བསོད་ནམས།   ཁྱེད་ཚོའི་ནང་ལ་ནང་མི་ག་ཚོད་ཡོད་དམ། ཁྱེད་ཀྱི་ནང་མི་ཚོའི་འཚོ་བ་སྐྱེལ་སྟངས་གང་འདྲ་རེད་དམ།
གཡུ་སྒྲོན།       ང་ཚོའི་ནང་ལ་ཨ་མ་ལགས་དང་པ་ལགས། གཅེན་པོ་ལགས། གཅེན་མོ་ལགས་གཉིས་དང་གཅུང་མོ། གཅུང་པོ། ང་བཅས་ཁྱོན་བསྡོམས་ནང་མི་བརྒྱད་ཡོད། ང་ཚོ་ཚང་མ་ལས་བྱེད་པ་རེད།
བསོད་ནམས།   ཁྱེད་ཀྱི་ཨ་མ་ལགས་ཕྱག་ལས་ག་རེ་གནང་གི་ཡོད་་དམ་།
གཡུ་སྒྲོན།       ཁོང་ཚོང་པ་རེད།
བསོད་ནམས།   ཁྱེད་ཀྱི་པ་ལགས་ཕྱག་ལས་ག་རེ་གནང་གི་ཡོད།
གཡུ་སྒྲོན།       ཁོང་གཞུང་ཞབས་རེད།
བསོད་ནམས།   ཁྱེད་ཀྱི་གཅེན་པོ་ལགས་ཕྱག་ལས་ག་རེ་གནང་གི་ཡོད།
གཡུ་སྒྲོན།       ཁོང་སློབ་གྲྭའི་སློབ་སྤྱི་རེད།
བསོད་ནམས།   ཁྱེད་ཀྱི་གཅེན་མོ་ལགས་གཉིས་ཕྱག་ལས་ག་རེ་གནང་གི་ཡོད།
གཡུ་སྒྲོན།       ངའི་གཅེན་མོ་རྒན་པ་སྨན་པ་དང་ཆུང་བ་ནི་དགེ་རྒན་རེད།
བསོད་ནམས།   ཁྱེད་ཀྱི་གཅུང་མོ་ལགས་ཕྱག་ལས་ག་རེ་གནང་གི་ཡོད།
གཡུ་སྒྲོན།       ཁོང་སྨན་ཞབས་པ་རེད།
བསོད་ནམས།   ཁྱེད་ཀྱི་གཅུང་པོ་ཕྱག་ལས་ག་རེ་གནང་གི་ཡོད།
གཡུ་སྒྲོན།       ཁོང་དམག་མི་རེད།
བསོད་ནམས།   ཁྱེད་རང་ཕྱག་ལས་ག་རེ་གནང་གི་ཡོད།
གཡུ་སྒྲོན།       ང་ནི་ཟློས་དགེ་ཞིག་ཡིན། ངས་ལས་ཀ་བྱས་ནས་ལོ་ཁ་ཤས་ཕྱིན་སོང་།
བསོད་ནམས།   བྱས་ན། ཁྱེད་ཀྱི་ནང་མི་རྣམས་འཚོ་བ་སྐྱེལ་སྟངས་ཁག་ཁག་རེད་འདུག།