དྲི་ཞིམ་འཐུལ་བ། འདབ་མ་གྲོལ་བ། མེ་ཏོག་བཞད། ཞིབ་ཏུ་བལྟས་པ།
ཞོགས་པ་ང་རང་གླིང་གའི་ནང་འཆམ་འཆམ་དུ་སོང་བ་དང། རྒྱལ་སྒོའི་ནང་དུ་འཛུལ་མ་ཐག་ཏུ་སྣ་ལ་དྲི་ཞིམ་འཐུལ་བྱུང་བས། ང་ལམ་སང་པད་མའི་རྫིང་བུའི་འགྲམ་དུ་རྒྱུག་པ་ཡིན། རྫིང་བུའི་ནང་དུ་མེ་ཏོག་པད་མ་དཀར་པོ་མང་པོ་བཞད་ཡོད་ཅིང་། མེ་ཏོག་པད་མ་ལ་ལའི་འདབ་མ་གཉིས་གསུམ་ཙམ་ལས་གྲོལ་མེད། ལ་ལ་ནི་ཐིའུ་ནས་བཞད་ལ་ཁད་ཙམ་ཡོད། ལ་ལ་ནི་འདབ་རྒྱ་ཡོངས་སུ་གྲོལ་ཏེ་གེ་སར་ལྷམ་མེར་མངོན་འདུག མེ་ཏོག་པད་མ་ཇི་འདྲ་མང་ནའང་ཞིབ་ཏུ་བལྟས་ན། མེ་ཏོག་པད་མ་དཀར་པོ་དེ་རྣམས་ལ་བཟོ་ལྟ་མི་འདྲ་བ་རེ་ཡོད། དེ་དག་གཅིག་ལས་གཅིག་དཀར་ཞིང། གཅིག་ལས་གཅིག་མཛེས་པས། ངོ་མ་མཚར་སྡུག་ལྡན་པ་ཞིག་རེད།
 
གལ་ཆེའི་མིང་ཚིག
ཞོགས་པ། གླིང་ག། འཆམ་འཆམ། རྒྱལ་སྒོ། སྣ། དྲི་ཞིམ། པད་མ། རྫིང་བུ། མེ་ཏོག་པད་མ། འདབ་མ། ཐིའུ། གེ་སར། བཟོ་ལྟ།