ཧ་གོ་བ། རླུང་རྟ་རྒྱུགས་པ། དགའ་བསུ་ཞུ་བ། གུས་ཞབས་བྱེད་པ། དོ་སྣང་བྱེད་པ། དྲན་སྐུལ་བྱེད་པ།
གལ་ཏེ་ཁྱེད་རང་གི་མོ་ཊ་བཞག་མི་ཆོག་པའི་ས་ཆར་བཞག་ན། འགྲིམ་འགྲུལ་ཉེན་རྟོག་པས་ལམ་སང་ཧ་གོ་ངེས་རེད། གལ་ཏེ་ཁོས་ཁྱེད་ལ་འཛིན་ཤོག་མ་སྤྲད་པར་འགྲོ་རུ་བཅུག་ན་དེ་ནི་ཁྱེད་རང་རླུང་རྟ་ཞེ་དྲག་རྒྱུགས་པ་རེད། གང་ལྟར་ཡང་། གནས་ཚུལ་འདི་འདྲ་རྟག་པར་བྱུང་གི་མེད། འགྲིམ་འགྲུལ་ཉེན་རྟོག་པས་སྐབས་རེ་གུས་ཞབས་ཡག་པོ་ཞེ་དྲག་བྱེད་ཀྱི་ཡོད། སི་ཝེ་ཌེན་(Sweden)དུ་གུང་སེང་གཏོང་རིང་ངས་མོ་ཊའི་སྒང་ལ་ཡིག་ཆུང་འདི་འདྲ་ཞིག་མཐོང་བྱུང་བ་སྟེ། སྐུ་ཞབས་ལགས། ཁྱེད་རང་ང་ཚོའི་གྲོང་ཁྱེར་དུ་ཕེབས་པར་དགའ་བསུ་ཞུ། འདི་མོ་ཊ་འཇོག་ས་མ་རེད། གལ་ཏེ་ཁྱེད་ཀྱིས་ང་ཚོའི་ཁྲོམ་ལམ་གྱི་རྟགས་ལ་དོ་སྣང་བྱུང་ཡོད་ན། སྐུ་ཉིད་འདི་གར་རེ་ཞིག་བཞུགས་རིང་ཧ་ཅང་སྤྲོ་བོ་ཡོང་གི་རེད། ཡིག་ཆུང་འདི་ནི་དྲན་སྐུལ་གཏོང་ཆེད་ཙམ་ཡིན། གལ་ཏེ་ཁྱེད་རང་ལ་རེ་སྐུལ་ཤོག་ལྷེ་འདི་འདྲ་ཞིག་འབྱོར་ན། ཁྱེད་རང་དེ་ལྟར་མ་གནང་ཀ་མེད་ཆགས་ཀྱི་རེད།