ཞིབ་ཕྲ་བལྟ་བ། བཀའ་གནང་བ། དངངས་འཚབ་སྐྱེས་པ། ཁ་ཐུག་འཁེལ་བ། ཞེད་སྣང་སྐྱེས་པ། མགོ་བོ་སྒུར་བ། རྩེད་མོ་རྩེ་བ། ནོར་རྟགས་བརྒྱབ་པ།
དེ་རིང་རྒན་ལགས་ཀྱིས་ཨང་རྩིས་རྒྱུགས་ཤོག་མར་གནང་ནས། སློབ་ཕྲུག་སོ་སོར་ཞིབ་ཕྲ་བལྟ་དགོས་པའི་བཀའ་གནང་སོང། རྒྱུགས་ཤོག་ལག་ཏུ་རག་མ་ཐག་ངས་ལམ་སང་བལྟས་པས། རྩིས་གཞི་མང་པོར་ནོར་རྟགས་བརྒྱབ་ཡོད་པ་མཐོང་འཕྲལ། སེམས་ལ་དངངས་འཚབ་སྐྱེས་པ་དང་སྦྲགས་གདོང་ཡང་ཚ་ཤར་ཤར་བྱས་བྱུང། སྐབས་དེར་ངས་རྒན་ལགས་ལ་བལྟ་ཙམ་བྱས་པས་ཏག་ཏག་རྒན་ལགས་ཀྱིས་ང་ལ་གཟིགས་པ་དང་ཁ་ཐུག་འཁེལ་སོང་བས། ངོ་ཚ་དང་ཞེད་སྣང་དུས་གཅིག་ཏུ་སྐྱེས་ནས་མགོ་བོ་སྒུར་སྒུར་གྱིས་རྒྱུགས་ཤོག་ལ་བལྟ་ཁུལ་བྱས་ནས་མི་སྡོད་ཀ་མེད་བྱུང་། སློབ་གྲྭ་གྲོལ་ནས་ལོག་འགྲོ་སྐབས་སློབ་ཕྲུག་གཞན་རྣམས་སྔར་རྒྱུན་ལྟར་རྩེད་མོ་རྩེ་གིན་རྩེ་གིན་འགྲོ་བཞིན་འདུག འོན་ཀྱང་ང་ནི་ཡིག་ཚད་ཤོག་ལྷེའི་སྟེང་གི་ནོར་རྟགས་དང་། རྒན་ལགས་ཀྱི་ཞལ་རས་གཉིས་མིག་ལམ་དུ་ཡང་ཡང་འཁོར་ནས་སེམས་སྐྱིད་པོ་གཏན་ནས་མ་བྱུང།
 
གལ་ཆེའི་མིང་ཚིག
དེ་རིང་། ཨང་རྩིས་རྒྱུགས་ཤོག སློབ་ཕྲུག བཀའ། ལག རྩིས་གཞི། ནོར་རྟགས། སེམས། དངངས་འཚབ། གདོང་། རྒན་ལགས། ངོ་ཚ། ཞེད་སྣང་། མགོ་བོ། སློབ་གྲྭ། ཡིག་ཚད་ཤོག་ལྷེ། ཞལ་རས། མིག་ལམ།