བུ་མོ།        པ་ལགས། སྐུ་ཁམས་བཟང་།
པ་ལགས།   ཁམས་བཟང་།
བུ་མོ།        ཕ་མ་གཉིས་དང་ནང་མི་ལྷན་རྒྱས་སྐུ་གཟུགས་བདེ་པོ་ཡིན་ནམ། ད་ལྟ་ག་རེ་གནང་གི་ཡོད།
པ་ལགས།   ང་ཚོ་ཚང་མ་བདེ་པོ་ཡིན། སེམས་ཁྲལ་བྱེད་མི་དགོས། ད་ལྟ་ཉལ་གྲབས་བྱེད་ཀྱི་ཡོད།
བུ་མོ།        པ་ལགས། འདི་ལོའི་དུས་འཁོར་དབང་ཆེན་ལ་ཕ་མ་གཉིས་ཕེབས་ཀྱི་ཡིན་ནམ།
པ་ལགས།   འགྲོ་འདོད་ཡོད་དེ། ད་ལོ་ཨ་མ་རྐང་པ་བདེ་པོ་མི་འདུག རྗེས་མའི་་ལོར་གནས་མཇལ་དུ་འགྲོ་ཡི་ཡིན།
བུ་མོ།        རྣམ་པ་གཉིས་ད་ལོ་ཕེབས་ཐུབ་ན་ཡག་པོ་འདུག ཨ་མ་ལགས་ཕེབས་ཐུབ་མདོག་ཁ་པོ་རེད།
པ་ལགས།   ཨ་མ་གོམ་པ་བརྒྱབ་རྒྱུ་ཁག་པོ་བྱེད་ཀྱི་རེད།
བུ་མོ།        ཨ་མ་ལགས་ཞབས་སྙུང་གི་ཡོད་ན། ད་ལྟ་ནས་སྨན་བཅོས་གནང་ན་ཏན་ཏན་ཕེབས་ཐུབ་ཀྱི་རེད།
པ་ལགས།   ཕ་གིར་ཕྱིན་ན་ཁྱེད་ཚོར་སུན་པོ་བཟོ་རོགས་རེད།
བུ་མོ།        རྣམ་པ་གཉིས་དེར་ཕེབས་ན་ནང་པའི་གནས་ཆེན་བཞི་དང་བླ་མ་མཇལ་རྒྱུ་མ་ཟད། ཆོས་ཞུ་རྒྱུ་བཅས་བསོད་ནམས་རྒྱ་ཆེན་པོ་གསོག་ཐུབ་ཀྱི་རེད། བུ་ཕྲུག་ང་ཚོས་ཕྱག་རོགས་ཞུ་ཆོག
པ་ལགས།   ད་དུང་བུ་ཕྲུག་དང་སྤུན་མཆེད་ཚོ་ཡང་ཐུག་གི་རེད་པ།
བུ་མོ།        ཕ་མའི་ལྷན་དུ་ནང་མི་ཆ་ཚང་ཕེབས་ཐུབ་ན་དེ་བས་ཡག་པོ་ཡོད་རེད། ད་ལྟ་ནས་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་ཆོས་ཞུ་བའི་ལག་འཁྱེར་བཟོ་ཡི་འདུག
པ་ལགས།   ང་ཚོ་ཚང་མ་གནམ་གྲུའི་ནང་ཡོང་དགོས་རེད་པ།
བུ་མོ།        ཁྱེད་ཚོ་ཕེབས་ན་འགྲོ་གྲོན་ལ་སེམས་ཁྲལ་གནང་མི་དགོས། ང་ཚོ་སྤུན་མཆེད་ཚོས་སྔ་ས་ནས་འཆར་གཞི་བསྒྲིགས་ཚར་ཡིན། ད་ལྟ་ནས་གནམ་གྲུའི་ལག་འཛིན་མངགས་ན་ཁེ་བ་ཡོད།
པ་ལགས།   བྱས་ན། ཁྱེད་ཀྱི་བསམ་ཚུལ་དེ་ཧ་ཅང་ཡག་པོ་འདུག ང་ཚོ་ཚང་མ་ཡོང་གི་ཡིན།
བུ་མོ།        ངས་རྡོ་རྗེ་གདན་བར་མེ་འཁོར་དང་གནམ་གྲུའི་ལག་འཛིན་སོགས་ད་ལྟ་ནས་མངགས་ཉོ་བྱེད་ཀྱི་ཡིན། ང་ཚོ་ལྷན་འཛོམས་ཡོང་བའི་རེ་བ་དང་སྨོན་འདུན་ཡོད།
པ་ལགས།   ང་ཚོ་ཡོང་རྒྱུ་གཏན་འཁེལ་ཡིན། ད་ཐེ་ཚོམ་བྱེད་མི་དགོས། ང་ཚོ་ཚང་མ་ཐུག་གི་རེད།
བུ་མོ།        པ་ལགས་ཁྱེད་རང་གིས་ང་ལ་ཡིད་ཆེས་དང་མོས་མཐུན་གནང་བ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོ་ལྷན་འཛོམས་བྱུང་བའི་ཉིན་མ་དེ་ངང་སྒུག་བྱེད་ཀྱི་ཡིན།
པ་ལགས།   ཁྱེད་རང་གིས་ལས་ཀ་ག་རེ་བརྩམས་ན་ངས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད།
བུ་མོ།        ཕ་མ་གཉིས་སྐུ་གཟུགས་ལ་ཐུགས་བཅག་གནང་རོགས། ཨ་མ་ལགས་ལ་གསོལ་སྨན་དུས་ཐོག་ཏུ་མཆོད་ཞུ་རོགས་གནང་། གཟིམ་འཇགས་གནང་དགོས།
པ་ལགས།   ཚེ་རིང་། གཉིད་སྐྱིད། བླ་མས་བསྐྱབས།