ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ་བཏང་ནས་ཚེ་རིང་པོ་ཡོང་ཐབས་བྱེད་པ་དང། ཚེ་དབང་ཚེ་སྒྲུབ་བྱེད་ནས་ཚེ་བསྲིངས་ཐབས། ཟས་སྤྱོད་འཕྲོད་བསྟེན་ལ་བརྟེན་ནས་ཚེ་འཕེལ་ཐབས་བྱས་པ་དེས་རང་དང་གཞན། འདི་དང་ཕྱི་མ། སྤྱི་དང་སྒེར་བཅས་པར་ཕན་པ་ཞིག་བསྒྲུབ་མ་ཐུབ་ན། ཚེ་རིང་ན་ལྷ་ཤི་བའི་རོ་མཐོང་ཟེར་བ་ལྟར་མི་མཐོང་དགུ་མཐོང། རང་ཉིད་ལ་ལུས་སེམས་ཀྱི་དཀའ་ངལ་དང་སྤུན་ཉེ་རྣམས་ལ་རྡོག་ཁྲེས་འཕར་མ་ཡིན།
ཚེ་རིང་པོ་ཡོང་ཐབས་ནི།
༡། ཡར་དཀོན་མཆོག་ལ་མཆོད་པ་འབུལ་བ།
༢། མར་ངན་སློང་ལ་སྦྱིན་པ་བཏང་བ།
༣། ཚེ་དབང་ཚེ་སྒྲུབ་ཞུས་པ།
༤། ཟས་སྤྱོད་ལེགས་པོ་བསྟེན་པ།
༥། གཞན་ལ་ཕན་པ་སྒྲུབ་པ།