གཉིས་སད་པ། སྣང་བ་འཆར་བ། མེ་མདའ་བརྒྱབ་པ། ཉལ་ནས་བསྡད་པ། སྐམ་ནས་བཞག་པ། ཨི་ཁུང་ཕིག་པ། རླུང་རྟ་རྒྱུག་པ། སྐད་བཏང་བ།
སྐུ་ཞབས་རྒྱ་མཚོ་གཉིད་སད་པ་དང་རང་གི་ལྡུམ་རའི་ནང་ཅ་ལག་དཀར་པོ་ཞིག་ཡོད་པ་མཐོང་བ་མ་ཟད། དེ་ཧ་ལམ་རང་གི་ཁང་པའི་ཕྱོགས་སུ་ཚུར་ཚུར་ཡོང་གི་ཡོད་པའི་སྣང་བ་འཆར། ཁོང་གི་བསམ་པར་དེ་རྐུན་མ་རེད་འདུག་སྙམ་སྟེ་མེ་མདའ་བླངས་ནས་དེར་བརྒྱབ་རྗེས། ཕྱི་རུ་ནག་རྐྱང་ཡིན་སྟབས་འགྲོ་མ་ནུས་པར་ཉལ་ནས་བསྡད།
སང་ཉིན་ཞོགས་པ་རྒྱ་མཚོ་ཕྱིར་ཐོན་ནས་ལྟ་སྐབས་རང་གི་འོག་འཇུག་དཀར་པོ་ཞིག་ལྡུམ་རའི་ནང་གི་གོས་སྐམ་སའི་ཐག་པའི་སྟེང་བཀལ་ཡོད་པ་མཐོང་། དེ་ནི་ཉིན་སྔོན་མ་དེར་ཁོའི་ཨ་ཅེ་ཡིས་བཀྲུས་ཏེ་ཕྱིར་སྐམ་ནས་བཞག་པ་རེད། ད་ལྟ་དེའི་དཀྱིལ་དུ་མདེའུས་ཨི་ཁུང་ཞིག་ཕིག་ཡོད་པ་རེད།
རྒྱ་མཚོས་ “འོ་ཛི། དཀོན་མཆོག་གིས་མཁྱེན། མདང་དགོང་ང་རླུང་རྟ་རྒྱུག་འདུག གལ་ཏེ་ངས་འོག་འཇུག་དེ་གྱོན་ཡོད་པ་ཡིན་ན་མདེའུ་དེས་ང་གསོད་རྐྱང་རེད་” ཅེས་ཟེར་ནས་ཁོས་རང་གི་གྲོང་པ་སྐད་བཏང་ནས་ཁོ་ཚོར་མཉམ་དུ་དཀོན་མཆོག་གིས་ཁོ་རང་སྐྱོབ་གནང་བར་ཐུགས་རྗེ་ཆེ་ཞུ་རོགས་ཞུས།