ཁ་ལོ་པ།       ལྕམ་སྐུ་ཞབས་ལགས། ཁྱེད་རང་ལ་གླ་འཁོར་དགོས་སམ།
སྐལ་བཟང་།   ལགས་འོང། ང་ལ་གླ་འཁོར་ཞིག་དགོས་ཀྱི་འདུག
ཁ་ལོ་པ།       ཁྱེད་རང་ལ་ཅ་ལག་མང་ལོས་འཁྱེར་རྒྱུ་ཡོད་དམ།
སྐལ་བཟང་།   ང་ལ་སྒམ་གཉིས་ལས་མེད།
ཁོ་ལོ་པ།       ཁྱེད་རང་གི་ཅ་ལག་དེ་ཚོ་ངའི་གླ་འཁོར་རྒྱབ་ཏུ་བཅུག་ཆོག ཁྱེད་རང་ག་པར་ཕེབས་ཀྱི་ཡིན་ནམ།
སྐལ་བཟང་།   ང་དྷ་ས་བོད་ཁྱིམ་སློབ་གྲྭར་འགྲོ་དགོས་ཡོད།
ཁ་ལོ་པ།       དྷ་སར་བོད་ཁྱིམ་སློབ་གྲྭ་གཉིས་ཡོད་རེད། སློབ་གྲྭ་ག་རེ་གསུང་གི་ཡོད་དམ།
སྐལ་བཟང་།   དྷ་ཤོད་ལ་ཡོད་པའི་སློབ་གྲྭ་དེ་ལབ་ཀྱི་ཡོད།
ཁ་ལོ་པ།       ཁྱེད་རང་འདིར་ཐེངས་དང་པོར་ཕེབས་པ་ཡིན་ནམ།
སྐལ་བཟང་།   ང་འདིར་ཐེངས་མང་པོ་སླེབས་མྱོང་ཡོད། ངའི་ཕྲུ་གུ་དེར་སློབ་འཇུག་བྱས་ཡོད་པ་མ་ཟད། དྷ་སར་བོད་ཁྱིམ་སློབ་གྲྭ་སྟེང་ཤོདགཉིས་ཡོད་པ་ཡང་ཤེས་ཀྱི་ཡོད།
ཁ་ལོ་པ།       ལམ་ལ་སྣུམ་འཁོར་འཚང་ག་ཐེབས་འདུག
སྐལ་བཟང་།   ཕལ་ཆེར་སྣུམ་འཁོར་རྡུང་ག་བརྒྱབ་པ་འདྲ།
ཁ་ལོ་པ།       སྟབས་ཡག་སོང་། འགྲིམ་འགྲུལ་ཉེན་རྟོག་པས་དུས་ཐོག་ལ་སྣུམ་འཁོར་འཛིངས་བཤངས་བྱས་སོང་། དེ་མིན་མང་པོ་འགོར་ངེས་རེད།
སྐལ་བཟང་།   གླ་འཁོར་རྒྱལ་སྒོའི་འགྲམ་དུ་འགོག་རོགས་གནང་། འཁོར་གླ་ག་ཚོད་རེད།
ཁ་ལོ་པ།       དྷ་ས་ནས་དྷ་ཤོད་བོད་ཁྱིམ་བར་འཁོར་གླ་ཧིན་སྒོར་ ༡༥༠ རེད།
སྐལ་བཟང་།   ང་ལ་སྒོར་ ༥༠ སིལ་མ་མི་འདུག ཕྱིར་སློག་བྱེད་མི་དགོས། ཁྱེད་རང་ཉར་གནང་།
ཁ་ལོ་པ།       ཐུགས་རྗེ་ཆེ།