འགྲན་བསྡུར་བྱེད་པ། སློབ་གྲྭ་གྲོལ་བ། རུ་ཁག་བགོས་པ། འགོ་བརྩམས་པ། ལྟད་མོ་ལྟ་བ། ལྤགས་པ་བཤུད་པ། ལག་ཤུབས་གྱོན་པ། རྐང་པ་བགྲད་པ། སྐེད་པ་སྒུར་བ། མིག་ཟུམ་པ། སྒོ་སྲུང་བ། མཐོང་ལམ་སྒྲིབ་པ། རྟིང་པ་བཀྱག་པ། སྐེ་བསྲིངས་པ། རྒྱང་ལྟ་བྱེད་པ། ཡར་ལངས་པ།
ཐང་འདི་ནི་རྐང་རྩེད་སྤོ་ལོ་འགྲན་བསྡུར་བྱེད་ས་ཡག་པོ་ཞིག་རེད། སློབ་གྲྭ་གྲོལ་རྗེས། ཡང་བྱིས་པ་རྣམས་ཐང་འདིར་འདུས་འདུག ཁོང་ཚོས་རུ་ཁག་གཉིས་སུ་བགོས་ནས་འགྲན་བསྡུར་གྱི་འགོ་དངོས་སུ་བརྩམས་སོང། གཅུང་པོ་དང་གཅུང་མོ་ཚོ་ཡང་ལྟད་མོར་སླེབས་བྱུང་ལ། ཁོང་ཚོ་རྩེད་རའི་མཐའི་རྡོ་སྟེགས་ཐོག་ཏུ་བསྡད་དེ་འགྲན་བསྡུར་ལ་ལྟ་བཞིན་འདུག
ལྟོས་དང་། སྒོ་སྲུང་ཆུང་ཆུང་དེས་གཡེང་བ་དང་འཛེམས་དོག་སྤུ་ཙམ་ཡང་མི་བྱེད་ཅིང། པུས་མོའི་སྐྱི་ལྤགས་བཤུད་ཡོད་ཀྱང་ཁོས་པགས་པའི་ལག་ཤུབས་གྱོན་ཞིང་རྐང་པ་བགྲད། སྐེད་པ་སྒུར། ལུས་བརྟན་པོས་སྒོ་སྲུང་ཞིང་། མདུན་ཕྱོགས་སུ་མིག་ཟུམ་ལོང་མེད་པར་བལྟས་ནས་བསྡད་འདུག་སྟབས། དེ་ལས་ཕྱོགས་གཉིས་ཀྱི་རུ་མི་ཚོས་སྤོ་ལོ་ཕར་འཕྲོག་ཚུར་འཕྲོག་བྱེད་ཀྱིན་ཡོད་པ་ཤེས་ཐུབ། ཞྭ་མོ་དམར་པོ་གྱོན་པའི་བུ་མོ་ཆུང་ཆུང་དེས་རང་ཉིད་ཀྱི་མཐོང་ལམ་སྒྲིབ་པར་དོགས་ནས་རྟིང་པ་ཡར་བཀྱགས་ཤིང་སྐེ་བསྲིངས་ཏེ་མིག་གིས་རྒྱང་ལྟ་བྱེད། མགོ་ལ་ཕྱེ་ལེབ་མེ་ཏོག་གིས་བརྒྱན་པའི་བུ་མོ་ཆུང་ཆུང་དེ་ཡར་ལངས་ནས་ལྟ་བཞིན་འདུག
 
བྱ་ཚིག།
གྲོལ། འདུས། བགོས། བརྩམས། སླེབས། བསྡད། ལྟ། བྱེད། བཤུད། གྱོན། བགྲད། སྒུར། ཟུམ། བལྟས། སྲུང་། ཤེས། དོགས། བཀྱགས། བསྲིངས། ལངས།