ཆར་པ་འབབ་པ། ཡར་འཛེགས་པ། མར་བབས་པ། འདྲེད་བརྡར་ཤོར་བ། བརྡབ་སྐྱོན་ཤོར་བ། མེ་ལྕེ་འབར་བ། རོགས་པ་བྱེད་པ།
ཆར་པ་འབབ་རེ་བཞིན་པ་སངས་ཀྱི་ཁང་པའི་ནང་ཆར་ཐིགས་ཀྱི་སྡོད་བཟོད་མི་བདེ་བ་བཟོ་ཡི་ཡོད། དེའི་རྐྱེན་གྱིས་ཉིན་ཞིག་ཐོག་ཁར་འཛེགས་ནས་ཐིགས་བཅོས་ཀྱི་ལས་ལ་བྲེལ། ཁོང་གི་ངོས་ནས་བྱས་ན་ལས་ཀ་དེ་ནི་དངོས་གནས་དཀའ་ཚེགས་དང་ཉེན་ཁ་ཤིན་ཏུ་ཆེ་བ་ཞིག་རེད།
ཁོང་ཐོག་ཁར་སླེབས་ཐུབ་ཙམ་བྱུང་མ་ཐག་སྲང་ལམ་ནང་ནས་རྒད་པོ་ཞིག་གིས་པ་སངས་རང་ཉིད་མར་འབབ་རྒྱུའི་ལག་བརྡ་བྱེད་ཀྱིན་ཡོད་པ་མཐོང་། པ་སངས་ཀྱི་བསམ་པར། གནས་ཚུལ་གང་དང་། ཡང་ན་མི་དེས་ང་ལ་གཏམ་འདྲ་ཤོད་རྒྱུ་མེད་དམ་སྙམ་བཞིན་དེ་མ་ཐག་བྲེལ་བྲེལ་འཚུབ་འཚུབ་ངང་མར་བབས་འགྲོ་སྐབས་སྐས་གདང་འགའ་འདྲེད་བརྡར་ཤོར་ཏེ་མཇིང་པར་བརྡབ་སྐྱོན་ཤོར་གྲབས་བྱས། པ་སངས་མི་དེའི་འགྲམ་དུ་སླེབས་སྐབས། རྒས་པོ་དེས་ “ང་ནི་དབུལ་པོ་དབུལ་རྐྱང་ཞིག་ཡིན་པས། ཐུགས་རྗེས་གཟིགས་ང་ལ་དངུལ་ཕྲན་བུ་ཞིག་སྟེར་རོགས་གནང་” ཞེས་བཤད་པས་པ་སངས་ནི་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར། འོན་ཀྱང་བཟོད་སྒོམ་གྱིས་ “ཡར་ཤོག་” ཅེས་རོགས་སྐྱོར་བྱས་ནས་སྡུག་རུས་ཀྱིས་ཐོག་ཁའི་སྟེང་དུ་འཁྲིད་རྗེས་པ་སངས་ཀྱིས་ “ང་ཡང་ཧ་ཅང་སྐྱོ་པོ་ཞིག་ཡིན་པས་ཁྱེད་རང་ལ་སྤྲོད་རྒྱུའི་དངུལ་ཞིག་ག་ལ་ཡོད། ད་ཁྱེད་རང་གཅིག་པུར་མར་བབས་རྒྱུག ང་རོགས་པ་བྱེད་ཁོམ་མེད་” ཅེས་བཤད་དོ། །