མིང་བོས་པ། སྐད་བཏང་བ། དབྱུག་པ་རྡེགས་པ། ཡི་གེ་འབྲི་བ། གྲོན་ཆུང་བྱེད་པ། ཉར་འཇོག་བྱེད་པ། གོ་སྐབས་ཐོབ་པ།
དགེ་རྒན་གྱིས་དབྱུག་པ་དེ་བཟུང་སྟེ་ཁྱམས་རར་ཕྲུ་གུ་རེ་རེའི་མིང་ནས་བོས་ཏེ་འཛིན་ཁང་ནང་དུ་སྐད་བཏང་བྱུང་། ང་ཚོས་ཐོག་མར་ཁོང་གི་མདུན་ནས་སྐད་གསང་མཐོན་པོས་བོད་ཡིག་གི་དབྱངས་གསལ་སོ་བཞི་ངག་ལ་སྐྱོར་དགོས་པ་དང་། དེ་ནས་སྒོ་སམ་ངོས་སུ་ས་སྨྱུག་དཀར་པོས་དབྱངས་གསལ་སོ་བཞི་པོ་རེ་རེ་བཞིན་བློར་བྲི་དགོས། རྣམ་ཀུན་ང་ཚོས་ས་སྨྱུག་གིས་སྒོ་སམ་སྟེང་ལ་ཡི་གེ་འབྲི་བའི་གོ་སྐབས་ནི་ཤིན་ཏུ་དཀོན་ཏེ། ཉིན་དེར་གྲོགས་པོས་སྒོ་སམ་ངོས་སུ་རི་མོ་འདྲ་མིན་བྲིས་ནས་དགེ་རྒན་གྱིས་དབྱུག་པ་རྡེགས་པས། དུས་དེ་ནས་བཟུང་ང་ཚོ་སློབ་མ་རྣམས་ཞེད་ནས་སུས་ཀྱང་ས་སྨྱུག་གིས་སྒོ་སམ་སྟེང་ལ་ཡི་གེ་གང་བྱུང་འབྲི་མ་ཕོད། མ་གཞི་ནས་དགེ་རྒན་གྱིས་ས་སྨྱུག་ལ་གྲོན་ཆུང་གིས་ཆག་རོ་ཞིག་ཡིན་ཀྱང་ཤོག་སྒམ་དུ་བཞག་ནས་ཉར་འཇོག་བྱེད་ཅིང་། དེ་ཡིག་ཚད་གཏོང་བའི་ཉིན་དེར་ང་ཚོ་ཕྲུ་གུ་ཚོར་ས་སྨྱུག་གིས་སྒོ་སམ་སྒང་ལ་ཡི་གེ་བྲི་བའི་གོ་སྐབས་ཐོབ་ཀྱི་ཡོད།
 
མཆན་འགྲེལ།
དབྱུག་པ། རྒྱུག་པ། ཁྱམས་ར། ར་བས་བསྐོར་བའི་ཁང་པའི་བར་ཁྱམས། རྡེགས་པ། གཞུས་པ། ཞེད། འཇིགས་པ་དང་སྐྲག་པ། ཕོད་པ། ནུས་པ། གྲོན་ཆུང་། འགྲོ་སོང་ཆུང་བ།