གཟུགས་པོ་འཁྲུ་བ། གཞས་བཏང་བ། རྡོ་གཅལ་བཏིང་བ།
ཉིན་ཞིག་བསམ་གྲུབ་ཀྱིས་གཟུགས་པོ་འཁྲུ་གིན་འཁྲུ་གིན་གཞས་བཏང། འཁྲུ་ཁང་དེ་ཆུང་ཆུང་ཡིན་པའི་ཁར་རྡོ་གཅལ་བཏིང་ཡོད་སྟབས། ཁོང་གི་བསམ་པར་ཁོ་རང་གི་སྐད་ཧ་ཅང་ཡག་པོ་འདུག་སྙམ། ཁོང་གི་ཨ་ལས། ངས་གཞས་ཡག་པོ་ཞེ་དྲག་གཏོང་ཐུབ་ཀྱི་འདུག གལ་སྲིད་ངས་མི་གཞན་ཡོད་སར་གཞས་བཏང་བ་ཡིན་ན། ཕལ་ཆེར་ང་གཞས་པ་སྐད་གྲགས་ཅན་ཞིག་ཏུ་གྱུར་ནས། འཛམ་གླིང་ནང་མི་ཚང་མས་ངའི་གཞས་ཉན་འདོད་བྱེད་ཀྱི་རེད་ཅེས་བཤད།
དེ་ནས་ཁོང་གིས་གཟུགས་པོ་བཀྲུས་ཚར་རྗེས། ཁང་པའི་ཐོག་ཁར་སོང་ནས་སྐད་ཤུགས་ཆེན་པོས་གཞས་བཏང་། འོན་ཀྱང་། དེར་བཏང་བའི་གཞས་ལ་ཁོ་རང་ཡང་བློ་ལ་འགྲོ་བོ་མ་བྱུང་ལ་དེ་དུས་མི་ཞིག་ཁོང་གི་ཁང་པའི་མདུན་ནས་འགྲོ་ཡི་ཡོད། མི་དེས་ཁོང་གི་སྐད་ཐོས་རྗེས་ “ཁྱེད་རང་ག་རེ་བྱེད་ཀྱི་ཡོད། ཁྱེད་རང་གི་སྐད་ངན་དེ་འདྲ་ཉན་འདོད་བྱེད་མཁན་སུ་ཡང་ཡོད་པ་མ་རེད་” ཅེས་བཤད།
བསམ་གྲུབ་ཀྱིས་ “ཨ་ལས། ཁྱེད་རང་གིས་དེ་འདྲ་བསམ་གྱི་འདུག་གམ། ལགས། དངོས་གནས་བྱས་ན་ངས་གཞས་ཡག་པོ་གཏོང་ཐུབ་ཀྱི་ཡོད། ངའི་འཁྲུ་ཁང་དུ་ཤོག་དང་། རང་གིས་གོ་ཡི་རེད་” ཅེས་བཤད་དོ།