རྩད་གཅོད་ཐུབ་པ། ལྕགས་དྲ་འཐེན་པ། འཇིབ་རུ་བཟུང་བ།
གཟའ་ཉི་མའི་ཞོགས་པའི་ཆུ་ཚོད་ལྔ་པ་ཡས་མས་སུ་ངའི་ཨ་ཕ་ལ་ལོ་གསུམ་ལོན་པའི་བུ་མོ་ཞིག་རྙེད་པ་རེད། རྗེས་སུ་རྩད་གཅོད་ཐུབ་པ་ལྟར་ན། བུ་མོ་དེ་ནི་ཁོ་མོའི་ཨ་མ་དང་ཨ་མའི་ཁྱོ་ག་གསར་པ་གཉིས་ཀྱིས་སྣུམ་འཁོར་ནང་ཁྲིད་དེ། ཆེད་མངགས་ཉེན་ཁ་ཆེ་བའི་གཞུང་ལམ་དུ་སྐྱུར་བ་ཞིག་རེད། གཞུང་ལམ་གྱི་གཞོགས་གཉིས་སུ་ཞིབ་ཅིང་ཚགས་དམ་པའི་ལྕགས་དྲ་འཐེན་ཡོད་པས་ཕྱིར་འགྲོ་ས་མེད་ལ། ཉེ་འགྲམ་དུ་ཁྱིམ་ཚང་གཅིག་ཀྱང་མེད། ལོ་གསུམ་སོན་པའི་བྱིས་པ་འདིས་ལག་ཏུ་འཇིབ་རུ་ཞིག་བཟུང་ནས་གོམ་པ་ཁྱར་ཁྱོར་ངང་འགྲོ་བཞིན་འདུག། སྣུམ་འཁོར་རྣམས་གཅིག་མཇུག་གཉིས་མཐུད་ཀྱིས་སྒོ་ནས་བྱིས་པའི་ཉེ་འགྲམ་དུ་བྱ་འཕུར་བ་ལྟར་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད་པས། གལ་ཏེ་བྱིས་པར་ཐུག་ཙམ་བྱས་ཚེ། དེ་མ་ཐག་ཤ་ཉོག་རུས་ཉོག་ཏུ་གཏོང་རྒྱུ་ཉག་གཅིག་རེད། སྤྱིར་མི་ཞིག་གིས་བྱིས་པ་བསྐྱུར་འདོད་ཚེ། ཕལ་ཆེ་བས་ཚོང་ཁང་དང་སྣུམ་འཁོར་འབབ་ཚུགས་སོགས་བདེ་འཇགས་ཆེ་བའི་ས་ཆར་བསྐྱུར་བ་ཡིན།
བྱ་ཚིག།
རྙེད། ཐུབ། ཁྲིད། སྐྱུར། འཐེན། བཟུང་། འགྲོ། སྐྱོད། ཐུག བྱས། གཏོང་།