་མ་ལགས་ཀྱིས་ང་ལ་ཁྱེད་རང་སློབ་སྦྱོང་ཡག་པོ་ཞིག་བྱེད་ཨ་ཞེས་བསླབ་བྱ་རྒྱག་གི་འདུག སོང་ཙང་གུས་མོ་ཡང་སློབ་སྦྱོང་ཡག་པོ་ཞིག་བྱས་ནས་ཕ་མ་སྤོབས་པ་སྐྱེས་དགོས་པ་ཞིག་བཟོ་རྒྱུ་ནི། གུས་མོའི་སྨོན་ལམ་དང་དམིགས་ཡུལ་གཙོ་ཆེ་ཤོས་དེ་ཡིན། ངའི་ཨ་མ་ནི་ང་རང་གི་གྲོགས་མོ་ཡག་ཤོས་དང་། ངས་ཨ་མ་ལ་གསང་བ་གང་ཡིན་ནའང་བཤད་ཀྱི་ཡོད། དེ་སྐབས་བདག་གི་སེམས་ནང་ངོ་ཚ་བ་དེ་འདྲའི་ཚོར་བ་གང་ཡང་སླེབ་ཀྱི་མི་འདུག ངའི་ཆེད་དུ་ཨ་མ་ལགས་ནི་བདག་གི་སྙིང་ལྟ་བུ་ཡིན། སྐབས་རེར་ངའི་ཨ་མ་ལགས་ཀྱིས་ང་ལ་བཀའ་བཀྱོན་གནང་བ་མ་བཟད་སྐུ་རླུང་ཡང་བཞེངས་ཀྱི་རེད། ཡིན་ནའང་། ཨ་མས་ང་ལ་ང་རང་གི་བདེ་འཇགས་དང་ཕན་ཡོན་ཆེད་བཀའ་བཀྱོན་གནང་གི་ཡོད་པས་ང་ནི་ཁོང་ལ་ཤིན་ཏུ་དགའ། གུས་མོས་བསམ་པ་ལ་འཇིག་རྟེན་འདིའི་ནང་ཨ་མ་ལགས་ནི་ལས་ཀ་མང་ཤོས་གནང་མཁན་དང་ཕྲུ་གུ་ལ་སེམས་འཁྲལ་མང་ཤོས་ཡོད་མཁན་གྱི་མི་སྣ་ཞིག་རེད་བསམ་གྱི་འདུག གུས་མོར་མུན་ནག་གི་ཁྲོད་ན་ལམ་སྟོན་གནང་མཁན་དེ་བདག་གི་སྙིང་ནས་བརྩེ་བའི་ཨ་མ་ལགས་དེ་ཡིན། ཨ་མས་ང་ལ་ཟས་ཞིམ་པོ་ཉོས་པ་དང་། ངའི་དགའ་བའི་གོས་ལོག་ཉོས་དུས་གུས་མོ་ཧ་ཅང་གི་ཐུགས་རྗེ་ཆེན་པོ་ཚོར་གྱི་འདུག གུས་མོས་བསམ་པ་ལ་སའི་གོ་ལའི་སྟེང་ཕྲུ་གུ་མང་ཆེ་བ་ལ་ཨ་མ་ཡོད་པ་དེ་སྤྱན་རས་གཟིགས་ཀྱི་ཕྲུ་གུ་རྣམས་ལ་རྔན་པ་ཞིག་རེད་བསམ་གྱི་འདུག ངའི་སྨོན་ལམ་ནི། གུས་མོ་ང་རང་ལོ་ག་ཚོར་བར་དུ་གནས་ཀྱང་ཕྲན་གྱི་ཨ་མ་ལགས་ངའི་ཉེ་འགྲམ་དུ་ཡོད་ན་བསམ་གྱི་འདུག ཡིན་ནའང་། ཉིན་གཅིག་ང་ཚོ་ཚང་མ་སོ་སོའི་ཨ་མ་དང་ཁ་འཕྲལ་དགོས་ཀྱི་ཡོད་པས། གུས་མོ་ད་ལྟ་ནས་ཧ་ཅང་སེམས་པ་སྐྱོ་ཡི་འདུག འཛམ་གླིང་འདི་ཡི་སྟེང་ཕྲུ་གུ་ཁ་ཤས་ཀྱིས་ཕ་མ་ལ་གུས་ཞབས་བྱེད་ཀྱི་མེད་པ་དང་། ཕ་མས་བཀའ་བཀྱོན་བཏང་ན་ཚིག་རྩུབ་བཤད་པ་དེ་འདྲ་བྱས་ན་ཧ་ཅང་གི་ཐབས་སྐྱོ་བོ་ཞིག་རེད། དེ་འདྲ་བྱེད་པའི་སྐབས། ང་ཚོའི་ཨ་མ་ལགས་ཀྱིས་ང་ཚོའི་ཆེད་དུ་ད་བར་གང་བྱས་པའི་དེ་ཚོ་སེམས་ནང་འཇོག་དགོས། དེ་ནི་ཤིན་ཏུ་གལ་ཆེན་པོ་རེད། ང་ཚོའི་ཨ་མ་ལགས་ཀྱིས་ད་བར་ང་ཚོ་ཕྲུ་གུ་ཆེད་བཟའ་རྒྱུ་བཏུང་རྒྱུ་དེ་འདྲའི་ཡག་པོ་དང་ཞིམ་པོ་གནང་བ་དང་། དེ་མ་ཟད་བྱམས་དང་བརྩེ་བ་དེ་འདྲ་གནང་གི་ཡོད་པས། ང་ཚོ་ཆེན་པོ་ཆགས་སྐབས་ཕ་མས་ཆུང་དུས་ང་ཚོ་ལ་ཁ་ལག་ཡག་པོ་སྤྲད་པ་དང་། […]
འཚམས་འདྲི།
པ་སངས་ལྷ་མོ།འཛིན་གྲྭ་དྲུག་པ། དྷ་སྟེང་བོད་ཁྱིམ། ཉི་མ་གསར་པ་ཞིག་འགོ་བརྩམས་དུས། རང་ཉིད་ཀྱི་ཕ་མ་དང་དགེ་རྒན་ལ་སྔོ་དྲོ་བདེ་ལེགས་ཞེས་ཞུས་ན་སུ་ཡིན་ནའང་སེམས་ཁམས་བདེ་པོ་མི་ཡོང་བ་ག་ལ་སྲིད། དེར་བརྟེན་ང་ཚོས་ངེས་པར་དུ་ངག་འཇམ་ཞི་དུལ་གྱི་སྒོ་ནས་ཞོགས་པ་བདེ་ལེགས་ཞེས་འཚམས་འདྲི་ཞུ་རྒྱུ་ངེས་པར་དུ་མ་བརྗེད་པ་གནང་དགོས། ཡག་ཤོས་བྱུང་ན་ཐོག་མར་ཕ་མ་དང་དགེ་རྒན་གྱི་སྔོན་ལ་འཚམས་འདྲི་ཞུ་དགོས། དེ་ལྟར་གནང་ན། བུ་ཕྲུག་ཚོ་ལ་འཚམས་འདྲི་ཞུ་རྒྱུའི་གོམས་གཤིས་བཟང་པོ་འཇག་ཐུབ། གལ་སྲིད་སུ་ཞིག་གིས་སྔོན་ལ་འཚམས་འདྲི་ཞུས་རྗེས་ལན་མ་སྤྲད་པར་སྣང་མེད་བཏང་ན། སུ་ཡིན་ནའང་བློ་ཕམ་ཡོང་ངེས་རེད། རྒྱུ་མཚན་གང་ཡིན་ཟེར་ན་། འཚམས་འདྲི་ཡིས་ང་ཚོ་ཕན་ཚུན་ཁས་ལེན་དང་རྩི་མཐོང་ཡོད་པ་མཚོན་གྱི་ཡོད། འཚམས་འདྲི་ནི་ཁྱིམ་ཚང་ཙམ་མ་ཡིན་པར། ཞོགས་པ་ལས་ཀ་དང་སློབ་གྲྭར་འགྲོ་བའི་སྐབས་སུ་ཁྱིམ་མཚེས་སམ་ཡང་ན། ལས་ཁུངས་གཅིག་པ། སློབ་གྲོགས་སོགས་དང་འཕྲད་ན་ཚང་མར་རང་འགུལ་ངང་ནས་ཞོགས་པ་བདེ་ལེགས་ཞུ་དགོས། ཁྱིམ་བདག་དང་དགེ་རྒན་གྱི་གཞན་ལ་འཚམས་འདྲི་བྱས་པའི་ངང་ཚུལ་ནི། འཚམས་འདྲི་ནི་མི་གཞན་ལ་བརྩི་བཀུར་བྱེད་སྟངས་ཤིག་ཡིན་པ་མ་ཟད། དེས་མི་གཞན་དང་མཛའ་མཐུན་གྱི་འབྲེལ་བ་འཛུགས་རྒྱུའི་འདུན་པ་མཚོན་པར་བྱེད་ཀྱི་ཡོད། གཞན་ཡང་། རང་ཉིད་ཁྱིམ་དུ་ཡོང་བའི་སྐབས་སུ་ཨ་མ་ལགས་ང་ལོག་སླེབས་ཡོད་ཅེས་ཞུ་དགོས་ཤིང་། ཁྱིམ་ནས་ཕ་མ་དང་སྐུ་མགྲོན། སློབ་གྲོགས་སོགས་སུ་ཞིག་ཕེབས་པའི་སྐབས་སུ་ཁྱེད་རང་ཕེབས་མཁན་ཡིན་ན་ཐུགས་འཇགས་གནང་རོགས་ཞེས་ཞུ་དགོས། ང་ཚོས་འདི་ལྟར་གཞན་ལ་ངག་ནས་སྐྱེལ་མ་དང་ཕེབས་གསུ་ཞུས་ན། ཡ་རབས་བཟང་སྤྱོད་ཀྱི་རྣམ་འགྱུར་ཇི་འདྲེའི་སྙཱིང་རྗེ་བ་ཞིག་མ་རེད་དམ། དེར་བརྟེན་སློབ་གྲོགས་ཚོ་ལ་ཞུ་རྒྱུར། ང་ཚོས་དུས་རྟག་ཏུ་གཞན་ལ་ཡ་རབས་ཀྱི་ངང་ནས་འཚམས་འདྲི་ཞུས་ན། ང་ཚོའི་སྤྱི་ཚོགས་ཀྱི་བྱང་ཚད་མཐོ་རུ་སོང་བ་མ་ཟད། འཚམས་འདྲི་ནི་མ་རྩ་ཆུང་ཆུང་ཞིག་ཡིན་པ་དང་། དེས་རང་ཉིད་དང་སྤྱི་ཚོགས་ལ་ཕན་འབྲས་ཀྱི་ནུས་པ་ནི་དངོས་གནས་ཚད་གཞལ་དཀའ་བ་ཞིག་ཡིན། ང་ཚོ་ཚང་མས་ཕན་ཚུན་འཚམས་འདྲི་ཞུ་རྒྱུ་མ་མཉེས་པ་གནང་དགོས།