གོམ་པ་སྤོ་བ། ཕྱི་མིག་ལྟ་བ། རྡོག་བརྫིས་ཐེབས་པ། གནོད་སྐྱོན་འགྲོ་བ། སློབ་གྲྭ་གྲོལ་བ། སློང་སྐྱོར་རྒྱག་པ། འཛུམ་དམུལ་བ། བྱང་ཤིང་འཛུགས་པ།
ང་སློབ་གྲྭར་འགྲོ་དུས་ཞིང་ཁ་ཞིག་བརྒྱུད་དེ་འགྲོ་དགོས་ཀྱི་ཡོད། ཉིན་ཞིག་གི་ཞོགས་པར་ང་སློབ་གྲྭར་འགྲོ་དུས་ཞིང་ནང་དུ་རྐང་རྗེས་མང་པོ་ཡོད་པ་མ་ཟད། ཞིང་གི་རྣང་མ་ཡང་བརྫིས་འདུག ང་ཡང་དེ་ནས་འགྲོ་དགོས་བསམས་ཏེ་གོམ་པ་སྤོས་མ་ཐག་རྒྱབ་ཕྱོགས་ནས་”ཝ་ཡེ་དེ་ནས་མ་འགྲོ”ཞེས་འབོད་ཀྱི་འདུག ཕྱི་མིག་བལྟས་པས་དེ་ནི་ཞིང་པ་རྒད་པོ་དེ་རེད། ངས་ཁོང་ལ་”འགྲོ་མི་ཆོག་པའི་རྒྱུ་མཚན་ཅི་ཡིན་ནམ”ཞེས་དྲིས་པར་”ཞིང་ནང་ནས་ཕྱིན་ན་ལོ་ཏོག་རྡོག་བརྫིས་ཐེབས་ཀྱི་རེད”ཅེས་ཟེར་གྱི་འདུག་པས། ངས”ལགས་སོ” ཞེས་བཤད་དེ་ལམ་ཆེན་ནས་སློབ་གྲྭར་ཕྱིན་པ་ཡིན།
ལམ་བར་དུ་ངའི་སེམས་པར་གལ་ཏེ་མི་ཚང་མས་ཞིང་ནང་ནས་ཕྱིན་ན་ལོ་ཏོག་བརྫིས་ནས་གནོད་སྐྱོན་འགྲོ་ངེས་རེད། དེར་བརྟེན་རྗེས་སུ་དེ་ནས་མི་མི་འགྲོ་བའི་ཆེད་དུ་ཤིང་བྱང་ཞིག་འཛུགས་དགོས་འདུག་བསམས་བྱུང། སློབ་གྲྭ་གྲོལ་རྗེས་ངས་མགྱོགས་པོ་ནང་ལ་ལོག་སྟེ་གཅེན་པོར་ཤིང་བྱང་ཞིག་བཟོ་རོགས་ལབ་ཐོག དེའི་སྟེང་དུ་”འདི་ནས་མ་འགྲོ་” ཞེས་བྲིས་ནས་ཤིང་བྱང་འཛུགས་པར་སོང་བ་ཡིན། ང་ཞིང་གི་མུ་ཁར་བསླེབས་དུས་ཞིང་པ་རྒད་པོས་སྦྱག་མས་རྣང་མ་སློང་སྐྱོར་རྒྱག་གི་འདུག ངའི་ལག་ཏུ་ཤིང་བྱང་འཁྱེར་ཡོད་པ་མཐོང་བ་དང་འཛུམ་དམུལ་དམུལ་གྱིས་ལམ་སང་ས་བྲུས་ཏེ་ཤིང་བྱང་འཛུགས་རོགས་ཞེས་བཤད་པ་དང་སྦྲགས་འཛུགས་རོགས་ཀྱང་བྱས་བྱུང། དེའི་ཕྱི་ཉིན་ང་ཞིང་གི་མུ་ཁར་བསླེབས་དུས་རྐང་རྗེས་གསར་པ་མཐོང་རྒྱུ་མི་འདུག
 
བྱ་ཚིག།
འགྲོ། བརྫིས། བསམས། སྤོ། འབོད། བལྟས། དྲིས། ཟེར། བཤད། ཕྱིན། འཛུགས། གྲོལ། ལོག བཟོ། ལབ། བྲིས། སོང་། བསླེབས། རྒྱག འཁྱེར། མཐོང་། བྲུས། བྱས།