ཁམས་འདྲི་ཞུས་པ། ཞབས་འདེགས་ཞུ་བ། དཀའ་ལས་ཁག་པ། ཚིག་པ་ཟ་བ།
ཉིན་ཞིག ལྕམ་སྐུ་ཞབས་ཤིག་གིས་ཞྭ་མོ་ཚོང་ཁང་ཞིག་ཏུ་འཛུལ་སྐབས་ཚོང་ཁང་དེའི་སྦྱིན་བདག་གིས་འཛུམ་མདངས་དང་བཅས་ལྕམ་སྐུ་ཞབས་ “ཕྱི་དྲོ་བདེ་ལེགས་” ཞེས་ཁམས་འདྲི་ཞུས། ལྕམ་སྐུ་ཞབས་ཀྱིས་ཀྱང་ “ཕྱི་དྲོ་བདེ་ལེགས། ཁྱེད་རང་གི་ཟོག་དཔེའི་ཤེལ་སྒྲོམ་ནང་དུ་མེ་ཏོག་དམར་པོ་དང་ལོ་མ་སྔོན་པོ་བརྒྱབ་པའི་ཞྭ་མོ་ལྗང་ཁུ་ཞིག་འདུག་པ་དེ་ཚུར་འདོན་ཐུབ་ཀྱི་རེད་དམ་” ཅེས་དྲིས་པར་ཚོང་པས་ “འགྲིག་གི་རེད། ལྕམ་སྐུ་ཞབས། ཁྱེད་རང་ལ་ཞབས་འདེགས་ཞུ་རྒྱུ་དེ་ནི་ང་རང་གི་གཟི་བརྗིད་ཡིན་སྙམ་གྱི་འདུག” ཅེས་བཤད། རྒྱུན་དུ་ལྕམ་སྐུ་ཞབས་ཚོས་ཞྭ་མོ་མང་པོར་བལྟས་རྗེས་གཞི་ནས་ཞྭ་མོ་གཅིག་འདེམས་ཀྱི་ཡོད་པས་ག་དུས་ཡིན་རུང་ཚོང་པ་ཚོར་དཀའ་ལས་ཁག་དགོས་པ་བཟོ་གི་ཡོད། སྦྱིན་བདག་གིས་འགྲིག་དང་འགྲིག་ཟེར་བཞིན་བསམ་བློའི་ནང་ཟོག་དཔེའི་ཤེལ་སྒྲོམ་ནང་ཡུན་རིང་པོ་ལུས་པའི་ཞྭ་མོ་འདི་ད་རེས་གཞི་ནས་ཚོང་ཐུབ་ས་རེད་སྙམ། ཚོང་པས་ “ལྕམ་སྐུ་ཞབས། ཞྭ་མོ་ཞྭ་མོའི་སྒམ་ཆུང་ནང་བླུགས་དགོས་རེད་དམ། ཡང་ན་གྱོན་ནས་ཕེབས་སམ་” ཞེས་དྲིས། “ཨ། ངས་ཉོ་གི་མིན། ང་ལ་མི་དགོས། ངས་ཁྱེད་རང་ལ་ཞྭ་མོ་དེ་ཟོག་དཔེའི་ཤེལ་སྒྲོམ་ནང་ནས་ཕར་འདོན་རོགས་གནང་ཞུ་ཡི་ཡོད། ང་ཉིན་ལྟར་ཚོང་ཁང་འདི་བརྒྱུད་ནས་འགྲོ་སྐབས་ཟོག་དཔེའི་ཤེལ་སྒྲོམ་ནང་སྒྲིག་པའི་ཅ་ལག་མདོག་ཉེས་འདི་མཐོང་ཚེ་ཚིག་པ་ཟ་བྱུང་” ཞེས་བཤད།