ཐུགས་སྤྲོ་བཏང་བ། ཨ་རག་བཀྱག་པ། གདན་འདྲེན་ཞུས་པ། རླངས་འཁོར་བཏང་བ། མཚམས་བཞག་པ། དྲིལ་སྒྲ་གྲགས་པ། ངོ་ཤེས་པ། རྒྱལ་སྒོ་བཀག་པ།
ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་ཉིན་ཁྱིམ་ཚང་ཞིག་ཏུ་ཐུགས་སྤྲོ་རྒྱ་ཆེན་པོ་ཞིག་བཏང་ཞིང་། མགྲོན་པོ་འགྲོ་འོང་མང་ཡང་ཐུགས་སྤྲོ་མུ་མཐུད་གཏོང་བཞིན་ཡོད།
དེ་འདྲ་ཞིག་ལ་སྒོའི་དྲིལ་བུའི་སྒྲ་གྲགས་པས། སྐུ་མགྲོན་ཁ་ཤས་ཀྱིས་ “ཡར་ཕེབས་” ཞེས་འབོད་པ་དང་། མི་གཏེ་པོ་ཞིག་གིས་མདུན་སྒོ་ཕྱེ་སྟེ་ནང་དུ་འཛུལ་ཡོང་། སུས་ཀྱང་ངོ་ཤེས་ཀྱི་མེད་ཀྱང་ཐུགས་སྤྲོའི་སྦྱིན་བདག་དེས་ཁོ་བསུས་ཐོག་ཨར་ཁང་དུ་འཁྲིད་ནས་ཨ་རག་བཀྱག མི་དེས་དེར་སྣང་བ་སྐྱིད་པོའི་སྒོ་ནས་ཨ་རག་འཐུང་བཞིན་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་བསྡད། དེ་ནས་ཁོས་གློ་བུར་དུ་འཐུང་མཚམས་བཞག་སྟེ་ཐུགས་སྤྲོའི་སྦྱིན་བདག་དེར་བལྟས་ནས་ “ཁྱེད་ཀྱིས་ཤེས་སམ། སུས་ཀྱང་ང་ཐུགས་སྤྲོ་འདིར་གདན་འདྲེན་ཞུས་མེད་ལ། ངས་ཁྱེད་ངོ་མི་ཤེས་པ་མ་ཟད། ཁྱེད་ཀྱི་ཆུང་མ་དང་ཁྱེད་ཀྱི་མགྲོན་པོའང་གཅིག་ཀྱང་ངོ་ཤེས་ཀྱི་མེད། ང་དང་ངའི་ཆུང་མ་སྣུམ་འཁོར་བཏང་སྟེ་ཕྱི་ལོགས་ལ་འགྲོ་རྩིས་ཡོད་ཀྱང་ཁྱེད་ཀྱི་མགྲོན་པོ་ཞིག་གི་སྣུམ་འཁོར་གྱིས་ངའི་རྒྱལ་སྒོ་བཀག་ནས་འདུག་པས། ང་འདིར་མི་དེ་འཚོལ་བར་ཡོང་བ་ཡིན། ངའི་ཆུང་མས་སྣུམ་འཁོར་ནང་དུ་ང་སྒུག་ནས་བསྡད་ཡོད་” ཅེས་བཤད།