Skip to main content
ཤེས་རིག་ལས་ཁུངས།

ཆོས་མི་ཤེས་ཐག་ཆོད་རེད།

ཆོས་མི་ཤེས་ཐག་ཆོད་རེད།

བསྟན་འཛིན་རྣམ་རྒྱལ།འཛིན་གྲྭ་བཅུ་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ། རྩོམ་པ་པོ། འཇམ་དབྱངས་རྒྱལ་མཚན། མི་སྣ་གཙོ་བོ། སྤོ་པོ། དམག་མི། སྙིང་བསྡུས། གཟའ་ཉི་མ་ཞིག་ལ་ལས་ཁུངས་སྲུང་མཁན་རྒྱ་ནག་གྱི་དམག་མི་ཞིག་གིས་ལྷ་ས་གཙུག་ལག་ཁང་གི་མདུན་དུ་མི་ཞིག་རྐང་འཁོར་བཞོན་ཏེ་ཁྲོམ་ལ་འཁྱམ་འཁྱམ་འགྲོ་ཡི་ཡོད་པ་མཐོང་བ་དང་། དེ་མཉམ་བོད་པའི་སྤོ་པོ་ལགས་ཤིག་གཙུག་ལག་ཁང་ལ་ཞབས་སྐོར་སྐྱོན་བཞིན་པ་མཐོང་བ་རེད། དེ་ནས་རྒྱ་མི་དེས་སྤོ་ལགས་ལ། ཁྱེད་རང་ག་རེ་བྱེད་ཀྱི་ཡོད། ཁྱེད་རང་ཁ་ལག་རང་གི་ནང་ནས་བཟས་ནས་མི་གཞན་གྱི་ཁང་པ་ལ་འགྲོ་ནས་སྐོར་བ་བྱས་ནས་ཅི་ཡིན། ཞེས་དྲིས་པས། སྤོ་པོ་ལགས་ཀྱིས་རྒྱ་མི་དེ་ཚོ་ཆོས་མི་ཤེས་ཐག་ཆོད་རེད་བསམས་ཏེ་སེམས་ཁོང་ནས་གད་མོ་ཤོར་བ་རེད། ཚིག་གསར། ཁང་སྲུང་བ། རྐང་འཁོར། འཁྱམ་འཁྱམ། ཇག་དཱིཔ་སིང་། རྩོམ་པ་པོ། འཇམ་དབྱངས་བསྟན་འཛིན། མི་སྣ་གཙོ་བོ། དགེ་རྒན། བུ་བསྟན་འཛིན། སྙིང་བསྡུས། སེམས་ཤུགས་ཆེ་བའི་ལུས་རྩལ་དགེ་རྒན་ཇག་དཱིཔ་སིང་ཞུ་བ་ཞིག་ཡོད་པ་རེད། ཉིན་ཞིག་ཁོང་ཐང་ཆད་ནས་ངལ་གསོ་རྒྱག་བཞིན་པའི་སྐབས། དེ་སློབ་ཕྲུག་བསྟན་འཛིན་གྱིས་མཐོང་སྟེ་གུས་ཞབས་དང་བཅས་ཏེ། རྒན་ལགས། ཁྱེད་རང་སྐུ་ངལ་གསོས་ཀྱི་ཡོད་པས། ཞེས་ཞུས་པར། དགེ་རྒན་དེས། མིན། ང་ཇག་དཱིཔ་སིང་ཡིན། ཞེས་གསུངས་པ་རེད། ཚིག་གསར། སེམས་ཤུགས། ལུས་རྩལ། ངལ་གསོ། བོད་སྐད་སྦྱངས་པ། རྩོམ་པ་པོ། འཇམ་དབྱངས་བསྟན་འཛིན། མི་སྣ་གཙོ་བོ། བུ་རྣམ་རྒྱལ། བུ་མོ། སྙིང་བསྡུས། གཟའ་ཟླ་བ་ཞིག་ལ་ཕྱི་རྒྱལ་ནས་རྒྱ་གར་དུ་བུ་མོ་སྐལ་བཟང་ཟེར་བ་ཞིག་སླེབས་པ་རེད། བུ་མོ་དེ་བོད་སྐད་སྦྱང་རྒྱུའི་བྱེད་དུ་བོད་པའི་སློབ་གྲྭ་ཞིག་ལ་འགྲོ་བ་རེད། བོད་མི་ལས་ཀྱང་ཕྱི་རྒྱལ་ཚོ་ཆེ་བ་བྱེད་བཞིན་པའི་གནས་སྐབས་དེར། བོད་ཡིག་ལ་དོ་སྣང་བྱེད་མཁན་བུ་རྣམ་རྒྱལ་གྱིས། དྷ་ས་ལྟ་བུར་མཚོན་ན་ཕྱི་མི་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྐོར་སོགས་བཤད།

ཇའི་དྲི་མ།

ཇའི་དྲི་མ།

ཚེ་རིང་མེ་ཏོགའཛིན་གྲྭ་དགུ་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ། རྩོམ་པ་པོ། སྐལ་བཟང་མཁས་གྲུབ། བསྟན་དོན་གཙོ་བོ། གྲྭ་པ་གནས་སྐོར་བ་ཞིག་གྲོང་གསེབ་ཏུ་སྤྲོ་འཆམ་དུ་སླེབས་ནས་མི་ཚང་ཞིག་ལ་གནས་ཚང་གཡར་ནས་བསྡད་པ་རེད། གནས་ཚང་ཨ་མས་ཁོང་ལ་ཇ་ཕུལ་བ་དང་ཇ་དེ་ལ་དྲི་མ་མེད་པ་མ་ཟད་ཞིམ་པ་མེད་པས་རྩིག་ལྡེབས་སུ་བཤོས་པ་རེད། ཨ་མ་ཁོང་ཁྲོ་ལངས་ནས་གྲྭ་པ་ཁྱེད་མི་ཆོས་དྲི་མས་མ་གོས་པར་ལྷ་ཆོས་ལ་དྲི་མ་ག་ལ་གོས་གསུངས་ནས་གནས་ཚང་ཨ་མས་ནང་ནས་ཕྱིར་ཕུད་པའི་སྐོར་ལ་བྲིས་འདུག བསླབ་བྱ། མི་གཞན་གྱི་གནང་ལ་མཐོང་སྤྲོད་དགོས་པ་བསྟན་ནོ། ཚིག་གསར། རྩིག་ལྡེབས། ལྷ་ཆོས། གཤེགས། དགའ་གུས། གནས་མོ། མོག་མོག་ཟ་ཁང་། རྩོམ་པ་པོ། སྐལ་བཟང་མཁས་གྲུབ། སྒྲུང་གི་སྙིང་དོན་གཙོ་བོ། གནའ་སྔ་མོ་བོད་རང་བཙན་ཡིན་པའི་དུས་སུ་ལུང་པ་མི་འདྲ་བའི་ཟོག་དང་ཐོན་སྐྱེད་འོར་འདྲེན་བྱས་པའི་སྐོར་གྱི་གནས་ཚུལ་ཐུང་ཐུང་ཞིག་ངོ་སྤྲོད་དང་ཟུར་ཟ་བྱས་པའི་སྐོར་ལ་བཤད་འདུག བསླབ་བྱ། ཅ་ལག་གྱི་ངོ་བོ་དང་དེ་ཡི་མིང་ཤེས་རྒྱ་གལ་ཆེ་ཡིན་པའི་སྐོར། ཚིག་གསར། གནས་མོ། རྟ་སྒྲོ། རྩམ་ཁུག དྲེལ་པ། འོར་འདྲེན། ཁ་མིག་དང་རྣ་ཅོག རྩོམ་པ་པོ། སྐལ་བཟང་མཁས་གྲུབ། སྒྲུང་གྱི་སྙིང་དོན། མིའི་གཟུགས་པོའི་ཆ་ཤས་ལས་སོ་སོའི་བྱེད་ལས་དང་ཁྱད་ཆོས་གང་ཡིན་པ་གཙོ་བོ་བསྟན་ཡོད། བསླབ་བྱ། མི་རྒན་པའི་སྐད་ཆ་དང་ལམ་སྟོན་ཁག་ངེས་པར་དུ་ཉན་དགོས་པ་བསྟན། ཚིག་གསར། བཀའ་འདྲི། བསམ་འཆར། ཉུང་ཙམ། ཕའི་གསང་བའི་རྟོལ་བ། རྩོམ་པ་པོ། སྐལ་བཟང་མཁས་གྲུབ། སྒྲུང་གི་བསྟན་དོན། ནང་གི་ཕ་ཡིས་རྐུ་མ་གང་བརྐུས་པ་དེ་རྫུན་རྐུབ་བརྟོལ་བས་མ་འོངས་པར་དེ་ལྟར་མ་གནང་བའི་སྐོར་ལ་བསྟན་ཡོད། བསླབ་བྱ། མ་འོངས་པར་རྒན་གཞོན་ཚང་མས་རྐུ་མ་མ་བརྐུ་བའི་ལམ་སྟོན་གནང་ཡོད། ཚིག་གསར། གནོང་། གསང་བ། ཧྲིག་ཧྲིག འབྱུང་བ་བཞི་པ། རྩོམ་པ་པོ། སྐལ་བཟང་མཁས་གྲུབ། བསྟན་དོན། […]

ཏཱ་ལའི་བླ་མའི་ཁྲུང་ཁྲུང་སྐྱ

ཏཱ་ལའི་བླ་མའི་ཁྲུང་ཁྲུང་སྐྱོབ་པ།

བསྟན་འཛིན་བདེ་སྐྱིད།འཛིན་གྲྭ་དགུ་པ། སཾ་བྷོ་ཊ་གུ་རུ་པུ་ར། རྩོམ་པ་པོ། ནི་རཱཇ་ཝ་གྷོ་ལི་ཀར། བོད་སྒྱུར་བ། གྲགས་པ་རྒྱལ་མཚན། སྒྲུང་གི་ནང་དོན་སྙིང་བསྡུས་དང་མྱོང་ཚོར། ཧ་རུ་ཎཱ་ཅལ་མངའ་སྡེའི་ནང་གྲྭ་པ་ལོ་གཞོན་ཞིག་དང་ཁོའི་གྲོགས་པོ་ཚོས་གློ་བུར་གྱི་གནད་དོན་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་ཡོད། ཁོ་ཚོའི་གཅེས་པར་འོས་པའི་ཁྲུང་ཁྲུང་སྐེ་ནག་གི་སྡོད་གནས་ལ་ཉེན་ཁ་འཕྲད་ཡོད། སྒྲུང་འདིའི་ནང་ཁོ་ཚོས་ཆུ་ཚོད་ཉེར་བཞི་ཡི་རིང་ཚ་ཚ་འུར་འུར་ངང་བདེན་དོན་ཀྱི་ཆེད་དུ་ལས་འགུལ་སྤེལ་ཏེ་བགྲོད་དཀའ་བའི་རི་ལམ་བརྒྱུད་པ་དང་མིའི་སྤྱོད་ལམ་ཁ་ལོ་སྒྱུར་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བྱས་ཡོད། སྒྲུང་དེབ་དེ་ཀློག་པའི་སྐབས་སུ་ཐོག་མར་སེམས་པར་སྐྱོ་སྣང་ཚོར་སོང་། ཡིན་ནའང་། ཀློག་ཚར་གྲབས་ཡོད་པའི་སྐབས་སུ་དགའ་སྣང་བྱུང་སོང་། ཚིག་གསར། ཀུ་རེ། གཟབ་ནན། སྙན་ཐོ། བརྡར་ཤད། གཡག་དཀར་པོ། རྩོམ་པ་པོ། འཇམ་དབྱངས་རྒྱལ་མཚན། སྒྲུང་གི་ནང་དོན་སྙིང་བསྡུས་དང་མྱོང་ཚོར། སྒྲུང་འདིའི་ནང་སེམས་ཅན་ཚོས་ག་རེ་མཐོང་བ་དང་དེ་བཞིན་གྲྭ་བ་ཆུང་ཆུང་དེས་ག་རེ་མཐོང་བ་རྣམས་རེ་རེ་བྱས་ནས་འགྲེལ་བཤད་བརྒྱབ་འདུག སྒྲུང་འདི་ཀློག་པའི་སྐབས་སུ་སེམས་ཀྱི་ནང་ལ་སེམས་ཅན་འདྲ་མིན་སྣ་ཚོགས་ཤར་བྱུང་། གཞན་ལ་རོགས་རམ་བྱས་པ། རྩོམ་པ་པོ། སྐལ་བཟང་དོན་གྲུབ། སྒྲུང་གི་ནང་དོན་སྙིང་བསྡུས་དང་མྱོང་ཚོར། མི་གཞན་ཞིག་ལ་དཀའ་ངལ་འཕྲད་པའི་སྐབས་སུ་རོགས་རམ་བྱས་པ་དེ་མི་དེ་ཡི་གཤིས་ཀ་བཟང་པོ་དེ་བསྟན་གྱི་ཡོད། མི་སྣ་དེ་ཡི་སྐོར་ལ་སེམས་ནང་ལ་དགའ་བོ་ཚོར་སོང་། ཚིག་གསར། སྐུ་རྟེན། ལྷབ་ལྷབ། གཅན་གཟིགས་ཁང་ལ་ཕྱིན་པ། རྩོམ་པ་པོ། སྐལ་བཟང་དབང་འདུས། སྒྲུང་གི་ནང་དོན་སྙིང་བསྡུས་དང་མྱོང་ཚོར། སྒྲུང་དེབ་འདིའི་ནང་ལ་ཕྲུ་གུ་མང་པོ་ཁྲིད་ནས་གཅན་གཟིགས་ཁང་ལ་ལྟད་མོ་ལྟ་བར་འགྲོ་ཡི་འདུག སྒྲུང་དེབ་འདི་ཀློག་དུས་ང་རང་གི་སློབ་གྲའི་ངོས་ནས་གཅན་གཟིགས་ཁང་ལ་ཁྲིད་པ་དེ་སེམས་ནང་ལ་ཤར་སོང་། ཚིག་གསར། སྒྲོ་གུ། ཁྲོན་པའི་ནང་གི་སྦལ་པ། རྩོམ་སྒྲིག་པ། ཚེ་རིང་དཔལ་འཛོམས། སྒྲུང་གི་ནང་དོན་སྙིང་བསྡུས་དང་མྱོང་ཚོར། སྒྲུང་འདིའི་ནང་སྦལ་པ་དང་གླང་ཆེན་གཉིས་རང་མཐོང་ཆེ་ནའང་།  སུ་ཞིག་ཡིན་ན་ཡང་དཀའ་ངལ་ཕྲད་པའི་པའི་སྐབས་སུ་རོགས་རམ་བྱེད་མཁན་ཞིག་ཡོད། ཚིག་གསར། ཐོས་རྒྱ། དྲེགས། ཕྲ་མོ། འཐར་བ།

སྟག་མོར་སྐྱེས་པའི་རབས།

སྟག་མོར་སྐྱེས་པའི་རབས།

བསྟན་འཛིན་འགྲོ་དོན།འཛིན་གྲྭ་དགུ་པ། སཾ་བྷོ་ཊ་གུ་རུ་པུ་ར། རྩོམ་པ་པོ། བུདྡྷ་སྐྱབས། སྒྲུང་གི་ནང་དོན་སྙིང་བསྡུས་ནི།   གཞན་ལ་སེམས་བཟང་དང་ཕན་ཐོགས་བྱས་ན་རང་གི་སེམས་ལ་བདེ་སྐྱིད་ཡོང་གི་རེད། ངའི་མྱོང་ཚོར།   སྒྲུང་འདི་བཀླགས་ནས་ངའི་སེམས་ལ་སྙིང་རྗེ་དང་སྐྱོ་བ་སྐྱེས་སོང་།   སྲས་ཆུང་ཤོས་དེ་དཔའ་བོ་དང་བྱམས་སེམས་ལྡན་པ་ཞིག་རེད་འདུག ཚིག་གསར།   རོལ།    དཔའ་རྩལ།   བཙས།  སྡེར་མོ། སྡོམ་ཐག་མི་བོད་ལ་སླེབས་པ། རྩོམ་པ་པོ། སྐལ་བཟང་དབང་འདུས། སྒྲུང་གི་ནང་དོན་སྙིང་བསྡུས་ནི།   རང་ཉིད་ཀྱི་ཤེས་ཡོན་དང་དཔའ་རྩལ་རྣམས་གཞན་སྲུང་སྐྱོབ་དང་ཕན་ཐོགས་ཆེད་བེད་སྤྱོད་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། ངའི་མྱོང་ཚོར།   སྒྲུང་འདི་བཀླགས་རྗེས་ངའི་སེམས་ནང་ང་ཚོ་བོད་པ་ནི་མི་རང་བཞིན་བཟང་པོ་དང་། གཞན་གྱིས་ལས་སླ་པོ་ཡིད་ཆེས་ཐུབ་ས་ཞིག དེ་བཞིན་མི་གང་འདྲ་ཞིག་ཡིན་ནའང་ལས་སླ་པོ་འདྲིས་པོ་ཆགས་མཁན་ཞིག་རེད་འདུག ལྷག་པར་དུ་བོད་ཆོས་ལྡན་ཞིང་ཁམས་དེ་ཞི་བདེ་ཆེ་བ་དང་། སྙིང་རྗེའི་ཡུལ་ཞིག་ཡིན་པ་ཚོར། ཚིག་གསར།  དཔའ་རྒོད། སྐྱབས་དང་མགོན། འདུ་ཁང་། ཚ་ཕོགས། གངས་ལྗོངས། རྩོམ་པ་པོ། ཆོས་ཉིད་སྒྲོལ་མ། སྒྲུང་གི་ནང་དོན་སྙིང་བསྡུས་ནི། འཛོམས་འཛོམས་བྱེད་སྐབས་དང་རྩེད་མོ་རྩེ་སྐབས་ང་ཚོ་གྲོགས་མོ་མཉམ་དུ་བསྡད་ནས་རྩེད་མོ་རྩེས་ན་འཕྲོད་བསྟེན་ལ་ཕན་པ་དང་གྲོགས་མོའི་བར་བརྩེ་བ་དེའང་ཆེ་རུ་འགྲོ་བ་དང་། རང་སོ་སོའི་ཁ་པར་བལྟས་ནས་བསྡད་ན་རང་ཉིད་ཀྱི་མིག་ལ་གནོད་པ་མ་གཏོགས་ཕན་ཐོགས་གང་ཡང་མེད། ངའི་མྱོང་ཚོར། སྒྲུང་འདི་བཀླགས་རྗེས་ངའི་སེམས་ནང་ངའི་ཕ་མ་གཉིས་ཀྱིས་ཀྱང་དེ་འདྲ་བའི་རྩེད་མོ་རྩེས་ཡོད་ཤག་བསམས་སོང་། དེང་སང་མི་རྒན་པ་དང་ཕྲུ་གུ་ཚང་མ་ཁ་པར་མང་བ་ལྟ་བ་མ་གཏོགས་རྩེད་མོ་སོགས་ལ་དོ་སྣང་བྱེད་ཀྱི་མི་འདུག ཆུང་དུས་ནས་ད་བར་ང་རྩེད་མོ་དེ་འདྲ་བ་རྩེ་རྒྱུ་རག་མ་བྱུང་། ཚིག་གསར།  རྒྱུས་པ།  སྟར།  དོད་པོ།  ལྷང་ལྷང་། རི་བོང་དུ་སྐྱེས་པའི་རབས། རྩོམ་པ་པོ། བུདྡྷ་སྐྱབས། སྒྲུང་གི་ནང་དོན་སྙིང་བསྡུས་ནི། དུས་རྒྱུན་དུ་སེམས་པ་བཟང་པོའི་ཐོག་ནས་གཞན་ལ་ཕན་ཐོགས་བྱས་ན་ནམ་མཁའི་ལྷས་ཀྱང་རང་ལ་རོགས་པ་བྱེད། ངའི་མྱོང་ཚོར། སྒྲུང་འདི་བཀླགས་རྗེས་ངའི་སེམས་ནང་ཚེས་པ་བཅོ་ལྔ་དེ་དགེ་ཆོས་སྒྲུབ་སའི་ཉིན་གལ་ཆེན་ཞིག་ཡིན། དེ་མ་ཟད། ཚེས་པ་བཅོ་ལྔའི་ཉིན་དཀར་ཟས་ལ་རོལ་དགོས་པ་དང་། སྐྱོ་བོ་རྣམས་ལ་སྦྱིན་པ་གང་མང་གཏོང་ཐུབ་ན་རང་ཉིད་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཚོར་སོང་། […]

བདག་ཉིད་ཆེན་པོ་གཱནྡྷཱི།

བདག་ཉིད་ཆེན་པོ་གཱནྡྷཱི།

བསྟན་འཛིན་ཆོས་དབྱིངས།འཛིན་གྲྭ་བཅུ་པ། སཾ་བྷོ་ཊ་ཅན་དྷ་གྷི་རི་ཉིན་སློབ། རྩོམ་པ་པོ། ཁ་ཛུ་ཀི། ཨི་བྰ་ཨིན། སྙིང་དོན་དང་མྱོང་ཚོར། སྒྲུང་དེབ་འདིའི་ཡི་གེ་འབྲི་ཚུལ་དང་འཚོ་བ་བསྟོན་སྟངས་གཞན་དང་མ་འདྲ་བ་ཧ་ཅང་ལེགས། གཙོ་བོ་སྒྲུང་འདིའི་ནང་ལ་གཱནྡྷཱི་ཁོང་གིས་དྲག་ཤུགས་མ་བརྟེན་ནས་དབྱིན་ཇིའི་མགོ་སེར་དབང་སྒྱུར་ལས་རྒྱ་གར་ཐར་ཏེ། འཐབ་འཁྲུག་སྐབས་ཀྱི་འགོ་ཁྲིད་པ་ཞིག་ཆག་སྟངས་དང་། ཁོས་མཚན་ཉིད་རིག་པ་འཕེལ་རྒྱས་བཏང་བ་དང་། ཞི་བའི་ངོ་རྒོལ་དང་། བདེན་དོན། བརྩེ་སེམས་བཅས་གནང་ནས་རྒྱ་གར་རང་བཙན་རག་ཐུབ་པའི་སྐུ་ལས་མང་པོ་བརྒྱབ་པ་བཤད་འདུག ཁོང་གིས་ཧུར་བརྩོན་གྱིས་རྒྱ་གར་ལ་རོགས་རམ་བྱས་ཏེ་ ༡༩༤༧ ལོར་རང་བཙན་ཐོབ་པ་བྱུང་ཡོད་ནའང་། སེམས་སྐྱོ་བ་ཞིག་ལ་མཐར་ ༡༩༤༨ ལོར་ཁོང་ལྐོག་གསོད་བྱས་པའི་གནས་ཚུལ་ཡང་བཤད་འདུག འོན་ཀྱང་། ཁོང་གི་དྲག་ཤུགས་མིན་པའི་ཞི་བའི་ལམ་ལ་འགྲོ་བའི་ཐབས་ལམ་དེ་འཛམ་གླིང་ཡོངས་ལ་དམིགས་དཔེ་ཡང་ཡག་པོ་བཏོན་པ་བྱུང་། སྒྲུང་འདི་ཡི་ནང་ལ་གུས་པའི་བླངས་པའི་བསླབ་བྱ་ནི། དྲག་ཤུགས་དང་བདེན་དོན་མིན་པའི་སྟོབས་ཤུགས་ལ་འགྱུར་ལྡོག་གཏིང་ཟབ་པོ་ཡོང་ཐུབ་པ་དང་། ཞི་བས་འགོག་རྒོལ་བྱ་རྒྱུ་དེ་དྲག་ཤུགས་ལས་ཀྱང་ཆེ་བ་ཡོད་པ་གསལ་པོར་མཚོན་འདུག ཚིག་གསར། རཱམ། རྣམ་རྟོག ཕྱི་གླིང་། བཙན་གྲོལ། སྐམ་སེང་། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། རྩོམ་པ་པོ། ༸གོང་ས་མཆོག སྙིང་དོན་དང་མྱོང་ཚོར། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས་༡༩༦༢ ལོར་ལྗགས་རྩོམ་གནང་བའི་རང་ཉིད་ཀྱི་ལོ་རྒྱུས་དང་བོད་ཀྱི་ལོ་རྒྱུས་དཔེ་ཆ་ཞིག་རེད། དཔེ་ཆ་དེའི་ནང་ཏཱ་ལའི་བླ་མའི་སྐུ་ཚེ་ཧྲིལ་པོ་དང་བོད་ཀྱི་ལོ་རྒྱུས། དེ་བཞིན་སྐབས་དེའི་ཆབ་སྲིད་དང་རིག་གནས་ཀྱི་རྒྱབ་ལྗོངས་བཅས། ལྷག་པར་དུ་རྒྱ་དམར་པོས་བོད་ལྗོངས་བཙན་འཛུལ་དང་བཙན་བཟུང་བྱས་པའི་སྐོར་གྱི་གནས་ཚུལ་སོགས་ལ་དཔྱད་བསྡུར་གཏིང་ཟབ་བཤད་འདུག ད་དུང་ཏཱ་ལའི་བླ་མས་རང་གི་བྱིས་དུས་དང་། ཁོང་ཉིད་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་ཡིན་པ་ཤེས་རྟོགས་བྱུང་བ་དང་། དགེ་འདུན་པ་བྱས་པ། ཁོང་རང་ཉིད་ལོ་ན་གཞོན་པའི་སྐབས་སུ་འགན་ཁུར་བའི་འགན་འཁྲི་སོགས་གླེང་འདུག ཚིག་གསར། ཁུངས་བཙན། སྙན་གསན། དྲང་བདེན་ལ་དངོས་གྲུབ་ཐོབ། རྩོམ་པ་པོ། བསམ་གླིང་ཚེ་རིང་ལྷ་མོ། སྙིང་དོན་དང་མྱོང་ཚོར། དྲང་བདེན་ལ་དངོས་གྲུབ་ཐོབ་ཞེས་པའི་སྒྲུང་དེ་ཡི་ནང་མི་དབུལ་ཕོངས་ཤིག་གིས་ཁོའི་སྟ་རེ་ཆུའི་ནང་དུ་ལྷུངས་བ་དང་ ཆུ་བོའི་ལྷ་འཐོན་ཏེ་རོགས་རམ་བྱས་པ་མ་ཟད། གསེར་དངུལ་གྱི་སྟ་རེ་ཞིག་ཀྱང་ཕུལ་བ་རེད། འོན་ཀྱང་། […]

རྨི་ལམ་ནང་བར་སྣང་དུ་བསྐྱོད་

རྨི་ལམ་ནང་བར་སྣང་དུ་བསྐྱོད་པ།

བསྟན་འཛིན་གསལ་སྒྲོན།འཛིན་གྲྭ་བཅུ་གཉིས། སྦེལ་ཀོབ་སཾ་བྷོ་ཊ་ཉིན་སློབ། རྩོམ་པ་པོ། ཚེ་རིང་དཔལ་འཛོམས། སྒྲུང་གི་སྙིང་བསྡུས། སྒྲུང་འདིའི་ནང་མི་སྣ་གཙོ་བོ་ནི་བུ་མོ་ཉི་མ་དང་མཁའ་གྲུ་རེད་འདུག བུ་མོ་ཉི་མ་ནི་ཀུན་སྤྱོད་བཟང་ཞིང་གཙང་སྦྲ་དོད་པའི་བུ་མོ་ཞིག་ཡིན་ལ། ཉིན་ལྟར་འཛིན་ཁང་ནང་དུ་ཡང་དོ་སྣང་ཡག་པོ་བྱེད་མཁན་ཞིག་རེད་འདུག ཉིན་ཞིག་མོའི་རྒན་ལགས་ཀྱིས་ཉི་མའི་ཁྱིམ་རྒྱུད་སྐོར་བསླབས་པས། དེའི་དགོང་མོར་མོའི་རྨི་ལམ་ནང་མཁའ་གྲུ་ཞིག་གིས་མོ་བར་སྣང་དུ་ཁྲིད་པ་རྨིས། ཁོ་གཉིས་བར་སྣང་དུ་འགྲུལ་བཞུད་བྱེད་བཞིན་པའི་སྐབས། མཁའ་གྲུས་མོ་ལ་བར་སྣང་གི་དངོས་པོ་མང་པོ་ངོ་སྤྲོད་བྱས་པ་དང་། བུ་མོ་ཉི་མས་ཀྱང་དྲི་བ་མང་པོ་དྲིས་བ་དང་མཁའ་གྲུས་ལན་བརྒྱབ། གང་འཚམས་ནས་མོ་ཡིས་ལྟ་འདོད་ཡོད་པའི་ཉི་མའི་ཁྱིམ་རྒྱུད་འགྲམ་དུ་སླེབས་པ་རེད། མཁའ་གྲུས་བུ་མོ་ཉི་མ་ལ་ཉི་མའི་ཁྱིམ་རྒྱུད་ནི་དགུ་ཚིགས་སྐྱ་མོའི་ཁྱིམ་རྒྱུད་ཀྱི་ཆ་ཤས་ཡིན་པ་དང་གཟའ་སྐར་བརྒྱད་པོ་མོ་ལ་རེ་རེ་བཞིན་ངོ་སྤྲོད་བྱས། བུ་མོ་ཉི་མས་ཀྱང་དེ་ལ་དོ་སྣང་ཡག་པོ་སྤྲད་པ་རེད། དེའི་རྗེས་མཁའ་གྲུས་བུ་མོ་ཉི་མ་ལ་གཟའ་སྐར་བརྒྱད་པོ་ངོ་སྤྲོད་བྱས་ཚར་རྗེས། བུ་མོ་ཉི་མས་མཁའ་གྲུ་ལ་ཐུགས་རྗེ་ཆེ་གནང་ཞུས་པ་དང་། བར་སྣང་ལ་ཁྲིད་པར་སྐྱིད་པོ་བྱུང་། ཞེས་ལབ་པ་རེད། དེའི་རྗེས་སང་ཞོགས་བུ་མོ་ཉི་མ་གཉིད་ལས་སད་རྗེས་མཁའ་གྲུ་དང་མཉམ་དུ་བར་སྣང་ལ་ཕྱིན་པ་དེ་རྨི་ལམ་ཡིན་པ་ཤེས་ནས་རང་དབང་མེད་པར་གད་མོ་ཤོར་བ་རེད། སྒྲུང་དེབ་བཀླགས་པའི་མྱོང་ཚོར། སྒྲུང་འདི་ཀློག་སྐབས་ངའི་སེམས་ནང་བྱིས་པའི་ལྟད་མོ་ཞིག་ལྟ་གི་ཡོད་པའི་ཚོར་བ་བྱུང་། བུ་མོ་ཉི་མ་ནི་སློབ་ཕྲུག་ཡག་པོ་ཞིག་དང་ཚང་མས་མིག་དཔེ་ལྟ་དགོས་ས་ལྟ་བུ་ཞིག་རེད་འདུག སྒྲུང་འདིའི་ནང་བུ་མོ་ཉི་མ་ནི་རང་ཉིད་ཀྱི་སློབ་ཚན་ལ་དོ་སྣང་དང་དབྱིངས་ཡོད་པའི་རྐྱེན་གྱིས་སོ་སོའི་རྨི་ལམ་ནང་ལ་ཡང་སློབ་ཚན་དེ་དྲན་གྱི་འདུག ང་ཚོས་ཉིན་ལྟར་སློབ་ཚན་དང་ཡི་གེ་སྦྱོང་སྐབས་དོ་སྣང་དང་དབྱིངས་དགོས་པ་གལ་ཆེན་པོ་རེད་འདུག སྒྲུང་དེབ་འདིའི་ནང་གི་རི་མོ་དེ་ཚོ་དཔེ་སྙིང་རྗེ་མོ་ཡོད་པ་མ་ཟད་དེབ་འདི་ཀློག་བདེ་པོ་འདུག ཚིག་གསར། སྐར་ཕྲེན། མཁའ་གྲུ། འགྲུལ་བཞུད། དགུ་ཚིགས། ངོ་མཚར་ཆེ། ཕྱིར་དྲངས། ཁྱེད་ཀྱིས་ག་རེ་མཐོང་གི་འདུག་གམ། ཕྱོགས་བསྒྲིགས་པ། ཚེ་རིང་དཔལ་འཛོམས། སྒྲུང་གི་སྙིང་བསྡུས། དེབ་འདི་ནི་དམིགས་བསལ་སྒྲུང་དེབ་ཞིག་མ་ཡིན་པར། དེ་ནི་ཕྲུ་གུ་ཆུང་ཆུང་ཚོའི་ཆེད་དུ་བྱ་བྱིའུ་དང་སེམས་ཅན་སྣ་ཚོགས་ཀྱི་མིང་ཤེས་པའི་ཆེད་དུ་རེད་འདུག དེབ་འདིའི་ནང་ཕུག་རོན་དང་། ནགས་བྱི། ཁྲུང་ཁྲུང་། ཐང་དཀར་རྒོད་པོ་ལ་སོགས་པའི་སྲོག་ཆགས་ ༢༥ ཡི་མིང་དང་དཔར་ཡིད་དུ་འོང་བ་འདུག སྒྲུང་དེབ་བཀླགས་པའི་མྱོང་ཚོར། ངས་དེབ་འདི་ཀློག་སྐབས་ཀྱི་ཚོར་བ་ནི། ང་རང་གཞི་རིམ་འོག་མའི་སློབ་གྲྭར་སླེབས་པའི་ཚོར་བ་སྐྱེས་སོང། དེབ་འདི་ཀློག་པའི་སྐབས་ངས་སེམས་ཅན་ཁ་ཤས་ཀྱི་མིང་བོད་སྐད་ཐོག་ཤེས་སོང། མ་ཟད་སྲོག་ཆགས་ཚོའི་རི་མོ་ཡང་ཧ་ལམ་དངོས་སུ་གང་འདྲ་ཡོད་པ་ལྟར་བྲིས་འདུག་པས་ཀློག་དུས་སྤྲོ་སྣང་ཆེན་པོ་སྐྱེས་སོང། ཚིག་གསར། ནགས་བྱི། བྱ་ཁྱིའུ། བྱི་ལ་དོམ། […]