Skip to main content
ཤེས་རིག་ལས་ཁུངས།

མགྲིན་བཟང་བོང་བུ།

མགྲིན་བཟང་བོང་བུ།

ཁ་རམ་པདྨ་བདེ་སྐྱིད།འཛིན་གྲྭ་བདུན་པ། སྦེལ་ཀོབ་སྃ་བྷོ་ཊ་ཉིན་སློབ། རྩོམ་པ་པོ། ཤནྐར། བོད་སྒྱུར་བ། ཚེ་རིང་དཔལ་འཛོམས། ​སྒྲུང་གི་ནང་དོན་སྙིང་བསྡུས། ​བོང་བུ་རྒན་པོ་ཞིག་མཚན་མོ་ལམ་ལ་འགྲོ་བའི་སྐབས་སུ་ཁྱི་སྤྱང་ཞིག་དང་འཕྲད། ཁོ་གཉིས་ཟ་མ་འཚོལ་དུ་སོང་བ་རེད། བོང་བུ་རྒན་པོ་དེས་ཉིན་གང་ལས་ཀ་བྱས་ཀྱང་སྦྱིན་བདག་གིས་ཁ་ལག་ནམ་ཡང་སྤྲོད་ཀྱི་མེད། དེ་འདྲ་སོང་ཙང་ཟ་མ་འཚོལ་དུ་ཕྱིན། ཡུན་རིང་རྗེས་ཁོ་གཉིས་ཞིང་ཁ་ཞིག་གི་ནང་དུ་འབྱོར་ནས་ཆུ་ག་གོན་ཚད་མེད་བཟས་པ་རེད། བོང་བུ་སྐྱིད་ཐག་ཆོད་ནས་དེ་རིང་ང་གཞས་ཤིག་གཏོང་འདོད་འདུག་ཅེས་ཁྱི་སྤྱང་ལ་བཤད། ཁྱི་སྤྱང་གིས་ཚ་བོ་ཁྱེད་རང་དེ་རིང་གཞས་མ་གཏོང་། ཞིང་པ་ཚོས་ཁྱེད་ལ་ཉེས་རྡུང་གཏོང་གི་རེད་ལབ་ཀྱང་། བོང་བུས་མ་ཉན་པར་ད་དུང་ཁོ་ཚོས་ངའི་གཞས་ལ་དགའ་པོ་ཞེ་དྲག་བྱེད་ཀྱི་རེད་སྨྲས་ནས་སྐད་གསང་མཐོ་བོས་གཞས་བཏང་། ཁྱི་སྤྱང་གྲུང་པོ་ཡོད་པས་བྲོས་ཕྱིན། སྐབས་དེར་ཞིང་པ་ཚོས་དབྱུག་པ་འཁྱེར་སླེབས་ནས་བོང་བུ་ལ་ཉེས་རྡུང་ཚད་མེད་བཏང་ངོ་།། ཚིག་གསར། མགྲིན་བཟང་། སྐད་གསང་། འདོད་པ་ཚིམས་པ། ཧུར་ཐག ཟ་འཇུག གྲོད་ཁོག རྒྱགས་ཚད། རྐུ་མཁན། ཉེས་རྡུང་། སྟག་མོར་སྐྱེས་པའི་རབས། རྩོམ་པ་པོ། བུདྡྷ་སྐྱབས། སྒྲུང་གི་ནང་དོན་སྙིང་བསྡུས། སྔ་མོ་སྔ་མོ་རྒྱལ་པོ་ཞིག་ལ་སྲས་གསུམ་ཡོད། ཆེ་བའི་མིང་ལ་སྒྲ་ཆེན་པོ་དང་། འབྲིང་བའི་མིང་ལ་ལྷ་ཆེན་པོ། ཆུང་བའི་མིང་ལ་སེམས་ཅན་ཆེན་པོ་བཅས་ཡིན། རྒྱལ་སྲས་རྒན་པ་དང་འབྲིང་བ་ནི་དཔའ་རྩལ་ཡག་པོ་དང་སེམས་ཅན་ཆེན་པོ་ནི་གཞན་ལ་རོགས་རམ་དང་སྦྱིན་པ་གཏོང་རྒྱུར་དགའ། ཉིན་ཞིག་རྒྱལ་པོ་དང་བཙུན་མོ་སྲས་གསུམ་པོ་ཡུལ་ལྗོངས་ཤིག་ཏུ་གླིང་ག་གཏོང་བར་ཕྱིན་པ་རེད། སྐབས་དེར་སྲས་གསུམ་གྱིས་སྟག་མོ་གཟུགས་པོ་སྐམ་ལ་གཟུགས་ཤིན་ཏུ་སྐྱོ་བོ་ཡོད་ཀྱང་སོ་སོའི་སྟག་ཕྲུག་གཉིས་ལ་འོ་མ་སྤྲོད་བཞིན་ཡོད་པ་མཐོང་། རྒྱལ་སྲས་གསུམ་སྟག་ཚང་དུ་བལྟ་བར་ཕྱིན། སེམས་ཅན་ཆེན་པོས་སྟག་མོ་ལ་བྱིལ་བྱིལ་བྱས་ཀྱང་འགུལ་ཙམ་ཡང་མ་བྱས་པར་གཉིད་དུ་ཡུར། ཁོ་ཚོས་སྟག་མོ་དེ་ལ་ཁ་ལག་རག་མེད་པ་ཤེས། སེམས་ཅན་ཆེན་པོས་སྟག་མོ་གཅན་གཟན་ཡིན་པས་ཁོང་ཚོར་ཤ་ཁྲག་དགོས་རེད་ལབ། གཅེན་པོ་གཉིས་ཀྱིས་སྟག་མོར་སེམས་ཁྲལ་མ་བྱེད། ཕ་མ་གཉིས་སེམས་ཁྲལ་གནང་གི་རེད། ང་ཚོ་ནང་ལ་འགྲོ་ལབ་པ་རེད། ཡིན་ན་ཡང་། སེམས་ཅན་ཆེན་པོ་མ་ཕྱིན་པར་ཁྱེད་གཉིས་སྔོན་ལ་ཕེབས། ང་རྗེས་ལ་ཡོང་གི་ཡིན་ཞེས་བཤད། སེམས་ཅན་ཆེན་པོ་སྙིང་རྗེ་དང་ལྡན་པས་ཤིང་རྣོ་པོ་ཞིག་གིས་རང་གི་ཤ་ལྤགས་བཤུས་ནས་ཁྲག་སྟག་མོ་ལ་སྤྲད། སྟག་མོ་གཉིད་སད་ནས་གཅུང་པོ་ཆུང་ཤོས་ཀྱི་ལུས་པོ་བཟས། གནས་ཚུལ་དེ་དག་ཁོའི་གཅེན་པོ་དང་ཕ་མ་གཉིས་ཀྱིས་ཤེས་ནས་ཚང་མ་ཐུགས་ཤིན་ཏུ་སྐྱོ་བ་རེད། ཉིན་ཞིག་ནམ་མཁའ་ནས་ང་ལྷ་ཡུལ་དུ་ཡོད། རྒྱལ་ཡུམ་གཉིས་ཐུགས་ཁྲལ་གནང་མི་དགོས་ཞེས་པའི་སྒྲ་ཞིག་ཐོས། སྒྲ་དེ་ཐོས་མ་ཐག་ཡབ་ཡུམ་དང་མི་དམངས་ཚོས་ལག་གཉིས་ཐལ་མོ་སྦྱར་ནས་བར་སྣང་ལ་བལྟས་པས་སེམས་ཅན་ཆེན་པོའི་ཞལ་རས་མཇལ་བ་རེད། ཚིག་གསར། […]

རྩོམ་པ་པོ་ཧེ་ལན་ཀེ་ལར།

རྩོམ་པ་པོ་ཧེ་ལན་ཀེ་ལར།

བསྟན་འཛིན་དགྲ་འདུལ།འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། རྩོམ་པ་པོ། གྷེར་ཐོམ་སོན། བོད་བསྒྱུར་བ། བསྟན་འཛིན་མེ་ཏོག ཉི་མ་འཚོ། རི་མོ་བ། པདྨ་ཚེ་རིང། སྒྲུང་གི་ནང་དོན་སྙིང་བསྡུས། སོ་སོའི་གཟུགས་པོའི་ཆ་ཤས་ཚང་མེད་ན་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་མི་སྲིད་ཟེར་ན། ནོར་བ་རེད། དཔེར་ན། ཧེ་ལན་ཀེ་ལར་ལ་ཆ་བཞག་ན་ཁོ་མོ་ནི་ཞ་ར་ཡིན་པ་མ་ཟད། འོན་པ་ཡང་ཡིན། འོན་ཀྱང་། ཁོ་མོའི་སེམས་ཤུགས་ནམ་ཡང་མི་ཆགས་པར་འབྲི་ཀློག་བཤད་གསུམ་སྦྱངས་པ་རེད། ད་དུང་དེ་ཙམ་མིན་པར་ཁོ་མོས་བཙོངས་གྲངས་ཆེས་མང་བའི་དཔེ་དེབ་ཡང་མང་པོ་བརྩམས་པ་མ་ཟད། འཛམ་གླིང་གི་ལུང་པ་མང་པོར་གཏམ་བཤད་ཀྱང་གནང་ཡོད། དེ་ཡང་ཁོ་མོའི་དགེ་རྒན་དང་། ཕ་མའི་བརྒྱབ་སྐྱོར་འོག་རང་ཉིད་ཀྱི་འབད་བརྩོན་དང་སྙིང་སྟོབས་ལ་བརྟེན་ནས་བྱུང་བ་ཞིག་རེད། དབང་པོ་སྐྱོན་ཅན་ཞིག་ཡིན་ཡང་མི་གཞན་དང་མི་འདྲ་བའི་ཁྱད་དུ་འཕགས་པའི་མི་སྣ་ཞིག་ཏུ་གྱུར་ཡོད་ན། དབང་པོ་ལྔ་ཆ་ཚང་བའི་མི་དེ་ཚོ་དེ་ལས་ཀྱང་ཁྱད་དུ་འཕགས་པའི་མི་ཞིག་ཆགས་དགོས་ངེས་རེད་བསམ་བྱུང་། ཚིག་གསར། སྒོ་ཟྭ བཙན་པོ། ཨ་ལད་པད་ཀོ། གཉེན་སྒྲིག ཤབ་ཤུབ། སྣང་བརྙན། ཁྲིམས་འཆར། གསོན་ཤུགས། ཇུ་ལི་ཡ་དང་གླང་ཆེན། རྩོམ་པ་པོ། ཤཱི་ཧྥ་ལི་ཁཱ་ཤིག (Shefali Kaushik) བོད་བསྒྱུར་བ། བསྟན་འཛིན་རང་གྲོལ། རི་མོ་བ། བསྟན་འཛིན་རང་གྲོལ། སྒྲུང་གི་ནང་དོན་སྙིང་བསྡུས། བདག་མེད་སེམས་ཅན་རྣམས་ཀྱིས་དོན་མེད་དུ་གཞན་སུ་ལའང་གནོད་པ་སྐྱེལ་གྱི་མེད། ཁོ་ཚོས་རང་ཉིད་སྲུང་སྐྱོབ་ཡོང་བའི་ཆེད་དགྲ་ཡི་གནོད་པ་འགོག་ཐབས་བྱེད་ཀྱི་ཡོད། དཔེར་ན། གལ་སྲིད་བསྟན་འཛིན་གྱིས་ནོར་བུ་ལ་གནོད་པ་མ་བྱས་ན། ནོར་བུས་ཀྱང་བསྟན་འཛིན་ལ་གནོད་པ་བྱེད་ཀྱི་མེད། ཡང་གལ་སྲིད་བསྟན་འཛིན་གྱིས་ནོར་བུ་ལ་གནོད་པ་བསྐྱལ་ན་ནོར་བུས་དེ་འགོག་ཐབས་བྱེད་ཀྱི་རེད། གང་ཡིན་ཟེར་ན་སོ་སོ་སྲུང་སྐྱོབ་ཀྱི་ཆེད་དུ་རེད། ཚིག་གསར། བློ་རིག སྙམ་པ། བརྒྱན། ཕར་རྒོལ།

དགུ་ཐུག

དགུ་ཐུག

བསྟན་འཛིན་ལྷ་མཛེས།འཛིན་གྲྭ་ལྔ་པ། མེག་གྷན་བོད་ཁྱིམ་ཉིན་སློབ། རྩོམ་པ་པོ། ཆོས་གྲགས། མི་སྣ་གཙོ་བོ། པ་ཕ། ཨ་མ། ཀུན་དགའ། མེ་ཏོག སྒྲུང་གི་ནང་དོན་སྙིང་བསྡུས། དེ་ཉིན་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུ་ཡིན་པའི་དམིགས་བསལ་གྱི་ཉིན་ཞིག་ཆགས་ཡོད། ཀུན་དགའ་དང་མེ་ཏོག་གཉིས་དགུ་ཐུག་འཐུང་རྒྱུ་ལ་བརྔམས་ནས་བསྡད་ཡོད་པ་རེད། ཕ་མས་ཐབ་ཚང་ནང་ལ་དགུ་ཐུག་བཟོས་ཡོད་པ་རེད། ཕ་མས་དགུ་ཐུག་བསྐོལ་ཚར་རྗེས་མེ་ཏོག་གི་དགུ་ཐུག་བག་རིལ་ཁ་ཕྱེ་ནས་དེའི་ནང་ནས་ལ་ཕུག་ཞིག་དོན་པ་རེད། དེ་རྗེས་ཀུན་དགའ་ཡི་བག་རིལ་ཁ་ཕྱེ་ནས་ཚེར་མ་ཞིག་བཏོན་ནས་ཁོ་ཚོ་ཚང་མ་གད་མོ་ཤོར་བ་རེད། པ་ལགས་ཀྱིས་བག་རིལ་ཁ་ཕྱེ་ནས་སོལ་བ་ཞིག་དོན། ཨ་མ་ལགས་ཀྱིས་བག་རིལ་ཁ་ཕྱེ་ནས་སི་པན་ཞིག་དོན་ནས་ཁོ་ཚོ་ཚང་མ་གད་མོ་ཤོར་བ་རེད། བསླབ་བྱ། མི་གཞན་ལ་འཕྱ་སྨོད་བྱེད་རྒྱུ་མེད། ཚིག་གསར། བག་རིལ། སོལ་བ།

རྒྱ་སྟག་དང་ལུ་གུ་ཆུང་ཆུང་།

རྒྱ་སྟག་དང་ལུ་གུ་ཆུང་ཆུང་།

བསྟན་འཛིན་གཞན་འབྱོར།འཛིན་གྲྭ་བཞི་པ། མེག་གྷན་བོད་ཁྱིམ་ཉིན་སློབ། རྩོམ་པ་པོ། བུདྷ་སྐྱབས། སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་ལུག་ཁྱུ་སྔ་ས་ནས་དེད་ནས་ནང་ལ་ལོག་ཟིན་པ་དང་ལུ་གུ་གཅིག་སྤང་ཐང་དུ་གཉིད་ཤོར་བ་རེད། ལུ་གུ་གཉིད་ལས་སད་དུས་རྗེས་སུ་ལུས་པ་ཤེས་ནས་གང་མགྱོགས་ཁྱིམ་དུ་ལོག་རྩིས་བྱས། འོན་ཀྱང་ལམ་བར་དུ་ཨ་ཁུ་སྤྱང་ཀི་དང་ཇོ་གླག གཡི་སོགས་ཐུག་པས་རང་ནུས་གང་ལྕོགས་ཀྱིས་རྒྱ་སྟག་སྐོར་བཤད་ནས་རང་སྲོག་ཐར་ཙམ་བྱུང་བ་རེད། སང་ཉིན་དེར་ལུ་གུ་ཕྱི་ལ་འགྲོ་སྐབས་ཨ་ཁུ་སྤྱང་ཀི་དང་ཇོ་གླག གཡི་བཅས་ཀྱིས་མཐོང་མ་ཐག་ཁོ་ཚོ་གསུམ་ཞེད་ནས་ས་ཕྱོགས་གང་སར་བྲོས་ཕྱིན་པ་རེད། བསླབ་བྱ། སྟོབས་ཆེན་པོ་མེད་ནའང་སྤྱང་གྲུང་དགོས་རྒྱུ་གལ་ཆེ། ཚིག་གསར། རྒྱ་སྟག ལུང་ཁུག གཡི། ལུང་མདོ། མཆོངས་རྒྱུག མང་གཙོའི་དུས་ཆེན། རྩོམ་པ་པོ། བུདྷ་སྐྱབས། སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་འདི་ནི་མང་གཙོའི་སྐོར་རེད། སྔོན་བོད་ཀྱི་སྲིད་གཞུང་ནི་ཕ་ཤུལ་བུ་འཛིན་རེད། ཡིན་ནའང་། དེང་སང་བོད་དེ་མང་གཙོའི་སྲིད་གཞུང་ཞིག་ཆགས་ཡོད། དེ་ཡང་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་རྣམས་ལ་མང་གཙོའི་ལམ་ལུགས་དངོས་སུ་གསོལ་རས་སྩལ་བས་ཡིན། མང་གཙོ་ནི་མི་མང་གཙོ་བོ་ཡིན་པའི་སྐོར་ལ་ལབ་ཀྱི་ཡོད། མི་མང་གཙོ་བོ་ཡིན་ན་མི་གཅིག་གིས་དབང་བསྡུ་ཐུབ་ཀྱི་མེད། དཔེར་ན། རྒྱལ་ཁབ་སྟོབས་ཆེན་ཨ་རི་དང་རྒྱ་གར། ཁེ་ན་ཊྲ། ཕེ་རན་སི་སོགས་མང་པོ་མང་གཙོའི་རྒྱལ་ཁབ་རེད། ཚིག་གསར། ཉལ་གཟན། ཞོར་ལ། མང་གཙོ། དུས་ཆེན། སྲིད་གཞུང་།

ཡིད་དབང་འཕྲོག་པའི་རྭ་གཅིག་མ

ཡིད་དབང་འཕྲོག་པའི་རྭ་གཅིག་མ།

བསྟན་འཛིན་ལྷུན་གྲུབ།འཛིན་གྲྭ་བཞི་པ། མེག་གྷན་བོད་ཁྱིམ་ཉིན་སློབ། རྩོམ་པ་པོ། ཀུན་དགའ་རྒྱལ་མཚན། སྒྲུང་གི་ནང་དོན་སྙིང་བསྡུས། ངས་ཡིད་དབང་འཕྲོག་པའི་རྭ་གཅིག་མ་ཞེས་པའི་སྒྲུང་དེབ་འདི་བཀླགས་སྐབས། དེའི་ནང་ལ་སྐར་མའི་འོད་སྣང་ཟེར་བའི་སེམས་ཅན་རྭ་གཅིག་མ་ཞིག་འདུག ཡུལ་ཨེ་ལི་ཤི་ཡ་ནང་ཡོད་པའི་སེམས་ཅན་གཞན་རྣམས་ཀྱིས་ཁོ་མོའི་མཛེས་སྡུག་ལ་ཕྲག་དོག་གིས་ཚིག་ངན་བཤད་ཀྱི་ཡོད་ཀྱང་། མོས་བཟོད་སེམས་ཆེན་པོས་གང་ཡང་ལབ་ཀྱི་མེད། ཉིན་ཞིག་མོ་རང་ས་ཆ་གཞན་ཏུ་ཕྱིན་སྐབས། དེར་རྭ་གཅིག་མ་མང་པོ་ཞིག་གིས་མོ་རང་ལ་དགའ་པོ་བྱས་པ་དང་མོ་ཡང་དགའ་ཚོར་ཆེན་པོ་བྱུང་། དེ་ནས་མོ་རང་ཡང་བསྐྱར་ཨེ་ལི་ཤི་ཡར་ཕྱིན་སྐབས། སེམས་ཅན་ཚང་མས་ཕྲག་དོག་བྱ་རྒྱུའི་ཚབ་ཏུ་ཧ་ཅང་གི་དགའ་པོ་བྱས་པ་རེད། ནང་དོན་གནད་བསྡུས་ནི་སེམས་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་བ་དེ་རེད་དོ། ཚིག་གསར། ཡིད་དབང་འཕྲོག་པ། རྭ་གཅིག་མ། མུ་འཁྱུད། ཚང་ཚིང་། སྤྲིན་ཕུང་། ཟེ་རྔོག གསེར་བཙོ་མ། གཙེར་སྐད། བྲད་པ། སྟག་མོར་ལུས་སྦྱིན། རྩོམ་པ་པོ། བུདྷ་སྐྱབས། སངས་རྒྱས་ཀྱི་སྐྱེས་རབས་སྟག་མོར་ལུས་སྦྱིན་ཞེས་པའི་སྒྲུང་གི་ནང་དོན་སྙིང་བསྡུས་ནི། ཤིང་རྟ་ཆེན་པོ་ཞེས་པའི་རྒྱལ་པོ་དང་བཙུན་མོ་གཉིས་ལ་སྲས་གསུམ་ཡོད་པའི་ནང་ནས། སྲས་ཆུང་ཤོས་སེམས་ཅན་ཆེན་པོ་ནི་དུས་རྒྱུན་ནས་སེམས་ཅན་ལ་དགའ་པོ་ཡོད་པ་མ་ཟད་གཅན་གཟན་སྟག་མོ་གྲོད་ཁོག་ལྟོགས་ནས་ཤི་གྲབས་ཡོད་སྐབས། དེར་སོ་སོའི་རྩ་ཆེ་བའི་ལུས་སྦྱིན་པ་བཏང་སྟེ་ལྷ་ཡུལ་དུ་སྐྱེས་པ་རེད། བསླབ་བྱ། ང་ཚོས་མི་དང་སེམས་ཅན་ལ་བརྩེ་བ་དང་ཕན་ཐོགས་བྱས་ན་འབྲས་བུ་བཟང་པོ་ཞིག་ཡོད་པ་བསྟན་ཡོད། ཚིག་གསར། སྐྱེས་རབས། སྟོན་པ། རྒྱལ་ཁམས། སྤྲོ་གསེང་། བཙས་པ། གཟུགས་གཞི། འཁྱར་འཁྱོར། ཤུལ། འཁོར་བཅས།

ངང་པ་དང་རུས་སྦལ།

ངང་པ་དང་རུས་སྦལ།

བསྟན་འཛིན་ནོར་འཛིན།འཛིནགྲྭ་གསུམ་པ། མེག་གྷན་བོད་ཁྱིམ་ཉིན་སློབ། རྩོམ་པ་པོ། འཇམ་དབྱངས་རྒྱལ་མཚན། ནང་དོན་སྙིང་བསྡུས། རྫིང་བུ་ཞིག་ལ་ཐན་པ་བྱུང་སྐབས་དེར་གནས་པའི་ངང་པ་གཉིས་ཀྱིས་ས་ཆ་གཞན་ལ་སྤོ་རྩིས་བྱས། ཁོ་གཉིས་ཀྱིས་རྒྱུག་པའི་སྣེ་གཉིས་ནས་བཟུང་ཏེ་རུས་སྦལ་དཀྱིལ་ལ་བཞག ལམ་ལ་རྫི་བོ་དང་ཞིང་པ་སོགས་ཀྱིས་ངང་པ་ལ་བསྟོད་བསྔགས་བཏང། འོན་ཀྱང་རུས་སྦལ་གྱིས་དེ་ངས་ཐབས་ཤེས་ཡིན་ལབ་ན་ས་ལ་ལྷུང་སྟེ་ཤི་བ་རེད། བསླབ་བྱ། ཕྲག་དོག་དང་ང་རྒྱལ་བྱས་ན་མཐའ་མར་སོ་སོ་ལ་གྱོང་རག ཚིག་གསར། ཞུ་བ་འཐེན། ནན་པོ། སྣང་དག ཝ་མོས་སྤྱང་ཀི་བཏུལ་བ། རྩོམ་པ་པོ། བུ་དྷ་སྐྱབས། སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་ར་དང་ཝ་མོ་གྲོགས་པོ་འཆམ་པོ་གཉིས་ཡོད། ཉིན་ཞིག་གྲོགས་པོ་ར་སྤྱང་ཀི་ཞིག་གིས་བཟས་པས་གྲོགས་པོ་ཝ་མོས་རོགས་པ་གང་ཡང་བྱེད་མ་ཐུབ་ནས་ལྷག དེ་ནས་གྲོགས་པོ་ཝ་མོ་དེ་ལ་གྲོགས་པོ་རའི་དགྲ་ཤ་ལེན་རྒྱུའི་ཐབས་ཤེས་རག་ཀྱང་ཐབས་ཤེས་དེ་གནས་སྐབས་རིང་ཕན་ཐོགས་བྱུང་མེད། གང་ཙམ་སོང་ནས་སྤྱང་ཀི་དེ་ཐུག་ནས་ཡང་བསྐྱར་གྲོགས་པོས་ཐབས་ཤེས་གཉིས་པ་དེ་བཏང་བས་ལམ་ལྷོངས་ཡག་པོ་བྱུང། བསླབ་བྱ། ང་ཚོས་བློ་གྲོས་དང་རྣམ་སྤྱོད་སྤྱད་ན་སོ་སོ་ལས་ཆེ་བའི་དགྲ་ཡང་བཏུལ་ཐུབ། ཚིག་གསར། ལམ་ལྷོངས།