བྲེལ་འཚུབ་ལངས་པ། ཁུག་མ་སྔོག་པ། སེམས་འཚབ་པ། མཆི་མ་འཁོར་བ། ཚབ་སྤྲད་པ། ཕྱི་མིག་ལྟ་བ། ལག་པ་གཡུག།
ང་དང་ཨ་ཕ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་མེ་འཁོར་བརྗེ་སྐབས། མེ་འཁོར་འཛིན་བྱང་བཤེར་ཚིགས་སུ་རྒྱབ་ལ་ཕྲུ་གུ་འཁུར་བའི་བུད་མེད་ཅིག་གིས་མེ་འཁོར་འཛིན་བྱང་བོར་ནས། བྲེལ་འཚུབ་ཆེན་པོས་གྱོན་གོས་ཀྱི་ཁུག་མ་ཕར་སྔོག་ཚུར་སྔོག་བྱེད་བཞིན་པ་མཐོང་བས། དེའི་མདུན་དུ་བཅར་ཏེ་ཨ་ཅག་ལགས། ཁྱེད་ཀྱི་མེ་འཁོར་འཛིན་བྱང་བོར་སོང་ངམ་ཞེས་དྲིས། བུ་མེད་དེས་ང་དྷ་སར་ཕྲུ་གུའི་ཕ་ཐུག་པར་འགྲོ་མཁན་ཡིན། ངའི་མེ་འཁོར་གྱི་འཛིན་བྱང་དང་དངུལ་ཚང་མ་བོར་སོང་ཞེས་ཟེར། ཨ་ཕས་རང་ཉིད་ཀྱི་ཁུག་མ་སྔོག་ཙམ་བྱས་ཏེ། ཨ་ཅག་ལགས་སེམས་འཚབ་མ་གནང། ང་དང་མཉམ་དུ་ཕེབས་དང་ཞེས་བཤད། བུ་མེད་དེ་ཨ་ཕ་དང་མཉམ་དུ་འཛིན་བྱང་འཚོང་སར་བསླེབས་པ་ན། ཨ་ཕས་རང་ཉིད་ཀྱི་གླ་ཕོགས་ཀྱིས་མེ་འཁོར་གྱི་འཛིན་བྱང་ཞིག་ཉོས་ཏེ་མོའི་ལག་ལ་སྤྲད་ནས། ཨ་ཅག་ལགས། འདི་བསྣམས་ཏེ་མགྱོགས་པོར་མེ་འཁོར་དུ་ཕེབས་ཤིག མེ་འཁོར་གཏོང་གྲབས་འདུག་ཅེས་བཤད། ཨ་ཅག་དེས་ལག་གི་འཛིན་བྱང་ལ་ལྟ་བཞིན་མཆི་མ་འཁོར་བའི་ངང་ནས། ཇོ་ལགས། ཁྱེད་ཀྱིས་མཚན་ཅི་ཡིན་ཞེས་དྲིས་པར། ཨ་ཕས་འཛུམ་དགོད་བྱེད་ཅིང་། འདྲི་མི་དགོས། ཨ་ཙི། ཨ་ཅག་ལགས་དངུལ་ཚབ་སྤྲོད་མི་དགོས་ཞེས་བཤད། བུད་མེད་དེས་སྤྲོ་སེམས་ཆེན་པོའི་ངང་མེ་འཁོར་གྱི་འཛིན་བྱང་བཤེར་སར་བསྐྱོད་པ་དང། ཕྱི་མིག་ཡང་ཡང་ལྟ་ཞིང་ཨ་ཕ་ལ་ལག་པ་གཡུག་གཡུག་བྱས།
 
གལ་ཆེའི་མིང་ཚིག
ཨ་ཕ། རྒྱ་གར། རྒྱལ་ས། ལྡི་ལི། མེ་འཁོར། བཤེར་ཚིགས། ཕྲུ་གུ། བུད་མེད། འཛིན་བྱང་། གྱོན་གོས། ཁུག་མ། ཨ་ཅག དྷ་ས། དངུལ། སེམས་འཚབ། གླ་ཕོགས། ལག མཆི་མ། ཇོ་ལགས། མཚན། དངུལ་ཚབ། ཕྱི་མིག