སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འགྲེལ་པ།

 

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་འགྲེལ་པ།

 

དགེ་བའི་བཤེས་གཉེན་ཆེན་མོ་དགའ་ལྡན་སྙན་གྲགས་མཆོག་གིས་འཆད་ཁྲིད་གནང་།

༄༅། །རྒྱ་གར་སྐད་དུ། སུ་ཧྲྀ་ད་ལེ་ཁ། བོད་སྐད་དུ། བཤེས་པའི་སྤྲིངས་ཡིག འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།

རྩ་བ་ ༡-༣ མཉན་པར་གདམས་པ།

ཡོན་ཏན་རང་བཞིན་དགེ་འོས་བདག་གིས་ནི། །བདེ་བར་གཤེགས་པའི་གསུང་བསྙད་ལས་བྱུང་བའི། །བསོད་ནམས་འདུན་སླད་འཕགས་པའི་དབྱངས་འདི་དག །ཅུང་ཟད་ཅིག་བསྡེབས་ཁྱོད་ཀྱིས་གསན་པའི་རིགས།   ༡ །

ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང༌། །དམ་ཆོས་བརྗོད་ལ་བསྟེན་སླད་སྨད་མི་བགྱི།   ༢ །

ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས།   ༣ །

རྩ་བ་ ༤ གཞུང་དངོས་ལས་རྗེས་དྲན་དྲུག་ལ་སློབ་པར་གདམས་པ།

རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་དང༌། །གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག །རབ་ཏུ་བཀའ་སྩལ་དེ་དག་སོ་སོ་ཡི། །ཡོན་ཏན་ཚོགས་ཀྱིས་རྗེས་སུ་དྲན་པར་བགྱི།   ༤ །

རྩ་བ་ ༥ སྤྱིར་དགེ་བའི་ལས་དང་འཚོ་བ་ལ་གནས་པར་གདམས་པ།

དགེ་བའི་ལས་ལམ་བཅུ་པོ་ལུས་དང་ནི། །ངག་དང་ཡིད་ཀྱིས་རྟག་ཏུ་བསྟེན་བགྱི་ཞིང༌། །ཆང་རྣམས་ལས་ལྡོག་དེ་བཞིན་དགེ་བ་ཡི། །འཚོ་བ་ལ་ཡང་མངོན་པར་དགེས་པར་མཛོད།   ༥ །

རྩ་བ་ ༦-༧ སྦྱིན་པ་དང་ཚུལ་ཁྲིམས་ལ་གནས་པར་གདམས་པ།

ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་སྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ།   ༦ །

ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས།   ༧ །

རྩ་བ་ ༨ བྱེ་བྲག་ཏུ་ཐེག་ཆེན་གྱི་ལམ་ཕར་ཕྱིན་དྲུག་ལ་གནས་པར་གདམས་པ།

སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང༌། །དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན། །འདི་དག་རྒྱས་མཛོད་སྲིད་པའི་རྒྱ་མཚོ་ཡི། ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོར་མཛོད།   ༨ །

རྩ་བ་ ༩-༢༡ ཁྱིམ་པ་ལ་གཙོ་ཆེར་གདམས་པ།

རྩ་བ་ ༢༢-༢༨ སེམས་བསྲུང་ཞིང་དབང་པོའི་སྒོ་སྡོམ་པ།

རྩ་བ་ ༢༩-༣༧ འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་པར་གདམས་པ།

རྩ་བ་ ༣༨-༤༦ སྐྱ་སེར་གཉིས་ཀ་ལ་མངོན་མཐོ་ངེས་ལེཌ་ཀྱི་ཆོས་སྒྲུབ་པར་གདམས་པ།

རྩ་བ་ ༤༧-༤༨ ཡང་དག་པའི་ལྟ་བ་སྒོམ་ཚུལ།

རྩ་བ་ ༤༩-༥༤ ཁྱད་པར་དུ་ཆོས་དྲན་པ་ཉེར་བཞག་སྒོམ་པ།

རྩ་བ་ ༥༥-༦༢ མི་རྟག་པ་སྒོམ་པར་གདམས་པ།

རྩ་བ་ ༦༣-༦༤ དལ་འབྱོར་ལ་སྙིང་པོ་ལེན་དགོས་པར་གདམས་པ།

རྩ་བ་ ༦༥-༧༦ འཁོར་བ་ལ་སྐྱོ་བ་སྒོམ་པར་གདམས་པ།

རྩ་བ་ ༧༧-༨༣ འགྲོ་བ་ལྔའི་ངེས་པའི་སྡུག་བསྔལ་ཉམས་སུ་མྱོང་བའི་ཉེས་པ།

རྩ་བ་ ༨༤-༨༨ དམྱལ་བའི་སྡུག་བསྔལ་བསམ་པ།

རྩ་བ་ ༨༩ དུད་འགྲོའི་སྡུག་བསྔལ་བསམ་པ།

རྩ་བ་ ༩༠ ཤ་ཟོས་པའི་ཉེས་དམིགས།

རྩ་བ་ ༩༡-༩༧ ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ།

རྩ་བ་ ༩༨-༡༠༡ ལྷ་ཡི་སྡུག་བསྔལ་བསམ་པ།

རྩ་བ་ ༡༠༢ ལྷ་མ་ཡིན་གྱི་སྡུག་བསྔལ་བསམ་པ།

རྩ་བ་ ༡༠༣-༡༠༨ འཁོར་བའི་ཉེས་དམིཌ་མཐོང་ནས་དེ་ལས་གྲོལ་བའི་ཐབས་བསྟན་པ།

རྩ་བ་ ༡༠༩-༡༡༣ ཞི་བ་འཐོབ་པའི་ཐབས་རྟེན་འབྲེལ་སྒོམ་པར་གདམས་པ།

རྩ་བ་ ༡༡༤-༡༡༦ ཞི་བ་འཐོབ་པའི་ཐབས་བདེན་བཞི་སྒོམ་པར་གདམས་པ།

རྩ་བ་ ༡༡༧-༡༢༣ མདོར་བསྡུས་ཏེ་གདམས་པ།