རང་སྦྱོང་བྱེད་པ། ཨུ་ཚུགས་བྱེད་པ། རྩེད་མོ་རྩེ་བ། མགོ་བོ་གཡུག་པ། ལག་བརྡ་བྱེད་པ། ལས་ཀ་བྱེད་པ། དོ་སྣང་བྱེད་པ། ལྐོག་ལྟ་བྱེད་པ། གད་མོ་བསྐུམས་པ། མཚམས་བཞག་པ། སློབ་སྦྱོང་བྱེད་པ།
ཐེངས་ཤིག་ང་ཁྱིམ་དུ་རང་སྦྱོང་བྱེད་སྐབས་འཇིགས་མེད་ཀྱིས་ངའི་ལག་པའི་སྨྱུ་གུའི་ཕུ་འདྲེན་དེ་དགོས་ཞེས་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱི་འདུག འཇིགས་མེད། ཕུ་འདྲེན་གྱིས་རྩེད་མོ་རྩེ་མི་རུང། དེ་ལས་སྲུ་མོས་ཁྱོད་ལ་རི་མོ་ཞིག་བསྟན་ཆོག་ཅེས་བཤད་ཀྱང་མ་ཉན་པར་མགོ་བོ་གཡུག་གཡུག་བྱས་ཏེ། མིན། མིན་ཞེས་ཤོད་བཞིན་ངུས་སོང། དེ་ཨ་མས་མཐོང་བ་དང་ང་ཚོར་ལག་བརྡ་ཞིག་བྱས་བྱུང་བས་ཚང་མས་སྣང་མེད་དུ་རང་རང་གི་ལས་ཀ་བྱས་ནས་བསྡད། ཁོས་མིག་སྦར་མོས་བཀབ་ནས་སྐད་ཤུགས་ཆེན་པོས་ངུ་བཞིན་མཛུབ་མོའི་བར་ནས་ཚང་མས་ཁོ་རང་ལ་དོ་སྣང་བྱེད་ཀྱི་ཡོད་མེད་ལྐོག་ལ་ལྟ་བཞིན་འདུག ཁོས་སྔོན་ལ་ཨ་མ་དང་གཅེན་མོར་ལྟ་ཙམ་བྱས། དེ་ནས་ང་ལ་ལྟ་ཡི་འདུག་པས་ངས་གད་མོ་བསྐུམས་ནས་བསྡད་པ་ཡིན། ཁོ་ལ་སུས་ཀྱང་ཁ་ཡ་བྱེད་མཁན་མེད་པར་བརྟེན་ངུ་མཚམས་བཞག་ནས་རླངས་འཁོར་ཆུང་ཆུང་ལ་རྩེད་མོ་རྩེ་གིན་བསྡད་སོང། དེ་ནས་བཟུང་ང་སློབ་སྦྱོང་བྱེད་སྐབས་འཇིགས་མེད་ཀྱིས་ངའི་སྨྱུ་གུ་དགོས་ཞེས་ཤོད་ཀྱི་མི་འདུག
 
གལ་ཆེའི་མིང་ཚིག
ཐེངས། ཁྱིམ། རང་སྦྱོང་། འཇིགས་མེད། ལག་པ། སྨྱུག་གུའི་ཕུ་འདྲེན། རྩེད་མོ། སྲུ་མོ། རི་མོ། མགོ་བོ། ཨ་མ། ལག་བརྡ། ལས་ཀ། མིག སྦར་མོ། མཛུབ་མོ། དོ་སྣང་། གཅེན་མོ། ཁ་ཡ། རླངས་འཁོར། སྨྱུ་གུ།