པ་སངས།       ཝ་ཡེ། ཁྱེད་ཀྱིས་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ཁ་བྱང་མཁྱེན་གྱི་ཡོད་དམ།
དབྱངས་ཅན།   ཡོད། དེ་ནི་དྷ་རྨ་ས་ལ་གངས་ཅན་སྐྱིད་གཤོངས་བོད་ཀྱི་སྨན་རྩིས་ཁང་རེད།
པ་སངས།       ཁྱེད་ཀྱིས་ཁ་བྱང་འདིར་འབྲི་རོགས་གནང་།
དབྱངས་ཅན།   ཁྱེད་ལ་སྨྱུ་གུ་དང་ཤོག་བུ་ཡོད་ན་ངས་འབྲི་ཆོག
པ་སངས།       བོད་ཀྱི་སྨན་རྩིས་ཁང་ཕྱོགས་གང་དུ་ཡོད་པ་ཁྱེད་ཀྱིས་མཁྱེན་གྱི་ཡོད་དམ།
དབྱངས་ཅན།   ཡོད། ང་དེར་ལས་ཀ་བྱེད་ཀྱི་ཡོད། ཁྱེད་ལ་རོགས་པ་བྱེད་དགོས་བསམ་ཡང་ཕྱི་ལ་ལས་དོན་ཞིག་གི་ཆེད་འགྲོ་དགོས་ཡོད།
པ་སངས།       བྱས་ན། ཐུགས་རྗེ་གཟིགས། ང་ལ་ལམ་ཁ་སྟོན་རོགས་གནང་།
དབྱངས་ཅན།   ཁྱེད་རང་འདི་ནས་ཐད་ཀར་ཕྱིན་ན་ལམ་སུམ་མདོར་སླེབས་ཀྱི་རེད། དེར་གློག་སྡོང་ཆེན་པོ་ཞིག་ཡོད། གཞོགས་གཡས་ལ་ཀྱོག་ཙམ་གནང་དང་། ཕྱོགས་དེར་སྨན་རྩིས་ཁང་ཡོད།
པ་སངས།       ངས་ལམ་འདི་བརྒྱུད་དེ་ཕྱིན་ན་གང་འདྲ་ཡོད་དམ།
དབྱངས་ཅན།   འདི་ནས་ཕྱིན་ན་ཉེ་ལམ་རེད། ལམ་ཁ་གཞན་དེ་ཐག་རིང་བ་དང་། ལམ་དུ་གློག་སྡོང་མང་བས་འཁྲུལ་གཞི་ཆེན་པོ་ཡོད།
པ་སངས།       ཁྱེད་ཀྱིས་འདྲ་པོ་གསུངས་སོང་།
དབྱངས་ཅན།   ངས་དངོས་གནས་ལབ་པ་ཡིན།
པ་སངས།       ཐུགས་རྗེ་ཆེ།