མོས་པ་བྱུང་བ། དངུལ་བཏང་བ། བེད་སྤྱོད་བཏང་བ། ཁོང་ཁྲོ་ལངས་པ།
མི་ཕྱུག་པོ་ཞིག་དང་ཁོའི་ལྕམ་སྐུ་ཞབས་ཚོང་ཁང་ཞིག་ཏུ་ལག་གདུབ་ཉོ་བར་ཕྱིན། ཁོ་གཉིས་ཀ་ལོ་ཆུང་ཆུང་མ་རེད། ཁོ་གཉིས་ཀྱིས་ལག་གདུབ་སྙིང་རྗེ་པོ་མང་པོར་བལྟས་ཤིང་། ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་ལག་གདུབ་གཉིས་ལ་ཁོ་གཉིས་མོས་པ་བྱུང་། འོན་ཀྱང་ད་དུང་དེ་གཉིས་ཀྱི་དཀྱིལ་ནས་ག་རེ་འདེམས་དགོས་མིན་མ་ཤེས། དེའི་ནང་ནས་གཅིག་གོང་ཧ་ཅང་ཆེ་བ་དང་གཅིག་གོང་ཞེ་དྲག་གིས་ཁེ་བ་ཡོད།
ཚོང་པས་ཁོ་གཉིས་ལ་གོང་ཆེ་བ་དེ་ཚོང་འདོད་ཡོད་ཤག་རེད། གང་ལ་ཞེ་ན། ཁོ་རང་ལ་ཁོ་གཉིས་ས་ནས་དངུལ་མང་བ་རག་གི་ཡོད་པས་རེད། དེར་བརྟེན་ཚོང་པས་ལྕམ་སྐུ་ཞབས་དེར་ “ཁོང་གི་དངུལ་བཏང་ནས་ཉོས་གནང་། གལ་སྲིད་རང་གིས་དངུལ་བེད་སྤྱོད་མ་བཏང་ན་ཁོང་གིས་ཁོ་རང་གི་ཨ་ཅེ་གཉིས་པ་དེའི་ལུས་ཐོག་ཏུ་གཏོང་གི་རེད་” ཅེས་ལབ། སྐར་ཆ་ཁ་ཤས་རིང་སུས་ཀྱང་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་བསྡད། དེ་ནས་ལྕམ་སྐུ་ཞབས་དེས་ཁོང་ཁྲོ་དང་བཅས་ “ང་ཁོང་གི་ཨ་ཅེ་གཉིས་པ་དེ་ཡིན་” ཞེས་ཟེར་རོ། །