སྤྲོ་འཆམ་ལ་བསྐྱོད་པ། སྐད་ཡིག་སྦྱངས་པ། དཀའ་ངལ་འཕྲད་པ། སློབ་གྲྭར་ཕྱིན་པ།
སྐུ་ཞབས་བསོད་ནམས་ཨིན་ཡུལ་(England)བྱང་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་ཞིག་གི་སློབ་གྲྭའི་དགེ་རྒན་ཡིན་ཞིང་། དབྱར་ཁའི་གུང་སེང་སྐབས་ཁོང་རྟག་པར་ཕ་རན་སི་(France)དང་འཇར་མ་ནི་(Germany) དུ་གཟའ་འཁོར་ཁ་ཤས་རིང་སྤྲོ་འཆམ་ལ་བསྐྱོད་ཀྱི་ཡོད། ཁོང་དབྱིན་ཇིའི་སྐད་དང་འཇར་མ་ནི་གྱི་སྐད་ཧ་ཅང་བྱང་པོ་ཡོད། ཡིན་ན་ཡང་། ལོ་ཞིག་སྐུ་ཞབས་ཁོང་གིས་གྲོགས་པོ་ཞིག་ལ་ “གུང་སེང་སྐབས་རྒྱ་གར་ལ་འགྲོ་རྩིས་ཡོད། འོན་ཀྱང་ངས་རྒྱ་གར་གྱི་སྐད་མི་ཤེས་པས། ང་མ་ཐོན་གོང་མཚན་མོའི་སློབ་གྲྭར་ཕྱིན་ཏེ་རྒྱ་གར་གྱི་སྐད་ཟླ་བ་གཅིག་སྦྱང་གི་ཡིན་” ཞེས་བཤད། ཁོང་གིས་ཟླ་བ་གཅིག་གི་རིང་འབད་བརྩོན་ཆེན་པོས་རྒྱ་གར་གྱི་སྐད་སྦྱངས་ཏེ་གུང་སེང་སྐབས་རྒྱ་གར་ལ་ཐོན། གཟའ་འཁོར་ཁ་ཤས་སོང་མཚམས་ཁོང་ཚུར་སླེབས་པ་དང་། ཁོང་གི་གྲོགས་པོས་ “ཁྱེད་རང་རྒྱ་གར་ལ་སྐད་ཡིག་ཐོག་ཏུ་དཀའ་ངལ་འཕྲད་བྱུང་ངམ་” ཞེས་དྲིས། སྐུ་ཞབས་བསོད་ནམས་ཀྱིས་ “མ་བྱུང་། ང་ལ་དཀའ་ངལ་གང་ཡང་འཕྲད་མ་བྱུང་། ཡིན་ན་ཡང་། རྒྱ་གར་བའི་མི་དེ་ཚོར་དངོས་གནས་དཀའ་ངལ་འཕྲད་སོང་” ཞེས་ལན་བརྒྱབ།