གྲོད་ཁོག་ན་བ། ནད་བརྟག་པ། སེན་མོ་གཅོད་པ། ལག་པ་བཀྲུས་པ། ཟ་མ་ཟ་བ། སྨན་ཐོ་འབྲི་བ། ནད་འགོ་བ།
ཉིན་ཞིག་དཔལ་ལྡན་གྲོད་ཁོག་ན་བས། ཨ་མས་ཁྲིིད་ནས་སྨན་ཁང་དུ་ནད་ལ་བརྟག་ཏུ་སོང། སྨན་པས་དཔལ་ལྡན་ལ་ཁྱོད་ཀྱིས་ཟ་མ་མི་གཙང་བ་ཅི་ཞིག་ཟོས་པ་ཡིན་ནམ་ཞེས་འདྲི་སྐབས། དཔལ་ལྡན་གྱིས་ངས་ཅི་ཡང་མ་ཟོས་ཟེར། སྨན་པས་དཔལ་ལྡན་གྱི་ལག་པར་བལྟས་ཚེ། ལག་པ་ཧ་ཅང་བཙོག་པ་ཡིན་པ་དང་། ཡང་ལག་པའི་སེན་མོར་བལྟས་ཚེ། སེན་མོ་ཧ་ཅང་རིང་པོ་བཞག་ཡོད་པ་མཐོང་ནས། སྨན་པས་སྨན་ཐོ་འབྲི་ཞོར་དུ་དཔལ་ལྡན་ལ། འདི་འདྲའི་ལག་པ་བཙོག་པས་ཟ་མ་ཟོས་ན་ནད་འགོ་སླ་བ་ཡིན། རྗེས་སུ་ལག་པ་བཀྲུས་ནས་ཟ་མ་བཟའ་དགོས་ཟེར། དེ་ནས་བཟུང་དཔལ་ལྡན་གྱིས་སྨན་པའི་སྐད་ཆ་སེམས་ལ་བཟུང་བ་དང་། རྒྱུན་དུ་ལག་པ་བཀྲུས་ཤིང་སེན་མོ་གཅོད་ཀྱིན་ཡོད་ལ། དཔལ་ལྡན་ནི་གཙང་སྦྲ་ལ་དགའ་བའི་བྱིས་པ་བཟང་པོ་ཞིག་ཆགས་ཡོད་དོ།།
 
བྱ་ཚིག།
ན། ཁྲིད། སོང་། ཟོས། དྲིས། བལྟས། བཞག མཐོང་། འབྲི། བཟུང་། འགོ། བཀྲུས། གཅོད། ཆགས།