གྱོན་གོས་གྱོན་པ། བརྟག་དཔྱད་བྱས་པ། དངུལ་བསྡུ་བ།
ད་ལྟ་མི་རྣམས་སྔོན་མ་ལྟར་དྲང་པོ་དེ་འདྲ་མེད། རྐུན་མ་བརྐུ་སེམས་སྔོན་མའི་དུས་ཚོད་གང་ཞིག་ལས་ཀྱང་མང་བ་ཡོད་ཁར་ལྷག་པར་ཚོང་ཁང་ཆེན་པོའི་ནང་དེ་བས་མང་། ཉེ་ཆར་མྱུལ་ཞིབ་པས་གྱོན་གོས་ལེགས་པོ་གྱོན་པའི་བུད་མེད་ཅིག་ལ་བརྟག་དཔྱད་བྱས་པ་རེད། མོས་ག་དུས་ཡིན་རུང་གཟའ་ཟླ་བའི་སྔ་དྲོ་ཚོང་ཁང་ཆེན་པོ་ཞིག་ལ་འགྲོ་ཡི་ཡོད།
གཟའ་ཟླ་བ་ལ་བུད་མེད་དེ་སླེབས་སྐབས་ཚོང་ཁང་ནང་མི་དུས་རྒྱུན་ལས་ཉུང་བ་ཡོད། དེར་བརྟེན་མྱུལ་ཞིབ་པས་མོར་བརྟག་དཔྱད་བྱེད་བདེ་པོ་བྱུང་། བུད་མེད་དེས་ཐོག་མར་ཚོང་ཟོག་ཙག་ཙིག་འགའ་ཉོས་པ་དང་། དེ་ནས་ཏོག་ཙམ་སོང་རྗེས་མོས་ཚོང་ཁང་ནང་གི་གྱོན་གོས་གོང་ཆེ་ཤོས་དེ་བདམས་ནས་ཚོང་རྩིས་རྒྱག་མཁན་ལ་སྤྲད་པས་དངུལ་སྡུད་མཁན་དེས་ཀྱང་ཧ་ཅང་མགྱོགས་པོས་གྱོན་གོས་དེ་བསྒྲིལ་རྗེས་བུད་མེད་དེས་དངུལ་མ་སྤྲད་པར་ཐུམ་དེ་འཁྱེར་ནས་ཚོང་ཁང་ལས་ཐོན། མྱུལ་ཞིབ་པས་བུད་མེད་དེ་བཟུང་དུས། ཚོང་ཁང་གི་དངུལ་སྡུད་མཁན་དེ་མོའི་བུ་མོ་ཡིན་པ་གཞི་ནས་ཤེས། བུ་མོ་དེས་རང་གི་ཨ་མར་གཟའ་འཁོར་རེར་གྱོན་གོས་རེ་རིན་མེད་དུ་སྤྲོད་ཀྱི་ཡོད།