བློ་བཟང་།   ངའི་མིག་ཤེལ་རྩ་ནས་མ་རྙེད་ཙང་གང་ཡང་མཐོང་གི་མི་འདུག ཁྱེད་ཀྱིས་ངའི་ཅ་ལག་ཁ་ཤས་འཚོལ་རོགས་གནང་དང་།
སེང་གེ།      གསུངས་དང་། ཁྱེད་རང་ལ་ཅ་ལག་ག་རེ་དགོས་སམ།
བློ་བཟང་།   ངའི་པང་ཐོགས་གློག་ཀླད་(laptop)ག་པར་འདུག་གམ།
སེང་གེ།      ཁྱེད་ཀྱི་པང་ཐོགས་གློག་ཀླད་དེ་མ་གི་རྒྱ་ལྕོག་འོག་ཏུ་འདུག
བློ་བཟང་།   ངའི་དེབ་ག་པར་འདུག་གམ།
སེང་གེ།      དེབ་ག་རེ་དགོས་སམ།
བློ་བཟང་།   ཚིག་མཛོད་དགོས་ཀྱི་འདུག
སེང་གེ།      ཨ་ལས། དེ་བང་ཁྲིའི་སྟེང་དུ་འདུག
བློ་བཟང་།   ངའི་ཞ་སྨྱུག་ག་པར་འདུག་གམ།
སེང་གེ།      དེ་ལྕོག་སྒྲོན་མདུན་དུ་འདུག
བློ་བཟང་།   དེ་ཞ་སྨྱུག་རེད་དམ།
སེང་གེ།      དགོངས་དག དེ་ཞ་སྨྱུག་རེད་མི་འདུག ཞ་སྨྱུག་ཕོར་པའི་རྒྱབ་ཏུ་འདུག
བློ་བཟང་།   ངའི་དངུལ་ཁུག་མཐོང་རྒྱུ་འདུག་གམ།
སེང་གེ།      དེ་ཉལ་ཁྲི་དང་རྩིག་པའི་དབར་ན་འདུག
བློ་བཟང་།   ངའི་ལྷམ་ག་པར་འདུག་གམ།
སེང་གེ།      ཁྱེད་ཀྱི་ལྷམ་ཕ་གིའི་སྒོ་འགྲམ་དུ་འདུག
བློ་བཟང་།   ངའི་མིག་ཤེད་ཉམས་ཙང་མིག་ཤེལ་མེད་ན་ལོང་བ་དང་གཅིག་པ་རེད།
སེང་གེ།      ཐུགས་ཁག་མེད།
བློ་བཟང་།   ཐུགས་རྗེ་ཆེ། ཁྱེད་རང་ལ་སུན་པོ་བཟོས་སོང་།
སེང་གེ།      གང་ཡང་གནང་གི་མ་རེད། ཨོ། ཁྱེད་ཀྱི་སྤྱན་ཤེལ་དང་ཞལ་པར་གཉིས་ཀ་ཡ་གིའི་ཆ་སྒམ་གྱི་ཟུར་ན་འདུག
བློ་བཟང་།   ད་ངའི་མིག་རག་སོང་། ངས་ཅ་ལག་དེ་ཚོ་སྦར་ཉུལ་རྒྱག་ནས་ག་ཚོད་བཙལ་ཡང་རྙེད་མ་བྱུང་།