དགེ་རྒན།       སློབ་ཕྲུག་ཚོ། སློབ་ཚན་འདིའི་ནང་དྲི་བ་དང་དོགས་པ་ཡོད་ན་ཕྱག་རྐྱོངས་དང་།
བསྟན་འཛིན།   དོགས་དྲི་སོགས་གང་ཡང་མེད།
དགེ་རྒན།       དེ་འདྲ་ཡིན་ན། ཁྱེད་རང་ཡར་བཞེངས་དང་།
བསྟན་འཛིན།   རྒན་ལགས། སུ་ལ་གསུང་གནང་གི་ཡོད།
དགེ་རྒན།       བསྟན་འཛིན། ཁྱེད་རང་ལ་ཞུ་ཡི་ཡོད།
བསྟན་འཛིན།   ལགས།
དགེ་རྒན།       བོད་པ་ཟེར་ན་ག་རེ་ཟེར་གྱི་རེད།
བསྟན་འཛིན།   དྲི་བ་དེའི་ལན་ངས་ཤེས་ཀྱི་ཡོད། ལྟོས་ཨང་། ངས་དྲན་པ་གསོ་གྲབས་བྱེད་ཀྱི་འདུག
དགེ་རྒན།       དྲན་པ་བརྗེད་འདུག་གམ། བསམ་བློ་ཡག་པོ་བཏང་ནས་ལན་བསྐྱོན་དང་།
བསྟན་འཛིན།   ད་ངས་དྲན་སོང་། བོད་ལ་སྡོད་མཁན་ལ་བོད་པ་ཟེར་གྱི་མ་རེད་དམ།
དགེ་རྒན།       གསུང་སྐད་ཆེ་ཙམ་བསྐྱོན་དང་།
བསྟན་འཛིན།   བོད་ལ་སྡོད་མཁན་ལ་བོད་པ་ཟེར་བ་རེད།
དགེ་རྒན།       ཡང་བསྐྱར་གསུངས་དང་།
བསྟན་འཛིན།   བོད་དུ་སྡོད་མཁན་ལ་བོད་པའམ་བོད་མི་ཟེར་བ་རེད།
དགེ་རྒན།       འགྲིགས་སོང་། བསྐྱར་སྦྱོང་ཡག་པོ་གནང་དགོས་འདུག
བསྟན་འཛིན།   ལགས་སོ།། ད་དུང་ངས་རྟའི་སྐོར་ཤེས་ཀྱི་ཡོད།
དགེ་རྒན།       ཡག་པོ་རེད། གལ་ཏེ་སློབ་ཚན་འདི་དང་འབྲེལ་བ་མེད་པའི་བཀའ་མོལ་ཞིག་ཡིན་ན་མ་གསུངས་དང་། དེ་འཕྲོས་བཤད་ཆགས་ཀྱི་རེད།
བསྟན་འཛིན།   དགོངས་དག
དགེ་རྒན།       རྗེས་མ་ནས་ཡིད་གཟབ་གནང་དགོས།
བསྟན་འཛིན།   ལགས་སོ།། ངས་བཀའ་སློབ་དེ་སེམས་ལ་གཞག་གི་ཡིན།
དགེ་རྒན།       ད་ཁྱེད་རང་མར་བཞུགས་དང་།