པདྨ་ཆོས་སྒྲོན།འཛིན་གྲྭ་དགུ་པ། སྦེལ་ཀོབ་སཾ་བྷོ་ཊ་བོད་མིའི་སློབ་གྲྭ། རྩོམ་པ་པོ། ཚེ་རིང་དཔལ་འཛོམས། སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་དེབ་འདིའི་ནང་གི་མི་སྣ་གཙོ་བོ་ནི་ཨ་མ་ལགས་ཤིག་དང་ཕྲུ་གུ་ཞིག་རེད་འདུག དེའི་ནང་སློབ་སྦྱོང་ལེན་རྒྱུ་མང་པོ་འདུག དཔེར་ན། ལམ་ལ་འགྲོ་བའི་སྐབས་སུ་ཕྱོགས་གང་ནས་འགྲོ་དགོས་པ་དང་། འགྲོ་བའི་སྐབས་སུ་གཟབ་གཟབ་བྱེད་དགོས་པ་སོགས་གསལ་པོ་བཤད་འདུག གལ་སྲིད་འགྲིམ་འགྲུལ་གྱི་སྒྲིག་གཞི་དང་འགལ་ན་ཆད་པ་ཕོག་པའི་ཉེན་ཁ་ཡོད་པ་ཡང་བཤད་འདུག སྒྲུང་དེབ་འདིའི་ནང་དམིགས་བསལ་ག་རེ་འདུག་ལབ་ན། སྒྲུང་གི་མཉམ་དུ་བསླབ་བྱ་ཡང་ལེན་རྒྱུ་འདུག་པས། ཕྲུ་གུ་རྣམས་ཀྱིས་ཀློག་པའི་སྐབས་སུ་ཉོབ་ཏོ་མ་ཆགས་པར་ཀློག་ཐུབ་པའི་ནུས་པ་ཞིག་ཡོད་པར་མཐོང་། སྒྲུང་དེབ་བཀླགས་པའི་མྱོང་ཚོར། སྒྲུང་དེབ་གི་ནང་ཚིག་ཚང་མ་ལས་སླ་པོ་དང་རི་མོ་ཡང་མང་པོ་འདུག་པས་ཀློག་པའི་སྐབས་སུ་ཧ་ཅང་སྟབས་བདེ་པོ་འདུག དེ་མ་ཟད་ང་རང་དགའ་པོ་ཞེ་དྲག་བྱུང་སོང་། སྒྲུང་དེབ་འདི་ནི་གཙོ་བོ་ཕྲུ་གུ་ཆུང་ཆུང་ཚོའི་ཆེད་དུ་ཡིན་པ་དང་། ཆུང་ཆུང་སྐབས་ནས་ལམ་ལ་འགྲོ་དུས་གཟབ་གཟབ་བྱེད་དགོས་པའི་སྐོར་སྒྲུང་གི་ནང་དུ་སྙིང་རྗེ་མོའི་ངང་བཤད་འདུག མཐའ་མ་དེ་ལ་ང་རང་གི་སྣང་བ་འགྲོ་ཤོས་ནི། ང་ཚོ་ལམ་ལ་འགྲོ་བའི་སྐབས་སུ་རྟགས་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དེ་དག་གིས་ག་རེ་མཚོན་གྱི་ཡོད་པ་ཆ་ཚང་ཞིག་བྲིས་འདུག་པས་ཕན་ཐོགས་པོ་ཞིག་མཐོང་སོང་། ཚིག་གསར། བརྡ་རྟགས། གདོང་ཐུག འགྲུལ་བཞུད། རྟགས། སྐྱོབ་ཐག དགོད་མཚམས་འཇོག་མི་ཐུབ་པའི་བུ་མོ། རྩོམ་པ་པོ། མི་ར་ག་ན་པ་ཏི། བོད་སྒྱུར་བ། ཚེ་རིང་དཔལ་འཛོམས། སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་དེབ་འདིའི་ནང་མི་སྣ་གཙོ་བོ་ནི་བུ་མོ་ཞིག་འདུག མོ་ནི་ག་དུས་ཡིན་ནའང་གད་མོ་ཤོར་ཤོར་པར་སྡོད་ཀྱི་འདུག གལ་སྲིད་མི་ཞིག་གིས་རྟུག་དྲི་གཏོང་བ་དང་ཨི་ཙི་གུ་ལུ་སློང་སྐབས། ཡང་ན་བྷོན་ཌ་ཞེས་པའི་ཚིག་ལ་སོགས་པ་ཐོས་ན་གད་མོ་ཤོར་མཁན་བུ་མོ་ཞིག་རེད་འདུག ཉིན་ཞིག་མོ་ལ་དགེ་ལགས་ཀྱང་འུ་ཐུག་པོ་བྱུང་ནས་མོ་ལ་སྐད་རྒྱག་དགོས་བྱུང་བ་རེད། ཡིན་ན་ཡང་། སློབ་ཕྲུག་ཚོ་ཡིས་མོ་ལ་དགའ་སྣང་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། གད་མོ་ཤོར་ན་གཡས་གཡོན་གྱི་མི་རྣམས་ཀྱང་སེམས་པ་སྐྱིད་པོ་ཆགས་པ་མ་ཟད་ཕན་ཚུན་འཆམ་པོ་མགྱོགས་པོ་ཆགས་ཀྱི་ཡོད་པས་འཛིན་གྲོགས་ཚོས་མོ་ལ་དགའ་པོ་བྱེད་ཀྱི་འདུག སྒྲུང་དེབ་བཀླགས་པའི་མྱོང་ཚོར། སྒྲུང་དེབ་ནང་སྤྱིར་བཏང་གི་རི་མོ་མང་པོ་ཞིག་འདུག་པ་དང་། ང་རང་གིས་དམིགས་བསལ་ག་རེ་ཡག་པོ་མཐོང་སོང་ལབ་ན། བུ་མོ་དེ་གད་མོ་ཤོར་རྒྱུ་ལ་དགའ་པོ་ཡོད་པ་ནང་བཞིན་གུས་མོ་ང་རང་ཡང་གད་མོ་ཤོར་རྒྱུ་ལ་ཧ་ཅང་དགའ་པོ་ཡོད། བྱས་ཙང་ངས་སྒྲུང་དེབ་འདིའི་ནང་གི་བུ་མོའི་རང་བཞིན་ང་དང་ཞེ་དྲག་མཐུན་གྱི་ཡོད་པ་མཐོང་སོང་བས། ང་རང་སྒྲུང་དེབ་འདི་ཀློག་པའི་སྐབས་སུ་ཧ་ཅང་གིས་དགའ་པོ་བྱུང་། ང་རང་གིས་ག་རེ་བསམ་གྱི་འདུག་ཟེར་ན། གད་མོ་ཤོར་རྒྱུ་དེ་སོ་སོའི་སྐྱོན་ཆ་མ་ཡིན་པ་དང་། གད་མོ་ཤོར་རྒྱུ་དེ་སོ་སོའི་འཕྲོད་བསྟེན་ལ་ཕན་ཐོགས་ཡོད་པ་མ་ཟད་མི་ཚང་མ་ཡང་སྐྱིད་པོ་བཟོ་བའི་ནུས་པ་ལྡན་ཡོད། ཚིག་གསར། གྲལ་བསྟར། སྨྲོས། འབར་རྫས། […]
རི་སྐྱེས་ངང་དཀར།
བསྟན་འཛིན་ཡེ་ཤེས།འཛིན་གྲྭ་དགུ་པ། སཾ་བྷོ་ཊ་ཅན་དྷ་གྷི་རི་ཉིན་སློབ། བོད་སྒྱུར་བ། བསྟན་འཛིན་ཆོས་སྐྱིད། སྙིང་དོན་དང་མྱོང་ཚོར། རི་སྐྱེས་ངང་དཀར་ཞེས་པའི་སྒྲུང་དེའི་ནང་སྤུན་ཕན་ཚུན་བར་གྱི་བརྩེ་བ་དང་འབྲེལ་བ་སོགས་ཀྱི་སྐོར་བཤད་འདུག དེའི་ནང་ཨེ་ལི་ས་ཞེས་པའི་བུ་མོ་དེ་ཨ་མ་མ་ཡའི་དབང་གིས་རང་ཉིད་ཀྱི་གཅེན་པོ་བཅུ་པོ་དང་ཁ་བྲལ་ཀྱང་ཕན་ཚུན་བརྩེ་སེམས་ཆེ་བས་བསྐྱར་དུ་ཁ་ཐུག་པ་སོགས་ཀྱི་སྒྲུང་རེད་འདུག དེའི་ནང་ཕྱི་གཟུགས་དང་མདོག་གཅིག་པུ་ལ་བལྟས་ནས་གང་ཡང་ཐག་གཅད་རྒྱུ་མེད་པ་དང་། རང་ཉིད་ཀྱི་བྱས་པའི་བྱ་བ་དེའི་དབང་གིས་འབྲས་བུ་ཡག་སྡུག་གཉིས་ཀར་འབྱུང་བའི་སྐོར་བཤད་འདུག དེ་མ་ཟད། ག་དུས་ཡིན་ནའང་ཕྱོགས་གཅིག་གི་གནས་ཚུལ་ལ་བལྟས་ནས་གནས་དོན་ངོ་མ་ཚོད་དཔག་བྱེད་རྒྱུ་མེད་པ་དང་། གནས་ཚུལ་ཞིབ་ཚགས་པོ་ཤེས་དགོས། གལ་ཏེ་དེ་འདྲ་མ་བྱས་ཚེ་མི་ཕན་ཚུན་བར་རྙོག་འཛིང་སོགས་འབྱུང་སྲིད་པ་ཡང་གསལ་པོ་བསྟན་འདུག ཚིག་གསར། བརྒྱན་པ། ཟྭ་ཚོད། ལྕམ་ཁེབས། ལོངས་སྤྱོད། རང་ཉིད་ཀྱི་གཅེས་པའི་དངོས་པོ། ཅོད་པན། རྗེས་འབྲང་། གཙུག་གཡུ། རྩོམ་པ་པོ། གླང་མདུན་དཔལ་འབྱོར། སྙིང་དོན་དང་མྱོང་ཚོར། སྒྲུང་འདིའི་ནང་གཙོ་བོར་བུ་དཔལ་ལྡན་དགྲ་ཤ་ལེན་རྒྱུའི་སྐོར་བཤད་ཡོད། དགྲ་ཤ་དེ་ཡང་རྒྱུ་མཚན་མེད་པ་མ་ཡིན་པར། ཁོ་པའི་དགྲ་ཤ་དེ་ནི་རང་ཉིད་ཀྱི་ཕ་མའི་ཆེད་ལེན་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད། རྒྱུ་མཚན་ནི། སྔོན་རང་ཉིད་ཀྱི་ཡུལ་ལ་ལྷོད་ལྷོད་དང་སྐྱིད་པོའི་ངང་གནས་མཁན་གྱི་ནང་མི་དེ་ལ་གནས་ཆེན་ཞིག་ནས་གཙུག་གཡུ་ཞིག་རག་ཡོད། དེས་རྐྱེན་པས་ཁོ་ཚོར་ཚོང་དཔོན་ཞིག་གིས་སྡུག་རྩུབ་ཧ་ཅང་ཆེན་པོ་བཏང་གི་ཡོད། ཡུན་རིང་པ་ཞིག་གི་རྗེས་ཁོ་བོའི་ཕ་མ་གཉིས་ཀ་གྲོངས་པ་རེད། དེ་འདྲ་གྲོངས་དགོས་པའི་རྒྱུ་རྐྱེན་དེ་སྐུ་ངོ་རྫོང་དཔོན་ཡིན་པ་རྩིས་ཀྱི་ཡོད། ཁོ་ལ་སེམས་སྡུག་ཆེན་པོ་ཞིག་བྱུང་མཐར་དགྲ་ཤ་ལེན་རྒྱུའི་ཐག་བཅད། སྤྱིར་དགྲ་ཤ་ཟེར་པ་དེ་ཡག་པོ་མིན་ཡང་སྒྲུང་འདིའི་ནང་དགྲ་ཤ་ཟེར་པ་དེ་རྒྱུ་མཚན་ལ་བལྟས་ནས་ཡག་སྡུག་གཉིས་སུ་དབྱེ་བ་འབྱེད་རྒྱུ་ཡོད་པའི་སྐོར་བཤད་འདུག དེ་མ་ཟད། དེའི་ནང་དྲིན་ལེན་འཇལ་རྒྱུའི་སྐོར་ཡང་བཤད་ཡོད། ཕ་ཕུན་ཚོགས་ཀྱི་སྔོན་ཚོང་དཔོན་ལ་རོགས་པ་བྱས་ཡོད་པས། ཚོང་དཔོན་གྱིས་ཀྱང་རོགས་བྱས་པ་དེ་དྲན་པ་མ་བརྗེད་པར་དུས་ཚོད་སླེབ་དུས་ཕར་ཕ་བུ་གཉིས་ལ་རོགས་པ་བྱས་པ་མ་ཟད། རོགས་པ་དེ་ཡང་སེམས་པ་རྣམ་དག་ངང་བྱས་པ་གསལ་པོ་བཤད་འདུག ཕ་བུ་གཉིས་ཀྱིས་ཀྱང་རོགས་པ་དེ་ཁེ་ཕན་མི་ལེན་པར་ཚོང་དཔོན་དེ་སྦྱིན་བདག་ལྟར་རྩིས་ནས་ཚོང་དཔོན་གྱིས་གང་ལབ་པ་དེ་ཉན་གྱི་ཡོད། ཚིག་གསར། གཙུག་གཡུ། གཟན། སེར་སྣ། གདེངས་ཞྭ་དམར་པོ་གྱོན་པའི་བུ་མོ། བོད་སྒྱུར་བ། ཀུན་དགའ་རྒྱལ་མཚན། སྙིང་དོན་དང་མྱོང་ཚོར། སྒྲུང་འདི་ནི་མི་ཞིག་གི་མི་ཚེའི་ནང་གི་གནས་ལུགས་རེ་ཟུང་ལ་བརྟེན་ནས་བྲིས་པ་རེད་ལབ་ན་མི་འགྲིག་པ་མི་འདུག རྒྱུ་མཚན་ནི། སྒྲུང་འདིའི་ནང་བུ་མོ་དེ་ནི་མི་སྤྱོད་བཟང་ཞིག་ལྟར་མཚོན་ཞིང་། སྤྱང་ཀི་དེ་ནི་འཇིག་རྟེན་འདིའི་ནང་གཞན་ལ་ཉིན་ལྟར་གནོད་པ་བསྐྱལ་རྒྱུའི་ལྟ་བ་འཛིན་མཁན་ཞིག་རེད་འདུག དེ་ཡང་། ཉིན་ལྟར་གནོད་སེམས་དང་བརྣབ་སེམས་ […]
ལོ་རྒྱུས་ཐོག་བོད་རྒྱ་ནག་གི་
བསྟན་འཛིན་རང་གྲོལ།འཛིན་གྲྭ་བཅུ་པ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ། དཔར་འགྲེམས་ཞུ་མཁན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས། དེབ་ཀྱི་ནང་དོན་སྙིང་བསྡུས། ལོ་རྒྱུས་ཐོག་བོད་དེ་རྒྱ་མིའི་ཆ་ཤས་མིན་པ་ནི་བོད་མིས་བཤད་པ་ཙམ་མིན་པར། རྒྱ་ནག་གི་ལོ་རྒྱུས་ཡིག་ཚགས་ལས་ཀྱང་གསལ་རྟོགས་ཐུབ་ཀྱི་ཡོད། རྒྱ་ནག་གིས་བོད་ཡུལ་བཙན་བཟུང་བྱས་པ་ནས་བཟུང་། ད་ལྟ་བར་གཞིས་ལུས་བོད་མི་རྣམས་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་ཉིན་མཚན་མེད་པར་དཀའ་སྡུག་གིས་མནར་བཞིན་ཡོད། བོད་མིས་རྒྱ་ནག་མཉམ་དམག་འཐབ་བྱེད་མ་ཐུབ་པ་ནི་གཙོ་བོ་མི་འབོར་དང་དམག་འཐབ་མཚོན་ཆ་ལེགས་ཉེས་ཀྱི་ཧེ་བག་ཡིན། འོན་ཀྱང་། བདེན་པ་ནི་བོད་མིར་ཡོད་པས་བདེན་པའི་ཐབས་ཇུས་ལ་བརྟེན་ནས་བོད་མིའི་རང་དབང་རྩོད་ལེན་བྱེད་དགོས་པ་རེད། དེ་ནི་དབུ་མའི་ལམ་གྱི་སྲིད་ཇུས་སམ་ཐབས་ཇུས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་ཐབས་ལམ་བསྟན་འདུག དེབ་བཀླགས་པའི་མྱོང་ཚོར། དེབ་འདིའི་ནང་བོད་ཀྱི་ལོ་རྒྱུས་དང་། ས་ཆའི་གནས་སྟངས་སོགས་ངོ་སྤྲོད་བྱས་འདུག་པས་བོད་ཡུལ་སྐོར་ཤེས་འདོད་ཡོད་ན་དངོས་གནས་ཕན་ཐོགས་ཆེན་པོ་འདུག ལྷག་དོན་དུ་“འབར་བཞིན་པའི་བོད།”ཅེས་པའི་ལེའུ་དེའི་ནང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་རང་ལུས་མེར་སྲེག་གཏོང་མཁན་བརྒྱ་དང་ལྔ་བཅུ་ལྷག་བྱུང་འདུག་པ་དེ་དག་ནི་ང་ཚོའི་དཔའ་བོ་རེད་ལ། བོད་སྲུང་སྐྱོབ་བྱེད་མཁན་གྱི་བློ་སྟོབས་ཅན་གྱི་དཔའ་བོ་རེད། ང་ལ་ཁོ་ཚོ་ནང་བཞིན་རང་ལུས་མེར་སྲེག་གཏོང་ཐུབ་པའི་སྙིང་སྟོབས་དང་བློ་ཁོག་དེ་མེད་ལ། དེ་དག་བརྙན་འཕྲིན་སོགས་ནས་མཐོང་དུས་ང་རང་གང་ཡང་བྱེད་མ་ཐུབ་པའི་སློབ་མ་ཕལ་བ་ཞིག་ཡིན་པ་ཚོར་བྱུང་། ཚིག་གསར། ཡུལ་གྲུ སྲོག་བསྡོས། སྒྲོ་སྐུར། ཞིང་གཤེགས། ཁྲིམས་བཤེར། འཁྲབ་སྟོན་པ་ཆར་ལིས་ཆབ་ལིན། རྩོམ་པ་པོ། པཱཐི་ཁཱ་བྷིརན་ཌི་མཱཐ། (Patricia Brennan Demuth) བོད་སྒྱུར་བ། བསྟན་འཛིན་གངས་དཀར། ཉི་མ་འཚོ། སྒྲུང་གི་ནང་དོན་སྙིང་བསྡུས། ཆར་ལིས་ཆབ་ལིན་ནི་ལོན་ཌོན་དུ་སྐྱེས་ཤིང་། ཕ་མ་གཉིས་ཀ་གཞས་དང་འཁྲབ་སྟོན་པ་དེ་འདྲ་ཡིན་པའི་ཁྱིམ་ཚང་གི་བུ་ཕྲུག་ཞིག་རེད། ཁོའི་ཨ་མ་གཞས་གཏོང་མཁན་དང་། པཱ་ལགས་ནི་གཞས་ཚིག་རྩོམ་མཁན་དང་འཁྲབ་སྟོན་པ་སྐད་གྲགས་ཅན་ཞིག་རེད། རྗེས་སུ་པཱ་ལགས་གྲོངས་ནས་ཨ་མས་གཞས་གཏོང་མཚམས་བཞག་ནས་བུ་ཕྲུག་རྣམས་གསོ་དགོས་པའི་དཀའ་ངལ་ཅན་གྱི་ཁྱིམ་ཚང་ཞིག་ཏུ་གྱུར། ཉིན་ཞིག་མི་ཞིག་གིས་ཆར་ལིས་ཆབ་ལིན་ལ་འཁྲབ་སྟོན་འཁྲབ་རྒྱུའི་གོ་སྐབས་ཤིག་སྤྲད་པས་ཁོས་མི་མང་རྣམས་ཧང་སང་དགོས་པ་བཟོས། དེ་ནས་བཟུང་ཉི་མ་དང་ཟླ་བ་བྱས་ནས་འཁྲབ་སྟོན་བྱས་པས་སྙན་གྲགས་ཆེན་པོ་ཞིག་ཏུ་གྱུར། སྒྲུང་དེབ་བཀླགས་པའི་མྱོང་ཚོར། ཆར་ལི་ཆབ་ལིན་གྱི་ནང་མིའི་འཚོ་བ་ཇེ་སྐྱོ་ནས་ཇེ་སྐྱོར་འགྲོ་དུས་ཁོས་སློབ་གྲྭར་འགྲོ་མཚམས་བཞག་ནས་རང་གི་ནུས་རྩལ་སྟོན་ནས་འཁྲབ་སྟོན་བྱས། ཁོའི་འཁྲབ་སྟོན་ག་རེ་བལྟས་ཀྱང་གད་མོ་མ་ཤོར་བ་ཞིག་མེད་པས་ང་རང་ཁོའི་འཁྲབ་སྟོན་བལྟ་རྒྱུར་དགའ་བོ་ཡོད། བྱས་ཙང་། མི་སོ་སོ་ལ་རང་བཞིན་གྱི་འཇོན་ཐང་ཞིག་དང་ཡང་ན་སྦྱངས་ནས་མཁས་པོ་ཆགས་པའི་འཇོན་ཐང་རེ་ཡོད། ང་ཚོས་སོ་སོའི་ནུས་པ་དང་འཇོན་ཐང་སྟོན་དགོས་དུས་ངེས་པར་དུ་སྟོན་དགོས། ངོ་ཚ་ནས་བསྡད་ན་དེ་ནི་མི་ཚེའི་ནང་གི་གྱོང་གུད་ཆེན་པོ་ཞིག་ཏུ་འགྱུར་གྱི་རེད་སྙམ་བྱུང་ངོ་། རྒྱབ་གཟུགས། རྩོམ་པ་པོ། ཀྲུའུ་ཙེ་ཆིང་། སྒྲུང་གི་ནང་དོན་སྙིང་བསྡུས། ལོ་དེའི་དགུན་ཁ་རྨོ་མོ་ཚེ་ལས་འདས་ནས་ཕ་བུ་མཉམ་འཛོམས་ཀྱིས་ཁྱིམ་ནོར་བཙོངས་ནས་རྨོ་མོའི་འདས་མཆོད་བྱས་པ་དང་། […]
ལུག་རྫི་རྫུན་རྐྱལ་གྱི་སྒྲུང
དཀོན་མཆོག་རིག་འཛིན་ཤར་པ།འཛིན་གྲྭ་དྲུག་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ། རྩོམ་པ་པོ། བསོད་ནམས་སྒྲོལ་མ། སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་དུས་སུ་ཕྲུ་གུ་ཞིག་ཕ་མས་ལུག་འཚོ་བར་བཏང་བ་དང་། ལམ་དུ་འགྲོ་དུས་ཕ་མས་བུ་ལུག་ཁྱུར་སྤྱང་ཀི་སོགས་ཀྱི་གནོད་འཚེ་བྱུང་ན། འབོད་པའི་བརྡ་གྱིས། ང་ཚོས་རོགས་པ་བྱེད་པར་ཡོང་ཆོག་ཟེར་ནས་བཏང་། ཉིན་གཅིག་ལུག་རྫི་ཕྲུ་གུས་མི་ཚོ་མགྱོགས་པ་ཤོག་དང་། ང་ཚོའི་ལུག་ཁྱུའི་ནང་སྤྱང་ཀི་སླེབས་སོང་། ཞེས་སྐད་ཆེན་པོའི་བོས་པ་རེད། ནང་མི་ཚང་མ་ཕྲུ་གུ་དེ་ལ་རོགས་པ་བྱེད་དུ་སླེབ་སྐབས། ཕྲུ་གུ་དེ་གད་མོ་ཤོར་ནས་བསྡད། ཉིན་ཞིག་སྤྱང་ཀི་མངོན་སུམ་དུ་སླེབ་སྐབས་ཕྲུ་གུ་དེས་ནང་མི་ཚོ་བོས་ནའང་། ནང་མིས་ཕྲུ་གུ་དེས་རྫུན་བཤད་པ་རེད་སྙམ་ནས་ཁོ་ལ་རོགས་པ་བྱེད་དུ་འགྲོ་མེད། དེ་འདྲ་སོང་ཙང་། ལུག་ཚང་མ་སྤྱང་ཀིས་བསད་པ་མ་ཟད་ལུག་རྫི་བུ་ཁོ་རང་ཡང་སྤྱང་ཀིས་བསད་པ་རེད། ཚིག་གསར། འགྲོ་བ། ལུག་ཁྱུ། གནོད་འཚེ། ཐོས་འཕྲལ། སྐྱག་རྫུན། ཕ་བུ་བོང་གསུམ་གྱི་སྒྲུང་། རྩོམ་པ་པོ། བསོད་ནམས་སྒྲོལ་མ། སྒྲུང་གི་བསྡུས་དོན། རང་ཉིད་ཀྱི་བརྟག་ཤེས་དང་དཔྱད་མ་བྱས་པར་མི་གཞན་གྱིས་ལབ་པ་སོགས་ལ་ཉན་པ་ཡིན་ན། ཕ་བུ་གཉིས་ཀྱིས་མི་གཞན་གྱིས་ཟེར་པ་རྣམས་ཉན་ནས་སོ་སོ་ལ་ཡོད་པའི་བོང་བུ་གཅིག་པོ་དེ་ཡང་བསྟེར་ལ་སྟོས་ནས་ཟམ་པ་གཅིག་སྟེང་དུ་སླེབས་པ་དང་། ཐག་པ་བཅད་དེ་བོང་བུ་ཆུར་ལྷུངས་ནས་ཤིའོ། ཚིག་གསར། གསེར་སྒོང་གཏོང་བའི་སེར་བྱ་ངང་པའི་སྒྲུང་། མི་ཞིག་ལ་སེར་བྱ་ངང་པ་ཞིག་ཡོད་པ་དེས་ཉིན་རེར་གསེར་གྱི་སྒོང་ང་གཏོང་གི་ཡོད། མི་དེ་འདོད་ངམ་བྱས་ནས་བྱ་མོའི་ཁོག་པ་བཤགས་ནས་ལྟ་དུས་གསེར་སྒོང་གཅིག་ཀྱང་མ་མཐོང་བས་ཁོ་འགྱོད་པ་ཆེན་པོ་སྐྱེས་པ་རེད། ཚིག་གསར། ཉིན་རེར། ཐེངས། སྙམ། བཤགས།
མཚར་གཏམ། རྒྱ་མིའི་ཟ་ཁང་ག་འད
པདྨ་ཆོས་སྐྱིད།འཛིན་གྲྭ་དྲུག་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ། རྩོམ་པ་པོ། འཇམ་དབྱངས་བསྟན་འཛིན། སྒྲུང་གི་མདོར་དོན། ཉིན་ཞིག་གྲོང་གསེབ་ཀྱི་པ་ལགས་ཤིག་ལྷ་སར་ཕེབས་ནས་རྒྱ་མིའི་ཟ་ཁང་ཞིག་གི་ནང་ལ་ཉིན་གུང་ཞལ་ལག་མཆོད་པ་རེད། ཟ་ཁང་གི་སྦྱིན་བདག་རྒྱ་མི་ཕོ་གསར་དེས་ང་ཚོའི་ཟ་ཁང་ག་འདྲ་འདུག་གམ། བཞུགས་ས་སྐྱིད་པ་འདུག་གམ། ཞེས་སྐད་ཆ་དྲིས། གྲོང་གསེབ་ཀྱི་པ་ལགས་དེས། རྒྱ་མི་ཁྱེད་ཚོ་ང་ཚོ་བོད་པའི་ལུང་པ་བཞུགས་ས་སྐྱིད་པ་འདུག་གམ། ཞེས་ཕར་སྐད་ཆ་དྲིས། དེར་རྒྱ་མི་ཕོ་གསར་དེས་ལན་བརྒྱག་རྒྱུ་མ་རག་པ་རེད། ཨོ་ལི་ཝར་ཊེ་ཝི་སེཊ། (Oliver Twist) རྩོམ་པ་པོ། ཆར་ལེ་སི་ཌི་ཁིན། (Charles Dickens) སྒྲུང་གི་མདོར་དོན། ཨོ་ལོའི་ཝར་ནི་ཕན་བདེ་ཁང་ནང་སྐྱེས་པ་དང་། ཁོ་འཇིག་རྟེན་འདིར་སྐྱེ་འཇུག་མཁན་ནི་ཆོས་སྡེའི་གཤག་བཅོས་སྨན་པ་ཞིག་ཡིན། ཨོ་ལི་ཝར་ལ་ལྟ་སྐྱོང་བྱེད་མཁན་ནི་སྨན་ཞབས་ར་བཟི་རྒད་མི་ཞིག་ལས་མེད་ཅིང་། བལ་གྱི་མལ་གདན་ཆུང་ཆུང་དེའི་སྟེང་དུ་དབུགས་ཧལ་བཞིན་ཡོད། ཁོའི་སྐྱེད་མ་བུད་མེད་ན་གཞོན་དེས་གཉོམ་ཆུང་ནུས་མེད་དང་སྔས་མགོ་ནས་མགོ་བོ་ཡར་བཏེགས་ཏེ་ལག་ཟུང་ཕྲུ་གུའི་ཕྱོགས་སུ་བརྐྱངས། གཤག་བཅོས་ཨེམ་ཆིས་ཕྲུ་གུ་མོའི་ལག་ཏུ་བཞག་པ་དང་། མོས་རང་ཉིད་ཀྱི་ཕྲུ་གུའི་ད་དཔྲལ་བར་འོ་ཞིག་བྱས་མཐར་མགོ་བོ་སྔས་ཐོག་ཏུ་ལྷུང་སྟེ་ཕྱི་མར་གཤེགས་པ་རེད། ཚིག་གསར། ཚིགས་ཁེབས། ཁ་ཆེམས། མཛེས་སྡུག གཤིན་རྗེ། གཉེར་ཚང་། པད་མ་དང་ཤོག་ཐུམ་ཞིག རྩོམ་པ་པོ། མཱ་ནཱོ་ཇི། ཉི་མ་འཚོ། སྒྲུང་གི་མདོར་དོན། པད་མ་ནི་རི་བོང་ཞིག་ཡིན་པ་དང་། མོ་སྣང་ཆུང་བྱེད་རྒྱུར་དགའ་པོ་ཡོད། ཉིན་ལྟར་ཕ་མ་ཡི་ལབ་པའི་སྐད་ཆར་ཉན་གྱི་མེད་པ་དང་། ཉིན་ཞིག་པ་ཕ་ཡིས་པད་མ་སྣང་ཆུང་བྱེད་མཁན་ཞིག་ཡིན་པ་ཧ་གོ་དུས་མོ་ལ་བསླབ་བྱ་བརྒྱབ་ཀྱང་མོས་སྣང་མེད་བཏང་བ་རེད། ཐེངས་ཤིག་པད་མ་འོ་མ་ཉོས་བར་འགྲོ་བ་རེད། ཚོང་བདག་གིས་རིན་པ་སྤྲོད་རོགས་ལབ་དུས་པད་མ་ཡིས་མིག་ཆེ་རུ་གདངས་ནས་བལྟས་བསྡད་ནས་ཚོང་བདག་ལ་ང་ཚོའི་པད་མ་ནི་དེ་འདྲ་རེད། ཞེས་བཤད་པ་རེད། ཉིན་ཞིག་པད་མ་གྲོགས་པོ་དང་མཉམ་དུ་འགྲོ་སྐབས་བུད་མེད་ཅིག་སྤྱི་སྤྱོད་རླངས་འཁོར་དུ་འཛུལ་དུས་ལག་ཁུག་ནས་ཤོག་ཐུམ་ཞིག་ཟགས་པས། པད་མ་ཡིས་ཉར་ནས་རྗེས་ལ་ཁ་སང་ཡོང་སའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཆུ་ཕག་དེ་ལ་ཤོག་ཐུམ་དེ་སྤྲད་ནས་ནང་ལོག་པ་རེད། ཨ་མ་ཡིས་པད་མ་ལ་ཨ་ཅེ་ཝ་མོ་ཁྱེད་ཐུག་འཕྲད་དུ་སླེབས་འདུག་ཞེས་བཤད། ཨ་ཅེ་ཝ་མོ་ཡིས་པད་མ་ལ་བཀའ་དྲིན་ཆེ་ལབ་ནས་རྩེ་ཆས་ཤིག་སྤྲད། པད་མ་ནི་འགན་འཁུར་བྱེད་མཁན་ཞིག་ཏུ་འགྱུར་བས་ཕ་མ་གཉིས་དགའ་པོ་བྱུང་། བསླབ་བྱ། བྱ་སྤྱོད་ལེགས་པོ་ནི་མཐའ་མར་རང་གི་རྒྱན་ཆ་ཡིན། ཚིག་གསར། སྣང་ཆུང། […]
སྟག་མོར་སྐྱེས་པའི་རབས།
བསྟན་འཛིན་གཡུ་མཚོ།འཛིན་གྲྭ་དྲུག་པ། དྷ་སྟེང་བོད་ཀྱིམ་སློབ་གྲྭ། རྩོམ་པ་པོ། བུདྷ་སྐྱབས། སྒྲུང་གི་མདོར་དོན། ཤིང་རྟ་ཆེན་པོ་ཟེར་བའི་རྒྱལ་པོ་ཞིག་ལ་ཕྲུ་གུ་བུ་གསུམ་ཡོད། ཆེ་ཤེས་གཉིས་ཀྱི་མིང་སྒྲ་ཆེན་པོ་དང་ལྷ་ཆེན་པོ་ཡིན་པ་དང་། ཆུང་ཤོས་མིང་ལ་སེམས་ཅན་ཆེན་པོ་ཟེར་གྱི་ཡོད། ཉིན་ཞིག་ཁོ་ཚོ་གླིང་ཁ་གཏོང་རུ་འགྲོ་བའི་སྐབས་སྟག་མོ་ཞིག་མཐོང་བ་རེད། དེ་ཤི་གྲབས་ཡོད་སར་སྟག་ཕྲུག་གཉིས་ཡོད། སྟག་ནི་ཤ་གཟན་སེམས་ཅན་ཡིན་པས་སྲས་སེམས་ཅན་ཆེན་པོའི་ལུས་སྟག་མོ་ལ་སྦྱིན་པ་བཏོང་བ་རེད། རྗེས་སུ་སྲས་སེམས་ཅན་ཆེན་པོ་ལྷ་ཡུལ་ལ་ཕྱིན་པ་རེད། ཚིག་གསར། སྤྲེའུ་རྒྱལ་པོར་སྐྱེས་པའི་རབས། རྩོམ་པ་པོ། བུདྷ་སྐྱབས། སྒྲུང་གི་མདོར་དོན། སྔོན་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྤྲེའུ་རྒྱལ་པོ་ཞིག་ཡོད། ཁོང་གི་རང་གི་སྤྲེའུ་རྣམས་ལ་རང་གི་ཤིང་སྡོང་སྒང་ནས་ཤིང་ཏོག་ཟ་དགོས་པ་དང་། སྤྲེའུ་གཞན་གི་ཤིང་སྡོང་ནས་ཤིང་ཏོག་ལེན་རྒྱུ་མེད་པའི་བསླབ་བྱ་ཉིན་ལྟར་རྒྱག་གི་ཡོད། ཉིན་ཞིག་སྤྲེའུ་རྒྱལ་པོས་ཤིང་སྡོང་ནས་ཤིང་ཏོག་ཞིག་བཟས་པ་རེད། ཤིང་ཏོག་དེ་རྗེས་སུ་རྒྱལ་པོ་ལ་རག་ནས་ཞིམ་པོ་བྱུང་བ་རེད། དེ་འདྲ་སོང་ཙང་། རྒྱལ་པོས་དམག་མི་ཁྱེར་ནས་སྤྲེའུ་རྒྱལ་པོའི་ཤིང་སྡོང་འགྲམ་ཕྱིན་པ་རེད། ཁོ་ཚོས་སྤྲེའུ་བརྡུངས་བ་རེད། སྤྲེའུ་རྒྱལ་པོའི་སེམས་པ་མ་བཟོད་པར་རང་གི་མི་ཚེ་ལ་མི་བལྟ་བར་སྤྲེའུ་རྒྱལ་པོས་སྤྲེའུ་གཞན་རྣམས་བསྐྱབས་པ་རེད། དེ་རྒྱལ་པོས་མཐོང་དུས་སྙིང་རྗེ་ནས་སྤྲེའུ་རྒྱལ་པོ་ལ་སྨན་བཅོས་བྱས་པ་རེད། དེ་འདྲ་སོང་ཙང་། ཁོ་ཚོ་མི་རུ་རྒྱུར་ནས་སེམས་བཟང་པོ་བྱེད་པ་རེད། ཚིག་གསར། རྨོ་མོའི་སྒྲུང་གཏམ་གྱི་མཛོད། རྩོམ་པ་པོ། སུ་དྷ་མུར་ཐི། སྒྲུང་ཐུང་དང་པོ། ལྷ་རྗེ། རྨོ་རྨོ་ཨ་ཇཱ་(Ajja) ཡིས་ཕྲུ་གུ་རྣམས་ལ་སྒྲུང་ཞིག་བཤད་པ་རེད། སྒྲུང་འདེ་ཡི་ནང་ལ་བུ་(Ravi)ཟེར་བ་ཞིག་ཡོད། ཁོ་ཚོ་ཆུ་སྐོན་པོ་ཞིག་ཡོད་པའི་ས་ཆ་ཞིག་དུ་གནས་ཀྱི་ཡོད། ཁོ་སེམས་བཟང་པོ་ཡོད་པས་ཁོས་ཆུ་དེ་མི་རྒན་པོ་ཞིག་ཏུ་སྤྲད་པ་རེད། དེ་རྗེས་མི་རྒན་པོ་དེ་ལྷ་ཡིན་པ་དང་། ལྷ་ཡི་ཁོ་ལ་ཆུ་རྫོགས་མཐའ་མེད་པ་སྤྲད་པ་རེད། སྒྲུང་ཐུང་གཉིས་པ། འཆི་བདག་གིས་བོས་དུས། ལུང་པ་ཞིག་གི་ནང་མི་སེམས་བཟང་་ཞིག་ཡོད། ཁོའི་ལམ་ལ་མི་སྐྱོ་བོ་ཞིག་ཡོད། མི་ཡག་པོ་དེས་སྙིང་རྗེ་སྐྱེས་ནས་མི་སྐྱོ་བོ་དེ་ནང་ལ་ཁྲིད་ནས་ཁ་ལག་སྤྲད་པ་རེད། མི་དེ་རྗེས་ལ་ལྷ་ཡིན་པས་ཁོ་ལྷ་ཡུལ་དུ་ཁྱེར་གྱི་རེད། ཚིག་གསར།
