Skip to main content
ཤེས་རིག་ལས་ཁུངས།

བཤན་པ་དང་ལུ་གུ།

བཤན་པ་དང་ལུ་གུ།

བསྟན་འཛིན་དཔལ་སྐྱིད།འཛིན་གྲྭ་གསུམ་པ། མེག་གྷན་བོད་ཁྱིམ་ཉིན་སློབ། རྩོམ་པ་པོ། འཇམ་དབྱངས་རྒྱལ་མཚན། སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་བཤན་པ་ཞིག་ཡོད། དེ་ལ་ལུག་བརྒྱ་ཕྲག་མང་པོ་ཡོད། ཉིན་ཞིག་ཚོང་པ་ཕྱུག་པོ་ཞིག་ཁོའི་འགྲམ་ལ་སླེབས་ནས་ངའི་བུའི་སྐྱེས་སྐར་ཉིན་ལུག་ཞིག་དགོས་མཁོ་ཆེན་པོ་འདུག ཞེས་ལབ་མ་ཐག་བཤན་པ་དེ་དངུལ་ལ་བརྔམས་ནས་ལགས་སོ་ལབ་པ་རེད། ཁོས་ལུག་གཙང་པོའི་འགྲམ་ལ་ཁྲིད་ནས་སླེལ་པོ་དེ་བཀྲུས་པ་རེད། ཁོས་སླེལ་པོ་འཁྲུད་སྐབས་ལུ་གུས་བཤན་པའི་གྲི་དེ་སོ་སོའི་འོག་ཏུ་སྦས་པ་རེད། བཤན་པས་གྲི་ག་ཚོད་བཙལ་ཀྱང་མ་རྙེད། མཐའ་མར་བཤན་པས་ལུ་གུའི་འོག་ལ་ཡོད་པ་མཐོང་བས་དེ་ཡར་བླངས་ཏེ། ལུ་གུ་དེ་གསོད་གྲབས་བྱེད་སྐབས་ལུ་གུས་གཡོལ་ཐབས་མ་བྱེད་པས་བཤན་པས་ལུ་གུ་མ་གསད་པ་རེད། བཤན་པ་སེམས་སྐྱོ་བཞིན་ཨོཾ་མ་ཎི་པདྨེ་ཧཱུཾ་ལབ་ནས་གཡང་ལ་མཆོང་སྐབས་ཁོ་ལྷ་ཡུལ་ལ་ཕྱིན་པ་རེད། དེ་བྲག་ཕུག་ནང་ལ་ཡོད་པའི་མི་དེས་ཤེས་ནས་ཁོས་ཀྱང་གཡང་ལ་མཆོངས་བས་ཁོ་ཤི་བ་རེད། བསླབ་བྱ། ག་དུས་ཡིན་ན་ཡང་མི་གཞན་པས་གང་བྱས་པ་ལྟར་གཅིག་པ་བྱེད་རྒྱུ་མེད། ཚིག་གསར། སླེལ་པོ། རི་བོང་དང་རུས་སྦལ། རྩོམ་པ་པོ། བཀྲ་ཤིས་རྡོ་རྗེ། མི་སྣ་གཙོ་བོ། རི་བོང། རུས་སྦལ། ནང་དོན་སྙིང་བསྡུས། སྔོན་རི་བོང་དང་རུས་སྦལ་འགྲན་སྐབས་རི་བོང་ལེ་ལོ་བྱས་ནས་རུས་སྦལ་ལ་རྒྱལ་ཁ་ཐོབ། རྒྱུག་འགྲན་གཉིས་པར་རི་བོང་རྟག་པར་རྒྱུག་ཤར་སྦྱངས། རུས་སྦལ་ཉིན་ལྟར་ཚན་རིག་ཡག་པོ་སྦྱངས་ནས་རྒྱུག་འགྲན་སྐབས་རི་བོང་དེ་བྱ་འཕུར་བ་ལྟར་རྒྱུག་པ་རེད། རུས་སྦལ་འཕུར་མདའ་དེ་མེ་སྦར་བས་ཡུད་ཙམ་རྗེས་རྒྱལ་ཁ་རུས་སྦལ་ལ་ཐོབ་པ་རེད། བརླབ་བྱ། ག་དུས་ཡིན་ནའང་ལེ་ལོ་དང་སྤོབས་པ་ཆེན་པོ་བྱ་རྒྱུ་མེད། ཚིག་གསར། ཁྲེལ་དགོད།

སྤྱང་ཕྲུག་ཨོ་ལོ་དང་རྒང་ཕྲུག

སྤྱང་ཕྲུག་ཨོ་ལོ་དང་རྒང་ཕྲུག་སྣང་སྐྱིད།

སུ་ཇ་ཏ།འཛིན་གྲྭ་བཞི་པ། བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ། བོད་སྒྱུར་བ། ཉི་མ་འཚོ། སྒྲུང་གི་ནང་དོན་སྙིང་བསྡུས། གཞན་ལ་གུས་ཞབས་བྱས་ན་རང་ལ་ཕན་ཐོགས་ཡོད་པ་བསྟན་འདུག ངའི་མྱོང་ཚོར། རང་ཉིད་ལས་རྒན་པ་ལ་གུས་ཞབས་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་། རང་ཉིད་ལས་ཆུང་བ་ལ་བྱམས་སྐྱོང་བྱས་ན་རང་གཞན་གཉིས་ཀའི་སེམས་ལ་བདེ་བ་ཞིག་སྤྲོད་ཐུབ་ཀྱི་ཡོད་པ་སྒྲུང་དེ་ནས་ཤེས་ཚོར་བྱུང། གལ་སྲིད་རང་ངོས་ནས་རྒན་པར་གུས་བཀུར་དང་གཞོན་པར་བྱམས་སྐྱོང་བྱེད་མ་ཐུབ་ན་གནོད་པ་བྱ་རྒྱུ་མེད་པ་དེ་གལ་འགངས་ཆེན་པོ་ཡིན་པ་སྒྲུང་འདི་ནས་ཀྱང་ཤེས་ཐུབ་པ་བྱུང། ཚིག་གསར། སེམས་གསོ། འགྲོ་ལམ། ཞེད་སྣང། སྤྱང་ཕྲུག ཁ་ཡ། དམ་བཅའ། ང་ཨ་མ་ཁྱེད་ལ་དགའ། བོད་སྒྱུར་བ། བསྟན་འཛིན་རང་གྲོལ། སྒྲུང་གི་ནང་དོན་སྙིང་བསྡུས། ཕྲུ་གུ་ཆུང་ཆུང་ཡིན་པའི་སྐབས་སུ་ལས་ཀ་ཅི་ཞིག་བྱེད་ཀྱི་ཡོད་རུང་། རང་ཉིད་ཀྱི་ཕ་མ་དང་རྒན་པས་མ་བསླབ་གོང་བྱ་རྒྱུ་མེད་པ་དང་། དམིགས་བསལ་སོ་སོའི་ཨ་མ་ལགས་ཀྱི་ཞལ་ལ་ཉན་པོ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་བསྟན་འདུག དེ་མ་ཚད་ཨ་མས་རང་གི་ཕྲུ་གུ་ལ་སེམས་འཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་བསྟན་འདུག སྒྲུང་བཀླགས་ནས་མྱོང་ཚོར། སྒྲུང་དེབ་དེ་བཀླགས་ནས་ངས་ང་རང་ཆུང་ཆུང་སྐབས་སུ་ཨ་མ་ལགས་ལ་དཀའ་ངལ་སྤྲད་པ་རྣམས་དྲན་ནས་སེམས་སྐྱོ་བོ་དང་། ཨ་མ་ནི་ངའི་མི་ཚེའི་ནང་བཀའ་དྲིན་ཆེ་ཤོས་ཀྱི་མི་སྣ་ཞིག་ལ་རྩི་དགོས་པ་ཚོར་བྱུང། ཚིག་གསར། ཕར་འགུལ་ཚུར་འགུལ། ཆིག་ལབ། ཆུ་རྐྱལ།

འགྲིམ་འགྲུལ་བརྡ་རྟགས།

འགྲིམ་འགྲུལ་བརྡ་རྟགས།

བློ་བཟང་ཆོས་སྒྲོན།འཛིན་གྲྭ་ལྔ་པ། བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ། རྩོམ་པ་པོ། ཚེ་རིང་དཔལ་འཛོམས། སྒྲུང་གི་ནང་དོན་སྙིང་བསྡུས། ངའི་སྒྲུང་དེབ་བཀླགས་པའི་མིང་ནི་འགྲིམ་འགྲུལ་བརྡ་རྟགས་ཡིན། དེ་ཡི་རྩོམ་པ་པོ་ནི་ཚེ་རིང་དཔལ་འཛོམས་རེད། དེ་ནི་ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས་པ་ཡིན་པས་ཧ་ཅང་སྙིང་རྗེ་མོ་འདུག དེ་ཡི་ནང་དོན་སྙིང་བསྡུས་ནི་འགྲུལ་ལམ་སྐོར་བསླབས་འདུག ངས་སྒྲུང་དེབ་དེ་བཀླགས་ནས་ང་ལ་བསླབ་བྱ་ཞིག་རག་པ་མ་ཟད་འགྲུལ་ལམ་སྐོར་ལའང་ཧ་ཅང་མང་པོ་ཤེས་སོང། ཚིག་གནད། ཨར་ལས། ལམ་དོག་པོ། མྱུར་བཅོས། ལམ་བཞི་མདོ། གློག་བརྡ། གདོང་ཐུག བརྡ་རྟགས། འགྲིམ་འགྲུལ།

སྟག་ཕྲུག་སེར་ཆུང་དང་གྲོགས་པ

སྟག་ཕྲུག་སེར་ཆུང་དང་གྲོགས་པོ་ཚོ།

ཨུ་མཱ་ཤྔ་དཀར།འཛིན་གྲྭ་གསུམ་པ། སཾ་བྷོ་ཊ་གྷོ་ལ་ཐ་ལ་ཉིན་སློབ། བདག་གིས་སྒྲུང་དེབ་ཧ་ཅང་མང་པོ་བཀླགས་པ་དེ་ཚོའི་ནང་ནས་སྒྲུང་དེབ་དགའ་ཤོས་དང་པོ་དེ་སྟག་ཕྲུག་སེར་ཆུང་དང་གྲོགས་པོ་ཚོ་ཡིན། སྒྲུང་དེབ་འདི་་ཡི་བོད་སྒྱུར་བ་ནི་བསམ་གླིང་ཚེ་རིང་ལྷ་མོ་རེད་འདུག དེའི་ནང་ལ་མི་སྣ་གཙོ་བོ་བཞི་འདུག དེ་དག་ནི་ཆུ་སྲིན་ལྗང་སེ་དང། གླང་ཕྲུག་སྣ་རིང། སྤྲེའུ་ཕིག་ཕིག སྟག་ཕྲུག་སེར་ཆུང་བཅས་རེད། སྒྲུང་འདིའི་ནང་དོན་གཙོ་བོ་ནི། ང་ཚོས་དུས་རྒྱུན་དུ་ནས་རླུང་ལང་པོ་མ་བྱས་པར་གྲོགས་པོ་གྲོགས་མོ་ཚོ་དང་འཆམ་མཐུན་བྱེད་དགོས་པ་དེ་ཤེས་སོང། སྒྲུང་དེ་བཀླགས་ནས་བདག་སྐྱིད་པོ་ཞེ་དྲག་བྱུང་སོང། གང་ཡིན་ཟེར་ན་སྒྲུང་དེ་སྙན་པོ་ཞེ་དྲག་འདུག ཚིག་གསར། ཁྲོད། ཕོག་པ། ཁོང་ཁྲོ་ཟ་ཐག་ཆོད། ངོ་མ། མགྲིན་པ། ཞེད་ཐག་ཆོད། ཕམ་ཉེས། ལག་དངུལ། འགྲོ་མཚམས། སེམས་སྐྱོ་ཐག་ཆོད། སྣང་བ་སྐྱིད་པོ། ཞེད་སྣང་ཚ་པོ།

གཡག་དང་ཁོའི་གྲོགས་པོ་ཡག་པོ་

གཡག་དང་ཁོའི་གྲོགས་པོ་ཡག་པོ་གསུམ།

བསྟན་འཛིན་ཕུལ་བྱུང་།འཛིན་གྲྭ་ལྔ་པ། གྷོ་ཊན་གའུ་སཾ་བྷོ་ཊ་ཉིན་སློབ། རྩོམ་པ་པོ། ཀུན་དགའ་རྒྱལ་མཚན། རི་མོ་བ། ངག་དབང་རྡོ་རྗེ། སྒྱུང་གི་ནང་དོན་སྙིང་བསྡུས། གནའ་སྔ་མོར་ཡུལ་ལུང་ཞིག་ལ་གཡག་ཅིག་ཡོད་པ་དང་གཡག་དེ་ལ་ཞིང་ཁ་རྒྱ་ཆེན་པོ་ཞིག་ཡོད། ཉིན་གཅིག་གཡག་གི་ཞིང་ཁ་འདེབས་པའི་དུས་ལ་སླེབས་པ་རེད། དེ་སྐབས་ཁོ་ལ་རོགས་པ་དགོས་པ་དང་ཁོས་སེམས་ཅན་གཞན་རྣམས་ལ་རོགས་པ་བྱེད་ཐུབ་མིན་སྐད་ཆ་དྲིས་པ་རེད། ཁོང་ཚོས་སེམས་ཤུགས་ཆེན་པོའི་ངང་ང་ཚོས་མི་བྱེད་ན་སུས་བྱེད་ཀྱི་རེད་ཞེས་ལབ་ནས་ཞིང་ལས་བྱ་རྒྱུར་རོགས་རམ་བྱས་པ་རེད། གཡག་ལ་རོགས་རམ་གང་དགོས་པ་དེ་ལ་སེམས་ཅན་གཞན་རྣམས་ཀྱིས་ཀྱང་རོགས་རམ་བྱས་པ་རེད། ཞིང་ཁ་དེའི་ནང་སེམས་ཅན་མཛོ་དང་རྟ། གླང་གསུམ་ཡོད། གཡག་དང་སེམས་ཅན་རྣམས་ཀྱིས་ཤུགས་ལས་ཡག་པོ་བྱས་པ་ལ་བརྟེན་ནས་སྟོན་ཐོག་རྣམས་ཧ་ཅང་ལེགས་པོ་སྨིན་པ་དང་དེ་རྗེས་སྟོན་ཐོག་རྣམས་བརྔས་པ་རེད། སྟོན་ཐོག་རྣམས་བརྔས་ནས་འབྲུ་རྣམས་བཀྲུས་ནས་ཡོས་བརྔོས་པ་རེད། ཞིང་ལས་ཆ་ཚང་ལེགས་པོ་འདེབས་པའི་རྗེས་ལ་གཡག་གིས་གྲོགས་པོ་རྣམས་ལ་ད་ལོ་ཁྱེད་རྣམས་ཀྱིས་སྟོན་ཐོག་འདེབས་ལས་ལ་རོགས་རམ་བྱས་པ་ལ་ཐུགས་རྗེ་ཆེ་ཞུས་པ་རེད། གྲོགས་པོ་རྣམས་ཀྱིས་ང་ཚོ་ཚང་མ་གྲོགས་པོ་ཡིན་དུས་ང་ཚོ་ནང་ཁུལ་ལ་རོགས་རམ་བྱེད་དགོས་པ་དེ་ང་རང་ཚོའི་ལས་འགན་ཡིན་ཙང་ཐུགས་རྗེ་ཆེ་ལབ་དགོས་པ་མ་རེད་ཅེས་གསུངས། ཉིན་ཞིག་གཡག་གིས་རྩམ་པ་ཞིམ་པོ་མར་བླུགས་ནས་བཟོས་པ་དང་ཁོའི་གྲོགས་པོ་རྣམས་ཀྱི་སྤགས་ལ་རོལ་ནས་ཞིམ་ཐག་ཆོད་ནས་བཟས་པ་རེད། ཉིན་ཤས་རྗེས་ལ་ཁོང་ཚོའི་གྲོགས་པོ་གླང་ན་བའི་སྐབས། ཁོའི་གྲོགས་པོ་རྣམས་ཐུག་ཏུ་སླེབས་ནས་གླང་དགའ་ཐག་ཆོད་ནས་གྲོགས་པོ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་རེད། སྒྲུང་འདི་བཀླགས་ནས་སེམས་དགའ་དགོས་པ་དེ་ནི། ཁོ་ཚོས་ག་དུས་ཡིན་ཡང་སུ་ལ་རོགས་རམ་དགོས་དུས་ཧ་རུབ་སྦ་རུབ་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད་དུས། གྲོགས་པོ་ནང་ཁུལ་ལའང་བརྩེ་བ་དང་ཡིད་ཆེས་ཆེ་རུ་འགྲོ་ཡི་ཡོད་པ་ཤེས་དུས་སེམས་པ་དགའ་པོ་བྱུང་སོང་། དེ་འདྲ་སོང་ཙང་། སྒྲུང་འདི་ནས་གྲོགས་པོ་ནང་ཁུལ་ལ་རྔན་པ་བཟའ་རོགས་གཅིག་པུར་མིན་པ་ཕན་ཚུན་དཀའ་ངལ་འཕྲད་པའི་སྐབས་ལ་ཡང་རོགས་པ་བྱེད་དགོས་པ་ཤེས་སོང་།  ཚིག་གསར། ཧ་རུབ་སྦ་རུབ། བརྩེ་གདུང་། ཞིམ་ཐག་ཆོད། སྟོན་ཐོག བརྔོས། སྨིན།

ཕག་ཕྲུག་གསུམ།

ཕག་ཕྲུག་གསུམ།

  བསྟན་འཛིན་ཆོས་དབང་།འཛིན་གྲྭ་བཞི་པ། གྷོ་ཊན་གའུ་སཾ་བྷོ་ཊ་ཉིན་སློབ།   རྩོམ་པ་པོ། བྲག་སྣེ་མིང་ཆུང་། སྒྲུང་ནང་གི་མི་སྣ་གཙོ་བོ། ཕག་ཕྲུག་གསུམ་དང་སྤྱང་ཀི། སྒྲུང་གི་ནང་དོན་སྙིང་བསྡུས། སྔ་མོ་ཞིག་ལ་ཕག་ཕྲུག་གསུམ་ནགས་ཚལ་དཀྱིལ་དུ་གནས་ཀྱི་ཡོད། ཉིན་ཞིག་ཁོ་ཚོས་དེ་རིང་ཁང་པ་ཞིག་བཟོ་རྒྱུ་ཡིན་བསམ་པ་རེད། དེའི་རྗེས་ཁོ་ཚོས་ཁང་པ་ཞིག་བཟོས་བས་ཕག་ཕྲུག་ཆུང་ཤོས་དེས་རྩྭ་ཡི་ཁང་པ་ཞིག་བཟོས་པ་རེད། ཕག་ཕྲུག་འབྲིང་བས་ཤིང་གི་ཁང་པ་བཟོས་པ་དང་རྒན་ཤོས་དེས་རྡོའི་ཁང་པ་ཞིག་བསྐྲུན་པ་རེད། ཉིན་ཞིག་ཁོ་ཚོའི་ཁྱིམ་དུ་སྤྱང་ཀི་ངན་པ་ཞིག་སླེབས་ནས་ཕག་ཕྲུག་ཆུང་ཤོས་དེའི་ཁང་པ་གཏོར་ཏེ་དེད་པ་རེད། དེའི་རྗེས་ཕག་ཕྲུག་ཆུང་ཤོས་དེ་ཕག་ཕྲུག་འབྲིང་བའི་ཁྱིམ་དུ་ཕྱིན་པ་རེད། སྔར་བཞིན་སྤྱང་ཀིས་ཕག་ཕྲུག་འབྲིང་བའི་ཁང་པ་གཏོར་ནས་ཡང་བསྐྱར་ཕག་ཕྲུག་ཆུང་བ་དང་འབྲིང་བ་གཉིས་ཀ་དེད་པ་རེད། མཐའ་མ་དེ་ལ་ཕག་ཕྲུག་ཆུང་བ་དང་འབྲིང་བ་གཉིས་ཀ་ཕག་ཕྲུག་ཆེ་བའི་ཁྱིམ་དུ་ཕྱིན་པ་རེད། དེའི་རྗེས་སྤྱང་ཀིས་འབད་བརྩོན་ག་ཚོད་བྱས་ནའང་ཕག་ཕྲུག་ཆེ་བའི་ཁང་པ་གཏོར་མ་ཐུབ་པ་རེད། ཡིན་ཡང་སྤྱང་ཀི་དེ་ཞེ་སྡང་ལངས་ཏེ་ཁང་པའི་དུད་ཁུང་ནས་འཛུལ་དགོས་བསམ་པ་དེ་ཕག་ཕྲུག་ཆུང་བས་དེ་ཤེས་ནས་ཐབ་ཁུང་ནས་མེ་སྤར་བས་རི་སྤྱང་དེའི་རྔ་མ་མེས་ཚིག་པ་རེད། དུས་དེ་ནས་བཟུང་སྤྱང་ཀིས་ཕག་ཕྲུག་གསུམ་ལ་ཐུབ་ཚོད་བྱ་རུ་ཡོང་མི་ཕོད་པ་རེད། བསླབ་བྱ། གལ་ཏེ་ང་ཚོས་གནས་སྐབས་ཀྱི་བདེ་བ་ལ་མགོ་འཁོར་ནས་བསྡད་ན་ཕྱིས་སུ་དཀའ་ངལ་ཕྲད་སྐབས་གདོང་ལེན་བྱེད་མི་ཐུབ་བ་ཤེས་སོང་། ཚིག་གསར། བསྐྲུན། རང་རྐྱ། སྐྱེལ། སྟོབས་ཆེན། རག་ལས། སོག་མ། འབྲིང་བ། མཁྲེགས་པོ། ལེགས་སྒྲུབ། ཁྲེལ་དགོད།