དགུན་སྐྱེལ་བ། ཁ་པར་རྒྱག་པ། གྲང་ངར་བཟོད་པ། གངས་བཞུ་བ། བསུན་ཐག་ཆོད་པ།
ཨ་ཅག་བུ་འཁྲིད་ལ་ཞི་མི་ཆུང་ཆུང་ཞིག་ཡོད་པ་དེ་དགུན་ཁ་སྐྱེལ་བ་ཐེངས་དང་པོ་རེད། ཉིན་ཞིག་གི་དགོང་མོ་གངས་ཆེན་པོ་ཞིག་བབས་པ་དང་ཞི་མི་ཕྱིར་སོང་ནས་ནང་དུ་མ་ལོག་སྟབས་ཨ་ཅག་བུ་འཁྲིད་ཀྱིས་ཞི་མིའི་མིང་ནས་འབོད་བཞིན་གང་སར་བཙལ་ཡང་མ་རྙེད་པས་ཉེན་རྟོག་པར་ཁ་པར་བརྒྱབ་སྟེ་ “ངའི་ཞི་མི་ནག་པོ་ཆུང་ཆུང་ཞིག་བརླག་བཞག རྙེད་མཁན་བྱུང་ཨེ་ཡོད་” ཅེས་དྲིས།
ཉེན་རྟོག་པས་ཁ་པར་ནང་ནས་ “ཧ་གོ་མ་བྱུང་། ཡིན་ནའང་ཞི་མི་ནི་དངོས་འབྲེལ་གྲང་ངར་བཟོད་ཐུབ་མཁན་གྱི་སྲོག་ཆགས་ཤིག་ཡིན་ཙ་ན་མཚམས་རེ་གངས་ཀྱི་ཁྲོད་དུ་ཉིན་ཁ་ཤས་འཚོ་ཐུབ་ཀྱི་རེད་ལ་གངས་བཞུ་བའམ་ཡང་ན་མིས་རྙེད་སོན་བྱུང་རྗེས་ཞི་མི་སྔར་བཞིན་བདེ་མོ་ཐང་མོར་སྡོད་ཀྱི་རེད་” ཅེས་བཤད།
ཨ་ཅག་བུ་འཁྲིད་ཀྱིས་སྐད་ཆ་དེ་གོ་རྗེས་བློ་བདེ་པོ་བྱུང་ནས་ཁོ་མོས་མུ་མཐུད་ “ངའི་ཞི་མི་དེ་དངོས་གནས་མི་སྐད་ཀྱང་རྒྱག་ཤེས་མི་ཡོང་ངམ་སྙམ་པའི་སྤྱང་པོ་ཞེ་དྲག་ཡོད་” ཅེས་བཤད།
ཉེན་རྟོག་པ་བསུན་ཐག་ཆོད་ནས་ “འགྲིག་སོང་། དེ་འདྲ་ཡིན་ན་རང་ད་དུང་ཁ་པར་མར་མ་བཞག་པ་གང་ཡིན་ནམ། གཅིག་བྱས་ན་རང་གི་ཞི་མིས་རང་ལ་ད་ལྟ་ཁ་པར་རྒྱག་རྩིས་བྱས་ནས་བསྡད་ཡོད་ཀྱི་རེད་” ཅེས་བཤད།