སྒོ་ཕྱེ་བ། ཡལ་འདབ་རྒྱས་པ། སློབ་ཚན་ཁྲིད་པ། རིག་པ་སྒྲིམ་པ། བཞད་བགད་ཤོར་བ།
ངས་སློབ་གྲྭའི་རྒྱལ་སྒོ་དལ་མོར་ཕྱེ་ནས་ར་སྐོར་ནང་དུ་ཕྱིན། ར་སྐོར་ནང་ཁ་ཁུ་སིམ་མེར་གནས་ཤིང་ཧ་ཅང་གཙང་མ་འདུག ལྗོན་ཤིང་ཆེན་པོ་ཞིག་སྐྱེས་འདུག་པ་དེའི་ཡལ་འདབ་ཧ་ཅང་རྒྱས་ཡོད། ང་རང་ཁྱམས་ར་བརྒྱུད་དེ་ཁང་པའི་མདུན་དུ་བསླེབས་པ་ན། ནང་སྒོ་ཕྱེ་ཡོད་པ་དང་། ནང་གི་གྱང་ངོས་སུ་ཚོན་རིས་ཤིག་སྦྱར་ཡོད་པ་གསལ་པོར་མཐོང། ཁང་པའི་ནང་དགེ་རྒན་ཞིག་གིས་སློབ་མ་ཚོར་སློབ་ཚན་གང་ཞིག་ཁྲིད་པ་མི་ཤེས་ཀྱང། སློབ་མ་དེ་དག་གིས་བློ་རྩེ་གཅིག་སྒྲིམ་གྱིས་སྒོ་ནས་ཉན་པ་དང། སྐབས་འགར་ད་དུང་བཞད་བགད་དབང་མེད་དུ་ཤོར་བ་ལ་བལྟས་ན། གཏམ་རྒྱུད་ཡ་མཚར་བ་ཞིག་ཤོད་ཀྱི་ཡོད་པ་ཤེས་ཐུབ།
 
གལ་ཆེའི་མིང་ཚིག
སློབ་གྲྭ། རྒྱལ་སྒོ། ར་སྐོར། ལྗོན་ཤིང་། ཡལ་འདབ། ཁྱམས་ར། ཁང་པ། སྒོ། ནང་། གྱང་། ཚོན་རིས། དགེ་རྒན། སློབ་མ། སློབ་ཚན། བཞད་བགད། གཏམ་རྒྱུད།