མྱུ་གུ་ཟ་བ། ལུ་གུ་འཚོ་བ། ཁ་ཕྱིར་འཁོར་བ། ལག་པ་སྦྲིད་པ། སྙད་རྐོ་བ། ལད་མོ་བྱེད་པ། ཡར་ལངས་པ། སྐད་རྒྱག་པ།
གཟའ་སྤེན་པའི་ཕྱི་དྲོ་སློབ་གྲྭ་གྲོལ་རྗེས། ང་ཞིང་ཁའི་འགྲམ་དུ་འབྱོར་དུས་ལུ་གུ་ཞིག་གིས་ཞིང་ཁའི་ནང་དུ་མྱུ་གུ་ཟ་བཞིན་ཡོད་པ་མཐོང། དེ་ནི་ལུག་འཚོ་སྐབས་ལུག་ཁྱུ་ནས་ཕྱིར་ཤོར་བ་ལུག་རྫིས་མ་ཤེས་པ་འདྲ། ངས་ལུ་གུ་དེ་ཞིང་ནང་ནས་ཕར་བསྐྲད་རྩིས་བྱེད་སྐབས། ལུ་གུ་ཡིས་ང་འདེེད་པར་ཡོང་བ་མཐོང་ནས། ཕྱིར་འཁོར་ཏེ་ང་ལ་རྡུང་རྩིས་བྱེད། ངས་དེའི་རྭ་ཅོ་གཉིས་དམ་པོར་འཇུས་ཏེ་མ་གློད་པར་བསྡད། ཡུད་ཙམ་འགོར་རྗེས་ངའི་ལག་པ་སྦྲིད་ནས་ཅུང་ལྷོད་པར་བརྟེན། དེས་ཤུགས་གང་ཡོད་ཀྱིས་ངའི་གྲོད་པར་བརྡུངས་ཏེ་ང་གན་རྐྱལ་དུ་བསྒྱེལ་རྗེས་བྲོས་སོང། ངས་ཐབས་གང་ཡོད་ཀྱིས་འཛིན་ཐབས་བྱས་ཀྱང་མ་ཟིན་པས་ངའི་ཤུགས་ཀྱང་ཟད། ལུ་གུ་དེ་ང་ལ་སྙད་རྐོ་བ་ལྟར་ང་བསྡད་ན་རྩྭ་ཟ་བཞིན་སྡོད་པ་དང། ང་ཡར་ལངས་མ་ཐག་དེ་ཡང་བྲོས་འགྲོ་བར་མ་ཟད། ད་དུང་ང་ལ་བལྟས་ནས་འབའ་བཞིན་འདུག། ངས་ཀྱང་དེ་ལ་ལད་མོ་བྱས་ནས་འབའ་སྐད་འགའ་བརྒྱབ་པས། ངའི་འཁྲིས་སུ་བསླེབས་བྱུང། དེས་ནས་ངས་ལུ་གུ་དེར་རྩྭ་སྟེར་བཞིན་དུ་ཁྲིད་དེ་ལུག་རར་འཇུག་ཐུབ་ཙམ་བྱུང།
 
བྱ་ཚིག།
གྲོལ། འབྱོར། ཟ། མཐོང་། འཚོ། ཤོར། བསྐྲད། འདེད། རྡུང་། འཇུས། གློད། བསྡད། འགོར། སྦྲིད། ལྷོད། བརྡུངས། བསྒྱེལ། བྲོས། བྱས། ཟིན། ཟད། སྡོད། ལངས། བྲོས། བལྟས། འབའ། བརྒྱབ། བསླེབས། སྟེར། ཁྲིད། འཇུག