ཚེ་ལས་འདས་པ། དཀའ་སྡུག་མྱོང་བ། བསམ་བརྗོད་ལས་འདས་པ། ངོ་བསྟོད་བྱེད་པ། བརྩེ་དུང་བཅངས་པ། ཁག་ཐེག་བྱེད་པ།
ངས་ཨ་མའི་ཞལ་ངོ་མི་ཤེས་པའི་སྐབས་ནས་ཨ་མ་ཚེ་ལས་འདས། ཨ་ཕས་ང་རང་ཆུང་སྦར་མོ་གང་ནས་ཇི་ལྟར་སྐྱོང་ཚུལ་གྱི་སྐོར་ཚིག་གཅིག་ཀྱང་བཤད་མ་མྱོང། ཁོང་གིས་དཀའ་སྡུག་བསམ་བརྗོད་ལས་འདས་པ་མྱོང་ཡོད་པ་དེ་བཤད་ག་ལ་དགོས། ངའི་ཨ་ཕ་ནི་གཞུང་དྲང་ཞིང་གཤིས་ཀ་འཇམ་པའི་མི་ཡག་ཐག་ཆོད་ཅིག་ཡིན། ངས་རང་གི་ཨ་ཕ་ལ་ངོ་བསྟོད་བྱས་པ་མིན། འཇིག་རྟེན་འདིའི་ཐོག་ན་ངའི་ཨ་ཕ་ལྟར་ཁྲེལ་ཡོད་པའི་མི་ཞིག་བཙལ་ནའང་རྙེད་དཀའ་མོ་ཡིན། ཨ་མ་འདས་དུས་ཕོ་ལོ་སུམ་ཅུར་ཡང་ལོན་མེད་ཀྱང་། ཨ་མ་འདས་པ་ནས་བཟུང་བུ་མོ་གཅིག་གི་ངོ་ལའང་བལྟས་མ་མྱོང་ཟེར། ཁྱིམ་བཟའ་ཚང་སྐྱིད་པོ་མང་པོ་ཡོད། ཡིན་ནའང་ངའི་ཨ་ཕས་ཨ་མ་ལ་བཅངས་པའི་བརྩེ་དུང་དང་ཞེ་རྩིས་དེ་ལྟ་བུ་ནི་ཡོད་སྲིད་ཀྱི་མ་རེད། གལ་སྲིད་ངའི་ཨ་མ་དྲིན་ཆེན་དེ་ད་ལྟ་བཞུགས་ཡོད་པ་ཡིན་ན། ཁོང་ཁྱོ་ཤུག་གཉིས་ལས་སྐྱིད་པའི་བཟའ་ཚང་ཞིག་འཇིག་རྟེན་འདི་ན་མེད་ཅེས་ངས་ཁག་ཐེག་བྱེད་ཐུབ།
གལ་ཆེའི་མིང་ཚིག
ཨ་མ། ཞལ། ཨ་ཕ། སྦར་མོ། ཚིག དཀའ་སྡུག གཞུང་དྲང་། གཤིས་ཀ ཕ། ངོ་བསྟོད། འཇིག་རྟེན། ཁྲེལ། མི། ཕོ་ལོ། བུ་མོ། ངོ་། ཁྱིམ། བརྩེ་དུང་། ཞེ་རྩིས། ཁྱོ་ཤུག བཟའ་ཚང་།