སློབ་གྲྭར་ཞུགས་པ། དཀའ་ངལ་ཕྲད་པ། སྦྱངས་འབྲས་སོན་པ། ཕྱིར་འཐེན་བྱེད་པ། འཛིན་རིམ་འབེབས་པ། བཀའ་ཕབ་པ། སྐྱབས་འཇུག་ཞུ་བ། ཚོད་ལྟ་བྱེད་པ། ཆོག་མཆན་ཐོབ་པ། གློག་བཞུ་བསད་པ། སྦྱངས་བརྩོན་བྱེད་པ། སློབ་སྦྱོང་བྱེད་པ། སྣང་བ་གཡེངས་པ། འབད་བརྩོན་བྱེད་པ། རིག་པ་བསྒྲིམས་པ། དཔེ་དེབ་ཀློག་པ། གདེང་ཚོད་རྙེད་པ།
སྔར་རྒྱ་ནག་གི་སྐྱེ་དངོས་རིག་པར་མཁས་ཅན་ཞིག་ཡོད། ཁོང་ལོ་བཅུ་བདུན་ལ་སོན་སྐབས་གཞི་ནས་སློབ་གྲྭ་འབྲིང་བར་ཞུགས་ཤིང། ཁོང་གི་རིག་གནས་རྨང་གཞི་ཞན་པའི་སྟབས་ཀྱིས་སློབ་སྦྱོང་ཐོག་དཀའ་ངལ་མང་པོ་ཕྲད་དེ། སློབ་དུས་དང་པོའི་སློབ་མཇུག་ཏུ་སློབ་ཚན་ཁག་གི་སྦྱངས་འབྲས་ཆ་སྙོམས་ཨང་གྲངས་བཞི་བཅུ་ཞེ་ལྔ་ལས་ལོན་མེད། དེར་བརྟེན་སློབ་གྲྭའི་སློབ་སྤྱིས་ཁོང་སློབ་གྲྭ་ནས་ཕྱིར་འབུད་པའམ། ཡང་ན། འཛིན་རིམ་འབེབ་རྒྱུའི་བཀའ་ཕབ། ཁོང་གིས་སློབ་སྤྱི་ལ་འཛིན་གྲྭ་རང་འཇགས་སུ་བསྡད་ཆོག་པའི་སྐྱབས་འཇུག་ལན་མང་ཞུས་མཐར། གཞི་ནས་སློབ་དུས་གཅིག་རིང་ཚོད་ལྟ་བྱེད་རྒྱུའི་ཆོག་མཆན་ཐོབ། ཁོས་སློབ་དུས་གཉིས་པ་ནས་བཟུང་སློབ་སྦྱོང་ལ་སྦྱངས་བརྩོན་སྔར་ལས་ལྷག་པ་བྱས་ཏེ། ཉིན་ལྟར་ནམ་མ་གསལ་གོང་ནས་ཡར་ལངས་ཏེ་སློབ་གྲྭའི་སྒོ་རྭའི་ནང་གི་གློག་སྒྲོན་འོག་ཕྱི་རྒྱལ་སྐད་ཡིག་སྦྱངས་པ་དང། མཚན་མོ་སློབ་གྲོགས་ཚང་མ་གཉིད་རྗེས་ལམ་ཁའི་གློག་སྒྲོན་འོག་སློབ་སྦྱོང་བྱེད་ཀྱི་ཡོད་ཅིང་། དེ་ལས་རེས་དགེ་རྒན་གྱིས་ཤེས་ཏེ་གློག་བཞུ་བསད་ནས་ཉལ་བར་བཏང། འོན་ཀྱང་ཁོང་གིས་དགེ་རྒན་སྣང་བ་གཡེངས་བའི་སྐབས་དང་བསྟུན་ནས་གསང་སྤྱོད་འགྲམ་གྱི་གློག་སྒྲོན་འོག་དཔེ་དེབ་མུ་མཐུད་དེ་ཀློག་པ་སོགས་འབད་བརྩོན་ལྷོད་མེད་བྱས། མཐར་སློབ་ཚན་ཁག་གི་སྦྱངས་འབྲས་ལེགས་པོ་ཐོབ་པ་མ་ཟད། རྩིས་རིག་གི་ཡིག་རྒྱུགས་ལ་ཨང་ཀི་བརྒྱ་ལོན་ཐུབ་པ་བྱུང་བ་རེད། ཁོང་གིས་རྒྱུགས་ཤོག་ལ་ལྟ་བཞིན་སེམས་ནང་ང་གཞན་ལས་བླུན་པ་མི་འདུག རིག་པ་བསྒྲིམས་ན་གཞན་གྱིས་སྒྲུབ་ཐུབ་པའི་བྱ་བ་ཅི་ཡིན་རུང་ངས་སྒྲུབ་མི་ཐུབ་པ་མི་འདུག་སྙམ་པའི་གདེང་ཚོད་རྙེད་དོ། །
 
བྱ་ཚིག།
སོན། ཞུགས། ཕྲད། ལོན། འཐེན། འབེབ། ཕབ། ཞུས། ཐོབ། བྱས། ལངས། སྦྱངས། གཉིད། ཤེས། བསད། གཡེངས། ཀློག ལྟ། བསྒྲིམས། སྒྲུབ། སྙམ། རྙེད།