ཞྭ་མོ་གྱོན་པ། རྗེས་འདེད་བཏང་བ། སྐད་བརྒྱབ་པ། པར་བརྒྱབ་པ།
གྲོང་ཁྱེར་ཆེན་པོ་ཞིག་གི་ནང་ཉེན་རྟོག་པས་རྐུན་པོ་ཞིག་འཚོལ་གྱི་ཡོད་ཅིང་། ཁོ་ཚོས་མཐའ་མཇུག་ཁོ་བཟུང་ཐུབ་པ་བྱུང་ནའང་། ཁོའི་རྒྱབ་མདུན་དང་གཞོགས་གཡས་གཡོན་དང་། ཞྭ་མོ་གྱོན་པ་དང་མ་གྱོན་པ་ཞིག་བཅས་པར་རྒྱག་ཚར་མ་ཐག ཁོས་གློ་བུར་དུ་ཉེན་རྟོག་པར་འཛིང་ནས་བྲོས། ཉེན་རྟོག་པས་ཁོ་རྗེས་འདེད་བཏང་ཡང་ཁོའི་རྗེས་མ་ཟིན།
གཟའ་འཁོར་གཅིག་སོང་རྗེས་ཉེན་རྟོག་ལས་ཁུངས་ཀྱི་ཁ་པར་སྐད་བརྒྱབ་པ་དང་། ཁ་པར་ལེན་སྐབས་མི་ཞིག་གིས་ “ཁྱེད་རང་ཚོ་ཆོས་འཕེལ་འཚོལ་གྱི་ཡོད་པ་མ་རེད་དམ་” ཟེར། ཉེན་རྟོག་པས་ “འོ། རེད་” ཟེར་བར། མི་དེས་ “ཁོ་ཆུ་ཚོད་གཅིག་གི་སྔོན་དུ་འདི་ནས་ཁ་བྲལ་ཏེ་བདེ་སྐྱིད་གླིང་དུ་ཕྱིན་སོང་།” བདེ་སྐྱིད་གླིང་ནི་གྲོང་ཁྱེར་ནས་ཀི་ལོ་མི་ཊར་ ༡༥༠ ཆོད་པའི་གྲོང་བརྡལ་ཆུང་ཆུང་ཞིག་ཡིན་ཞིང་། གྲོང་ཁྱེར་ནང་གི་ཉེན་རྟོག་པས་ལམ་སང་བདེ་སྐྱིད་གླིང་གི་ཉེན་རྟོག་པར་རྐུན་པོ་དེའི་པར་མི་འདྲ་བ་བཞི་བསྐུར། ཆུ་ཚོད་བཅུ་གཉིས་མ་སོང་གོང་ཁོ་ཚོར་བདེ་སྐྱིད་གླིང་གི་ཉེན་རྟོག་པས་ཁ་པར་འབྱོར་ཞིང་ “ཁོ་ཚོས་དགའ་སྣང་དང་བཅས་ང་ཚོས་ད་ལྟ་མི་གསུམ་བཟུང་ཡོད། དོ་དགོང་ང་ཚོས་མི་བཞི་པ་དེ་བཟུང་ཐུབ་ཀྱི་རེད་བསམ་གྱི་འདུག་” ཟེར།