འདྲེད་བརྡར་ཤོར་བ། རོགས་པ་བྱེད་པ། པུས་མོ་བཙུགས་པ། ལག་པ་བརྐྱངས་པ། ལག་པ་བཏང་བ།
ཆོས་ལྡན་ལ་གྲོགས་པོ་ཞིག་ཡོད་པ་དེ་དངུལ་ལ་ཧ་ཅང་དགའ་པོ་ཡོད་ཅིང་། ཁོས་མི་གཞན་ལ་ཅ་ལག་གཅིག་ཀྱང་སྤྲོད་མྱོང་མེད། མི་རིང་བར་ཁོ་ཕྱུག་པོ་ཆགས། ཉིན་ཞིག་ཁོ་དང་ཁོའི་གྲོགས་པོ་ཚོ་གཙང་པོའི་འགྲམ་ནས་བསྐྱོད་སྐབས་ཁོ་འདྲེད་བརྡར་ཤོར་ནས་ཆུའི་ནང་ཟགས་པས་ཁོའི་གྲོགས་པོ་ཁོ་ལ་རོགས་པ་བྱེད་དུ་རྒྱུགས་ཕྱིན། གྲོགས་པོ་གཅིག་གིས་པུས་མོ་ས་ལ་བཙུགས་ཐོག་ལག་པ་བརྐྱངས་ཏེ་ “རང་གི་ལག་པ་ངར་གཏོང་དང་། ངས་རང་ཡར་འཐེན་ཆོག་” ཟེར་དུས་མི་ཕྱུག་པོ་དེ་ཆུའི་ནང་ནང་དིམ་ཙམ་དིམ་ཙམ་བྱེད་ཀྱི་ཡོད་ཀྱང་ཁོས་ལག་པ་མ་བཏང་། དེ་ནས་ཡང་གྲོགས་པོ་གཞན་ཞིག་གིས་ཀྱང་དེ་ལྟར་ལབ་ནས་སྐྱོབ་རྩིས་བྱས་ཀྱང་ཁོས་ལག་པ་མ་བཏང་། དེ་དུས་ཆོས་ལྡན་གྱིས་ “ངའི་ལག་པ་འཇུས་དང་། ངས་རང་ཡར་འཐེན་ཆོག་” ཅེས་ལབ་མ་ཐག་མི་ཕྱུག་པོ་དེས་ཁོའི་ལག་པ་ནས་འཇུས་སྟབས་ཆོས་ལྡན་གྱིས་ཁོ་ཆུའི་ནང་ནས་བཏོན། ཆོས་ལྡན་གྱིས་ “ཁྱེད་རང་ཚོས་ང་ཚོའི་གྲོགས་པོ་དེར་རྒྱུས་མངའ་ཁྱོན་ནས་ལོན་མི་འདུག མི་གཞན་གྱིས་ཁོར་ང་ལ་སྤྲོད་ལབ་དུས་ཁོས་གང་ཡང་སྤྲོད་ཀྱི་མ་རེད། གཞན་གྱིས་འཇུས་ལབ་དུས་ཁོས་ལམ་སང་འཇུ་གི་རེད་” ཅེས་བཤད།