ཚ་དྲོད་སྙོམ་པ། ཆར་པ་འབབ། སྐད་ཆ་དྲིས་པ། འཁར་རྒྱུག་བཙུགས།
ནམ་མཁའ་དྭངས་ཤིང་ཚ་དྲོད་སྙོམ་པའི་དཔྱིད་དུས་ཀྱི་ཞོགས་པ་ཞིག་ལ་རྒད་པོ་ཞིག་གིས་ལག་ཏུ་ཉི་གདུགས་ནག་པོ་ཆེ་ཐག་ཆོད་གཅིག་འཁྱེར་ནས་རླངས་འཁོར་འབབ་ཚུགས་སུ་རླངས་འཁོར་སྒུག་བཞིན་ཡོད་པ་སྤེན་པས་མཐོང་སྐབས་ཁོང་ཡ་མཚན་ཆེན་པོ་བྱུང་ནས་ “ཁྱེད་རང་གི་བསམ་པར་དེ་རིང་ཆར་པ་འབབ་ཀྱི་རེད་བསམ་གྱི་འདུག་གམ་” ཞེས་སྐད་ཆ་དྲིས། རྒད་པོས་ “ངས་བལྟས་ན་ཆར་པ་འབབ་ཀྱི་མ་རེད་བསམ་གྱི་འདུག་” ཟེར། “འོ་ན་ཁྱེད་རང་ཉི་གདུགས་བསྣམས་ནས་ཉི་འོད་བཀག་ཡས་ཡིན་ནམ།”
“དེ་ཡང་མིན། དཔྱིད་ཀའི་ཉི་འོད་ཤུགས་ཆེན་པོ་ཡོད་མ་རེད།” སྤེན་པ་རྒད་པོའི་ཉི་གདུགས་དེར་བལྟ་སྐྱོར་ཞིག་བརྒྱབ་པས། རྒད་པོས་ “ང་རྒས་ཙང་པུས་མོས་ལུས་པོ་འཁྱོག་ཁག་པོ་བྱེད་ཀྱི་འདུག བྱས་ཙང་འཁར་རྒྱུག་ཅིག་དགོས་ཀྱི་འདུག ཡིན་ནའང་ངས་འཁར་རྒྱུག་བཙུགས་ན་མི་ཚོས་ལྟོས་དང་། རྒད་པོ་ཕ་གི་ཡ་ང་དགོས་ཡས་ཤིག་འདུག་ཟེར་ངེས་པས། ང་སྐད་ཆ་དེ་འདྲ་ཉན་འདོད་མི་འདུག གལ་ཏེ་ངས་གནམ་དྭངས་བའི་སྐབས་སུ་ཉི་གདུགས་འཁྱེར་ནའང་མི་ཚོས་མ་མཐར་ཡང་ཁྲེལ་གད་དང་བཅས་ལྟོས་དང་། རྒད་པོ་དེའི་ལྐུགས་རྟགས་ལ་ཞེས་པ་ཙམ་ལས་གཞན་གང་ཟེར་གྱི་མ་རེད་” ཅེས་བཤད།