སྤྲིན་འཁྲིགས་པ། ཆར་བ་འབབ། ཁེབས་བཀབ་པ། པང་བཏབ་པ། ཁུར་པོ་འཁུར་བ། དངངས་འཚབ་སྐྱེས་པ། མགོ་འཁོར་བ། མུན་རུབ་པ། རླུང་འཚུབ་པ། ཁ་འདར་ཤོར་བ། མཆི་མ་འཁོར་བ། སྐད་ཆ་བཤད་པ། དྲན་པ་བརྗེད་པ།
སྤྲིན་ནག་འཁྲིགས་པའི་ས་སྲོད་ཀྱི་དུས་ཤིག་ལ་རླངས་འཁོར་འཁྲུ་ཕྱིས་ཚར་རྗེས། གློ་བུར་དུ་ཆར་བ་བབས། ཨ་ཁུས་མགྱོགས་མྱུར་གྱིས་རླངས་འཁོར་དུ་འཛེགས་ཏེ་རས་ཁེབས་བཀབ། སྐབས་དེར། གཞུང་ལམ་སྟེང་དུ་བུད་མེད་གཅིག་གིས་ཕྲུ་གུ་ཆུང་བ་པང་དུ་བཟུང་ཞིང། ཆེ་བ་ལག་མགོ་ནས་ཁྲིད། ཁུར་པོ་ཞིག་ཕྲག་ཏུ་འཁུར་ནས་དྲག་ཆར་ནང་དུ་འདྲེད་ཀྱིན་འགྲོ་བ་མཐོང། ཨ་ཁུ་ཡི་སེམས་སུ། ཕྲུ་གུ་ཆར་གྱིས་བངས་ཚེ། ན་འོང་སྙམ་ནས་རླངས་འཁོར་གྱི་ཁེབས་མགྱོགས་མྱུར་སྒོས་བཀབ་མ་ཐག མདུན་དུ་ཕྱིན་ནས་དྲིས་པ་ན། བུད་མེད་དེ་གྲོང་ཁྱེར་དུ་གཉེན་ཕྲད་དུ་བསྐྱོད་ནས་ལོག་ཡོང་བ་དང། རླངས་འཁོར་ལས་བབས་ནས་གྲོང་གསེབ་ལ་འགྲོ་བར་ཤེས། བུད་མེད་དེས་དངངས་འཚབ་ཀྱིས་ངང་ནས་དྲག་ཆར་གྱིས་ང་མགོ་འཁོར་ཏུ་བཅུག་ནས་ལམ་མི་རྙེད་ཅེས་ཟེར།
ཨ་ཁུའི་སེམས་སུ། འདི་ནས་གྲོང་གསེབ་ཏུ་ལེ་དབར་བཅུ་ལྷག་ཙམ་ཡོད། མུན་ཡང་རུབ་ལ་ཉེ་ཞིང་དྲག་ཆར་ཤག་ཤག་ཏུ་བབས་པས། ཨ་ཅག་འདིའི་རྒྱབ་ཏུ་ཁུར་པོ་དང་ལག་ཏུ་ཕྲུ་གུ་ཡོད་ལ། འདི་ལྟར་ཁྱར་ཁྱོར་དུ་ཕྱིན་ན་ག་དུས་བསླེབས་ཐུབ་སྙམ་ནས། འཕྲལ་དུ་མོ་ལ་ཨ་ཅག སྒུག་ཙམ་གནོངས་དང། ངས་ཁྱེད་རང་ཕར་ཙམ་བསྐྱལ་ཆོག་ཅེས་བཤད་པའི་མོད་ལ། ཁོང་གིས་ཆར་ལྭ་ཞིག་ཨ་ཅག་དེར་བསྐོན་པ་དང། ཕྲུ་གུ་ཆེ་བ་དེ་རང་གིས་འཁུར་ཏེ་ཆར་རླུང་འཚུབ་པའི་ཁྲོད་དུ་སྐྱོད། ཕྲུ་གུ་དེ་འཁྱགས་ནས་ཁ་འདར་ཤོར་བ་མཐོང་ནས། རང་གི་སྟོད་གོས་ཕུད་དེ་ཕྲུ་གུར་གཡོགས། ཨ་ཁུའི་ལུས་ཡོངས་རྫོགས་རློན་པ་བྱས། དེ་ལྟར་ཆུ་ཚོད་གཉིས་ཙམ་བསྐྱོད་མཐར་གཞི་ནས་མ་བུ་གསུམ་པོ་ཁྱིིམ་དུ་སྐྱེལ་ཐུབ་པ་བྱུང། ཨ་ཅག་དེ་མཆི་མ་འཁོར་བཞིན་ཨ་ཁུ་ལ་བལྟས་ནས་སྡོད་པ་ལས་རེ་ཞིག་སྐད་ཆ་ཡང་མི་ཤོད། མཐར་ཨ་ཁུ་ལགས། ཁྱེད་ཀྱིས་བརྩེ་བ་ཆེན་པོ་འདི་འདྲ་གནང་བ་ངས་མི་ཚེ་གང་བོར་བརྗེད་མི་སྲིད་ཅེས་ཟེར།
 
བྱ་ཚིག།
བབས། འཛེགས། བཀབ། བཏབ། ཁྲིད། འཁུར། འདྲེད། འགྲོ མཐོང་། བངས། ན། སྙམ། ཕྱིན། དྲིས། བསྐྱོད། ལོག ཤེས། རྙེད། རུབ། བསླེབས། སྒུག བསྐྱལ། བཤད། བསྐོན། འཁྱགས། ཕུད། གཡོགས། རློན། སྐྱེལ། འཁོར། བལྟས། སྡོད། གནང་། ཟེར།