སྐད་ཆ་དྲིས་པ། ཧ་གོ་བ། འཛིང་བཤངས་བྱེད་པ། དབུགས་ཧལ་བ། དྲན་གསོ་བ།
སྐྱེས་པ་ཞིག་གྲོང་རྡལ་ཞིག་ནས་གྲོང་ཁྱེར་ནས་ཡོང་སྟེ་མི་གཞན་ལ་ལམ་ཕྱོགས་སྐད་ཆ་དྲིས་ཀྱང་ཧ་གོ་མཁན་མ་བྱུང་བས་ཁོས་ལམ་བཞི་མདོ་ཁ་ཞིག་ལ་མོ་ཊ་འཛིང་བཤངས་བྱེད་བཞིན་པའི་འགྲིམ་འགྲུལ་ཉེན་རྟོག་པ་ཞིག་ཡོད་པ་དེའི་སར་འཚང་ཁ་ཆེ་བའི་མོ་ཊའི་དཀྱིལ་ནས་རྒྱུག་ཡོང་སྟེ། དབུགས་ཧལ་བཞིན་དུ་ “ཁྱེད་རང་གིས་ང་ལ་དྲན་གསོའི་སྨན་ཁང་ལ་གང་འདྲ་བྱས་ནས་འགྲོ་དགོས་མིན་གསུངས་ན་འགྲིག་པ་འདུག་གམ་” ཞེས་དྲིས། ཉེན་རྟོག་པ་དེས་ “དེ་ལས་སླ་པོ་རེད། རང་དེ་གར་ད་དུང་སྐར་མ་ལྔ་ཙམ་ལངས་སྡོད་དང་། ནད་པ་སྐྱེལ་མཁན་གྱི་མོ་ཊས་རང་སྨན་ཁང་དེར་སྐྱེལ་གྱི་རེད་” ཅེས་བཤད།