ཚེ་རིང་དབྱངས་འཛོམས།འཛིན་གྲྭ་བཞི་པ། སཾ་བྷོ་ཊ་ཀེ་ལཱཤ་པུ་ར། རྩོམ་པ་པོ། སུ་ཏིབ། སྒྲུང་གི་མི་སྣ་གཙོ་བོ། ཞིམ་ཕྲུག་གསུམ། སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་ཞིམ་ཕྲུག་དཀར་པོ་དང་། ནག་པོ། ཐལ་མདོག་གསུམ་ཡོད། ཁོ་ཚོས་ཙི་ཙི་གཅིག་མཐོང་མ་ཐག་དེ་རྗེས་འདེད་བཏང་རྐྱང་བྱས་ནས་ཟས་སུ་ཟ་ཡི་ཡོད། ཙི་ཙིར་རྗེས་འདེད་བྱས་པ་བཞིན་སྦལ་པ་ཞིག་ལའང་དེ་ལྟར་བྱས་རྗེས། སྦལ་པ་དེ་བྲོས་ནས་དུ་ཁུང་ཞིག་ནང་གབ་ནས་བསྡད་པ་རེད། ཡང་ཞི་མི་གསུམ་གྱིས་ཉ་ཞིག་མཐོང་བ་དང་ཉ་དེ་འཛིན་པའི་ཆེད་དུ་ཆུའི་ནང་དུ་མཆོངས་པ་དང་ཉ་ཆུང་དེ་ཡང་ཆུའི་ནང་རྐྱལ་ནས་བྲོས་ཕྱིན་པ་རེད། མཐའ་མ་དེར་ཞིམ་ཕྲུག་གསུམ་གཟུགས་པོ་རློན་པ་དང་གྲོད་པ་སྟོང་པའི་སྒོ་ནས་ནང་དུ་ལོག་དགོས་བྱུང་། སྒྲུང་གི་ཐོག་མར། སྒྲུང་འདི་ཞིམ་ཕྲུག་གསུམ་ངོ་སྤྲོད་བྱས་ཡོད་པ་སྒོ་ནས་འགོ་བཙུགས་པ་དང་། སྒྲུང་གི་བར་དུ། ཞིམ་ཕྲུག་གསུམ་ཟས་འཚོལ་ཐབས་སུ་ཐབས་ཤེས་ཀྱི་རིམ་པ་རྣམས་ངོ་སྤྲོད་བྱས་འདུག མཐའ་མ་དེར། ཞིམ་ཕྲུག་གསུམ་ལ་ཟས་སུ་གང་ཡང་མ་འཐོབ་པའི་སྒོ་ནས་སྒྲུང་དེ་མཇུག་བསྡུས་འདུག བསླབ་བྱ། བསམ་བློ་བཏང་ནས་ལས་ཀ་བྱེད་དགོས་པ་ཤེས་བྱུང་། ཚིག་གསར། རྩམ་ཟོམ། – རྩམ་པ་བླུགས་སའི་སྣོད་ལ་གོ་བ། རྗེས་འདེད། – གཞན་གྱི་རྗེས་སུ་འཇུག་པ། དུ་ཁུང་། – དུ་བ་འཐོན་ས།
བྱ་ཤུབས་རྒྱལ་བུ།
གངས་སེམས་མཚོ།འཛིན་གྲྭ་ལྔ་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། བོད་ཀྱི་དམངས་ཁྲོད་སྒྲུང་གཏམ། ཤོག་གྲངས། ༢༨ ནང་དོན་སྙིང་བསྡུས། གནའ་སྔ་མོ་བུ་མོ་སྤུན་གསུམ་ཡོད་པ་དེར་མཛོ་མོ་ཞིག་ཡོད། ཉིན་ཞིག་མཛོ་མོ་དེ་རླག་སྐབས་བུ་མོ་ཆེ་བ་དང་འབྲིང་བ་དེ་གཉིས་ཀྱིས་མཛོ་མོ་འཚོལ་དུ་འགྲོ་དུས་བྱིའུ་ཞིག་གིས་བུ་མོ་གཉིས་ལ་སྐད་ཆ་བཤད་དུས་ཁོང་གཉིས་ཀྱིས་བྱིའུ་ལ་རྡོ་དབྱུགས་པ་རེད། དེ་ནས་བུ་མོ་ཆུང་ཤོས་དེ་འགྲོ་བའི་སྐབས་སུའང་བྱིའུ་དེས་སྐད་ཆ་བཤད་པ་རེད། མོས་བྱིའུ་དེ་ཡིས་གང་བཤད་པ་ལྟར་བྱས་ནས་བྱིའུ་དེས་ང་དང་མཉམ་དུ་སྡོད་རོགས་ཞེས་ལབ་དུས་བུ་མོ་ཆུང་བ་དེས་མོས་མཐུན་བྱས་པ་རེད། ཉིན་མང་པོའི་རྗེས་ས་ཆ་དེར་ཁྲོམ་འདུས་ཚོགས་པ་རེད། མོ་དེར་འགྲོ་དུས་རྟ་སྔོན་པོར་གཞོན་པའི་ཕོ་གསར་དེ་ལས་ལྷག་པ་སུ་ཡང་མི་འདུག་བསམས་པ་རེད། ཁྲོམ་འདུས་གྲོལ་རྗེས་རྨོ་མོ་ཞིག་གིས་དེ་རིང་ཁྲོམ་འདུས་དེའི་ནང་གི་ཕོ་གསར་དེ་ཁྱེད་ཀྱི་རོགས་པ་བྱིའུ་དེ་རེད། ཡིད་མ་ཆེས་ན་སང་ཉིན་སྒོ་རྒྱབ་ལ་ཡིབས་ནས་ལྟོས་དང་ལབ་པ་རེད། མོས་སང་ཉིན་དེར་རྨོ་མོ་དེས་ལབ་པ་ལྟར་བྱས་ནས་བསྡད། སྐབས་དེར་བྱིའུ་དེ་བྱ་ཤུབས་ཕུད་ནས་ཕྱིན། དེ་ནས་མོས་བྱ་ཤུབས་དེ་བསྲེགས་ནས་ཁོ་ཕྱིར་ཡོངས་རྒྱུ་བསྒུགས་ནས་བསྡད། དེ་ནས་ཁོ་ཡོང་དུས་བྱ་ཤུབས་སྲེག་པ་ཤེས་ནས་མོ་འགྱོད་པ་སྐྱེས་ནས་ལྷག སྐབས་དེར་རླུང་ཚུབ་བརྒྱབ་ནས་བདུད་མོས་བྱ་ཤུབས་རྒྱལ་བུ་ཁྱེར་ནས་ཕྱིན། དེ་ནས་བཟུང་མོས་བྱ་མི་འདྲ་བ་༡༠༠༠ ཡི་བྱ་སྒྲོ་བཙལ་ནས་བྱ་ཤུབས་གཅིག་བཟོས་ནས་ཁོ་ཕྱིར་ཡོང་རྒྱུར་སྨོན་ལམ་བརྒྱབ་པ་རེད། དེ་ནས་ཁོ་སླེབས་པས་ཁོ་གཉིས་མི་ཚེ་གང་ཚང་མཉམ་དུ་བསྡད་རྒྱུ་རག་པ་རེད། དེ་རིང་ངས་སྒྲུང་འདི་་ཀློག་དུས་ང་ཡི་སེམས་ནང་ནམ་རྒྱུན་དང་མི་འདྲ་བའི་དྲི་བ་ཡ་མཚན་ཞིག་སླེབས་སོང་། གང་ཡིན་ཟེར་ན། དེའི་ནང་དུ་ཡོད་པའི་བྱིའུ་དེ་ནི་བྱིའུ་མ་ཡིན་པ་མིི་ཞིག་རེད་འདུག དེས་ན། རྒྱལ་བུ་དེ་བྱ་ཤུབས་ནང་དུ་ཇི་ལྟར་ཤོང་གི་ཡོད་མེད་དང་། ད་དུང་ཁོ་ལ་འཕུར་ཐུབ་པའི་ནུས་པ་དེ་ཇི་ལྟར་སླེབས་ཡིན་མིན་སོགས་ཀྱི་དྲི་བ་འདྲ་མིན་མང་པོ་ཞིག་སེམས་ནང་ལ་སླེབས་བྱུང་ལ། ལྷག་པར་དུ་ངས་སྒྲུང་དེ་ནི་ཧ་ཅང་གི་ཡ་མཚན་ཅན་ཞིག་རེད་འདུག་བསམས་སོང་། གལ་སྲིད། ཁྱེད་ཚོས་སྒྲུང་དེབ་འདི་བཀླགས་ན་ཁྱེད་ཚོའི་སེམས་ནང་ལའང་ཚོར་བ་དེ་འདྲ་སླེབས་ཀྱི་ཨེ་ཡོད་ན་དྲན་བྱུང་། ཚིག་གསར། སྦུག བྲལ་བ། ཨ་ལོག
ཨ་ཁུ་སྟོན་པས་ས་བདག་ཆེན་པོའི
བསྟན་འཛིན་དཔལ་འཛོམས།འཛིན་གྲྭ་བཞི་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། རྩོམ་པ་པོ། སྐལ་བཟང་དབང་འདུས། ནང་དོན་སྙིང་བསྡུས། ཉིན་ཞིག་ཨ་ཁུ་སྟོན་པ་རང་གི་ཁྱིམ་ནས་ཐོན་ཏེ་ས་སྟོང་ཞིག་གི་སྟེང་ཞིང་ལས་འདེབས་པའི་སྐབས། འདོད་རྔམ་ཆེ་བའི་ས་བདག་ཡོང་ནས་ཁྱེད་དེ་ལ་ཞིང་ལས་བཏབ་ཚེ་ལོ་ཏོག་ཕྱེད་ཀ་ང་ལ་སྤྲད་དགོས་ཞེས་བཤད་པ་རེད། ཨ་ཁུ་སྟོན་པས་ཞིང་ས་འདེབས་པའི་སྐབས་ས་བདག་སར་བཅར་ཏེ། ཞིང་ལས་སྟོན་ཐོག་ནས་རྩེ་མོའམ་རྩ་བ་གང་དགོས་ཞེས་དྲིས། ས་བདག་གིས་ང་ལ་རྩེ་མོ་དགོས་ཞེས་ལན་བརྒྱབ། ལོ་དེར་ཨ་ཁུ་སྟོན་པས་ཞོ་ཁོག་བཏབ་སྟེ་ས་བདག་ལ་ལོ་ཏོག་གང་ཡང་བྱུང་མེད། ལོ་རྗེས་མར་ས་ཞིང་འདེབས་དུས་སུ་ཨ་ཁུ་སྟོན་པས་ས་བདག་སར་བསྐྱར་དུ་བཅར་ཏེ། ད་ལན་རྩེ་མོ་ཡང་ན་རྩ་བ་གང་དགོས་ཞེས་དྲིས་པར། ས་བདག་གིས་ཁྱུག་ཙམ་རིང་བསམ་བློ་ཞིབ་མོ་ཞིག་བཏང་རྗེས་ང་ལ་རྩ་བ་དགོས་ཞེས་བཤད། ལོ་དེར་ཨ་ཁུ་སྟོན་པས་གྲོ་ཡི་སྟོན་ཐོག་བཏབ་སྟེ་ལོ་དེ་ལ་ཡང་ས་བདག་ལ་ལོ་ཏོག་གང་ཡང་བྱུང་མེད། ཡང་རྗེས་ཀྱི་ལོར། ས་ཞིང་འདེབས་དུས་སུ་ཨ་ཁུ་སྟོན་པས་ས་བདག་སར་བཅར་ཏེ་ལོ་ཏོག་རྩེ་མོའམ་རྩ་བ་གང་དགོས་མིན་འདྲི་སྐབས། ས་བདག་གིས་ཧམ་བཤད་ཀྱིས་རྩེ་མོ་དང་རྩ་བ་གཉིས་ཀ་དགོས་ཞེས་བཤད། ཨ་ཁུ་སྟོན་པས་ལོ་དེར་ཨ་ཤོམ་བཏབ་སྟེ་ས་བདག་ལ་སྟོན་ཏོག་གང་ཡང་བྱུང་མེད་སྟབས་འདོད་རྔམ་ཅན་གྱི་ས་བདག་འུ་ཐུག་སྟེ་དེའི་རྗེས་ནས་ཨ་ཁུ་སྟོན་པ་ལ་བརྙས་བཅོས་བྱས་མེད། ཚིག་གསར་ཟུར་འདོན། ལོ་ཏོག བཅར། འདེབས། བསླབ་བྱ། འདོད་རྔམ་ནམ་ཡང་བྱེད་རྒྱུ་མེད། གལ་སྲིད་སོ་སོར་བརྙས་བཅོས་གཏོང་མཁན་བྱུང་ཚེ། ཨ་ཁུ་སྟོན་པ་བཞིན་རིག་པ་བཏང་སྟེ་དཀའ་ངལ་སེལ་ཐབས་གནང་དགོས།
སྤྱན་གཟིགས་ཁང་ལ་ཕྱིན་པ།
བསྟན་འཛིན་སྨིན་གྲོལ།འཛིན་གྲྭ་བཞི་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། རྩོམ་པ་པོ། སྐལ་བཟང་དབང་འདུས། རི་མོ་བ། བསྟན་འཛིན་མེ་ཏོག ཤོག་གྲངས། ༡༢༤ སྒྲུང་གི་ནང་དོན་སྙིང་བསྡུས། གཟའ་ཉི་མའི་ཞོགས་པར་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་རྣམས་སྤྱན་གཟིགས་ཁང་དུ་ཁྲིད་འདུག ཁོ་ཚོས་དགེ་རྒན་རྣམ་པར་བཟོད་སྒོམ་མེད་པའི་ཐོག་སེམས་ཅན་དེའི་རྗེས་སུ་ག་རེ་ཞེས་སྐད་ཆ་འདྲི་ཡི་འདུག བསླབ་བྱ། བཟོད་སྒོམ་བྱེད་དགོས་པ་དེ་གལ་ཆེ། ཚིག་གསར་ཟུར་འདོན། རྒྱ་སྒོ། སྐུ་ཞབས་དྲི་ངན། རྩོམ་པ་པོ། དེ་ཝེད་ཝ་ལི་ཡམ། བོད་སྒྱུར་བ། བསྟན་འཛིན་ཆོས་སྐྱིད། རི་མོ་བ། དེ་ཝེད་ཝ་ལི་ཡམ། ཤོག་གྲངས། ༢༢༡ སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་སྐུ་ཞབས་དྲི་ངན་ལ་ཁྱི་ད་ཆེ་སཱི་ཟེར་བ་ཞིག་ཡོད། ཁོ་ལོ་ཝེ་ཡིས་ཁོར་རོགས་པ་དང་ཁོ་ལ་ཡིབ་ནས་ཤ་སྤྲད་ཀྱི་ཡོད། བསླབ་བྱ། སུ་ཡིན་ནའང་རོགས་པ་བྱེད་དགོས།
གཏོང་ཕོད་ཅན་གྱི་ལྗོན་ཤིང་།
ཨོ་རྒྱན་ཚེ་འཕེལ།འཛིན་གྲྭ་ལྔ་པ། ལོ་སྦར་སིང་སཾ་བྷོ་ཊ། རྩོམ་པ་པོ། ཤཻལ་སི་ལི་བར་སེ་ཊེན། བོད་སྒྱུར་བ། བསོད་ནམས་བཟང་པོ། རི་མོ་བ། མགོན་པོ་དོན་གྲུབ། སྒྲང་དེབ་འདིའི་ནང་ཤོག་བུ་ ༡༥ འདུག སྒྲུང་འདིའི་ནང་མི་སྣ་གཙོ་བོ་ནི་ལྗོན་ཤིང་དང་བུ་ཆུང་ཆུང་ཞིག་ཡིན། དེའི་ནང་བུ་ཆུང་དང་ལྗོན་ཤིང་གི་བརྩེ་སེམས་སྐོར་ལ་རེད་འདུག ནང་དོན་སྙིང་བསྡུས། གནའ་སྔ་མོར་ལྗོན་ཤིང་ཞིག་གི་འགྲམ་དུ་བུ་ཆུང་ཆུང་ཞིག་ཉིན་ལྟར་ཡོང་ནས་ཁོའི་མཉམ་དུ་རྩེད་མོ་རྩེ་ཡི་ཡོད། ཁོ་གཉིས་ཕན་ཚུན་བརྩེ་བ་དང་དགའ་པོ་བྱེད་ཀྱི་ཡོད། བུ་ཆུང་དེ་ཆེ་རུ་འགྲོ་བཞིན་ལྗོན་ཤིང་གི་རང་སྲོག་སྦྱིན་པ་བཏང་ནས་བུ་དེ་ལ་ཤིང་ཡལ་ག་དང་ཤིང་འབྲས་ལོ་མ་སོགས་ཚང་མ་ལ་བཅད་ནས་ཁྲོམ་དུ་འཚོང་བ་རྒྱུགས། དེ་ནས་དངུལ་རག་པ་དེ་ཁྱེད་རང་སྐྱིད་པོ་སྡོད་ལབ་པ་རེད། དེའི་རྗེས་ཡུན་རིང་པོར་ལྗོན་ཤིང་གི་འགྲམ་དུ་བུ་དེ་མ་ཡོང་བས་ལྗོན་ཤིང་སེམས་པ་ཧ་ཅང་སྐྱོ་བ་རེད། ལོ་མང་པོ་རྗེས་བུ་དེ་རྒན་གོག་ཆགས་ནས་ལྗོན་ཤིང་གི་འགྲམ་དུ་སླེབས་པ་རེད། ལྗོན་ཤིང་གྱིས་ངས་ཁྱེད་ལ་སྤྲད་རྒྱུ་གང་ཡང་མེད་ཟེར་བ་དང་། རྒན་གོག་གིས་ང་ལ་ངལ་གསོ་རྒྱག་ཡག་མ་གཏོགས་གང་ཡང་མི་དགོས་ལབ་ནས་ལྗོན་ཤིང་གི་སྡོང་པོ་དེ་བཅད་ནས་དེའི་ཐོག་ལ་ངལ་གསོ་བརྒྱབ་པ་རེད། བསླབ་བྱ། སྒྲུང་དེབ་འདི་བཀླགས་རྗེས་ངས་བསམ་པར་སྡོང་པོ་དེ་ངའི་ཕ་མ་དང་བུ་ཆུང་ཆུང་དེ་ང་རང་ཡིན་པ་འདྲ་པོ་ཚོར་བྱུང། ང་ཚོའི་ཕ་མས་དཀའ་ལས་བརྒྱབ་ནས་སོ་སོའི་ཕྲུ་གུ་སྐྱིད་པོ་བཞག་གི་ཡོད། དེར་བརྟེན་ཕ་མའི་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་དགོས་པ་དང་ཕ་མ་ལ་དྲིན་ལན་འཇལ་རྒྱུ་དེ་ཡང་ཤེས་དགོས། ང་རང་གི་གྲོགས་པོ་ལ་ཡང་སྒྲུང་དེབ་འདི་ངོ་སྤྲོད་བྱས་ནས་སྒྲུང་ཡང་བཤད་ཡིན།
ངའི་མཛའ་བརྩེ་ལྡན་པའི་ཨ་མ།
བསྟན་འཛིན་སྣང་མཛེས།འཛིན་གྲྭ་དྲུག་པ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ། སྤྱིར་འཇིག་རྟེན་འདིའི་ནང་ཨ་མ་ཟེར་བ་དེ་དངོས་ནས་གལ་ཆེན་པོ་རེད་འདུག གལ་སྲིད་ང་ཚོར་གྲོགས་མོ་ཞིག་དགོས་བསམས་ན་བཟོ་ཐུབ་པ་དང་། ཁ་ལག་ཞིག་དགོས་སྙམ་ན་དཀའ་ལས་བརྒྱབ་ནས་རག་ཐུབ་ཀྱི་རེད། འོན་ཀྱང་། ཨ་མ་མེད་ན་ག་པར་འཚོལ་དུ་འགྲོ་མཁན་ཡིན་ནམ། ཨ་མའི་ལས་འགན་ནི་རང་ཉིད་ཀྱི་ཕྲུ་གུར་ལྟ་སྐྱོང་ཡག་པོ་བྱ་རྒྱུ་དང་གཟུགས་པོ་བདེ་ཐང་བཟོ་རྒྱུ་དེ་རེད། ཨ་མའི་བྱམས་སྐྱོང་དང་བརྩེ་བ་ནི་ང་ཚོས་གསེར་ལྟ་བུར་རྩི་དགོས། དེ་ནང་བཞིན་གྱི་ང་ལ་ཡང་ཨ་མ་ལགས་ཤིག་ཡོད། ཁོང་ནི་དཀར་ཞིང་མཛེས་ལ་ཡིད་དུ་འོང་བ། ལག་སྙིང་རྗེ་བོ། བྱ་བྱིའུ་ལྟར་གསུངས་སྐད་ཧ་ཅང་སྙན་པོ། ཤེས་ཡོན་སློབ་སྦྱོང་ལྡན་པ། ད་དུང་ཁོ་རང་སེམས་པའང་ཡག་པོ་ཡོད། ང་ཆུང་ཆུང་སྐབས་ངས་ཨ་མར་གཟུགས་པོ་འཁྲུ་བཅུག་པ་དང་རྙོག་དྲ་མང་པོ་བཤད་ཀྱི་ཡོད། དེར་བརྟེན་ད་ལྟ་ང་དངོས་གནས་འགྱོད་པ་སྐྱེས་ཀྱི་འདུག ད་ལྟ་ཨ་མ་ལགས་ཁོང་བདེ་སྲུང་ལས་བྱེད་རེད། ཁོང་གི་སློབ་ཚན་དགའ་ཤོས་ནི་གཞས་དང་རྒྱ་ཡིག བོད་ཡིག དབྱིན་ཡིག་བཅས་རེད། ངའི་ཨ་མ་ལགས་ཀྱིས་ང་ཆུང་བྱིས་པའི་དུས་ནས་ད་བར་གསོ་སྐྱོང་གནང་རེད། རྗེས་མ་ང་ཚར་ལོངས་བྱུང་བའི་སྐབས་ཨ་མ་ལགས་ལ་ངས་ཁ་ལག་ཞིམ་པོ་ཕུལ་རྒྱུ་དང་། གླིང་སྐོར་ལ་འཁྲིད་གནང་རྒྱུ། ད་དུང་གྱོན་ཆས་སོགས་ཉོ་རྒྱུ་ང་རང་ངོས་ནས་གང་ཐུབ་ཅི་ཐུབ་གནང་རྒྱུ་དང་། དེ་བཞིན་ཨ་མ་ལགས་ལ་ཞབས་ཕྱི་དང་སྦྲགས་དྲིན་ལན་འཇལ་རྒྱུ་དེ་ངའི་མི་ཚེའི་ནང་གི་དམ་བཅའ་ཆེན་པོ་ཞིག་ཡིན། ད་དུང་ངས་ཨ་མ་ལགས་ལ་ཕྱག་རོགས་ཀྱང་ཞུ་རྒྱུ་ཡིན། ངའི་སེམས་ནང་ཨ་མ་ལགས་ངའི་སྙིང་ལྟ་བུ་རེད། བྱས་ན་ངས་ང་རང་གི་ཨ་མ་ལགས་ངོ་སྤྲོད་ཞུ་རྒྱུ་ཡིན། ཨ་མ་ལགས་ཀྱི་མཚན་ལ་ཚེ་དབྱངས་ཟེར་ཞིང་ཁོང་ད་ལྟ་དགུང་གྲངས་ ༤༣ ལ་ཕེབས་ཡོད། ངའི་ཨ་མ་ལགས་ཀྱི་ཞལ་རས་དཀར་གསལ་ཟླ་བ་དེ་ཡིད་ལ་ཉིན་ལྟར་འཁོར་གྱི་འདུག ཨ་མ་ལགས་ཀྱི་ཚོན་མདོག་དགའ་ཤོས་ནི་སྔོན་པོ་དང་རྒྱ་སྨྱུག་རེད། ངས་རི་མོ་ཆུང་ཆུང་སྤུས་ལེགས་ཤིག་བྲིས་ན་ཡང་། ངའི་ཨ་མ་ལགས་སེམས་ཧ་ཅང་སྐྱིད་པོ་བྱུང་གི་རེད། དུས་རྒྱུན་དུ་ངས་བསམ་བློ་གཏོང་དགོས་པ་དེ་ནི་ཚེ་སྔོན་ངས་ལས་ཡག་པོ་བསགས་པས་ཚེ་འདིར་ང་ཤ་ཚ་བའི་ཨ་མ་ཞིག་གི་ཁོག་པའི་ནང་ནས་སྐྱེས་པ་དེ་ང་བསོད་ནམས་དང་སྤོབས་པ་ཡིན་སྙམ་གྱི་འདུག ད་ལོ་ང་བོད་ཁྱིམ་གོ་པལ་པུར་སློབ་གྲྭའི་སློབ་ཕྲུག་ཅིག་ཡིན་པས་ང་རང་རང་ཉིད་ཀྱི་ངོས་ནས་ཨ་མ་ལགས་ལ་ཕྱག་རོགས་ཞུ་རྒྱུ་གཅིག་པུར་མ་ཡིན་པར་སློབ་སྦྱོང་ཡང་ཡག་པོ་བྱ་རྒྱུ་དང་། སྤྱོད་པ་ཡག་པོ་བྱ་རྒྱུ་དེ་ཡང་ངའི་ལས་འགན་རེད། ང་ངའི་ཨ་མ་ལགས་ཀྱི་ཁོག་པའི་ནང་ཡོད་སྐབས། ཁོང་གིས་ང་ལ་ན་ཚ་གང་ཡང་མ་ཡོང་བའི་ཆེད་དུ་ཞབས་བརྟན་བྱས་པ་དང་། ཞལ་འདོན་བཏོན་པ་སོགས་གནང་བ་དེ་ངས་ནམ་ཡང་བརྗེད་མི་སྲིད། ད་དུང་ངའི་ཨ་མ་ལགས་ཀྱིས་སོ་སོའི་ཕྲུ་གུར་ཡག་པོ་བྱེད་རྒྱུ་གཅིག་པུར་མ་ཡིན་པར་ཨ་མ་ཧ་ཅང་ཡག་པོ་གནང་གི་རེད། ངའི་མཛའ་བརྩེ་ལྡན་པའི་ཨ་མ་ནི་འཇིག་རྟེན་འདིའི་ནང་ང་ལ་བྱམས་སྐྱོང་ཡག་ཤོས་གནང་མཁན་དང་། བརྩེ་བ་མང་ཤོས་གནང་མཁན་ཞིག་ཡིན། ངའི་ཨ་མ་ལགས་ནི་ཕྱི་ལོ་ ༡༩༧༨ ཟླ ༢ ཚེས་ ༡༦ ཉིན་འཁྲུངས་པ་རེད། ད་བར་ཨ་མ་ཁྱེད་ཀྱིས་ང་ལ་གསོ་སྐྱོང་ཧ་ཅང་ཡག་པོ་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན། ཨ་མ། ས་ཕྱོགས་གང་སར་བསྐྱོད་ཀྱང་།།ཨ་མ་ཁྱེད་ཀྱི་ཞལ་རས།།ཡིད་དབང་འཕྲོག་པའི་རྣམ་པ།།སེམས་ནང་ཡང་ཡང་འཁོར་གྱི།།
