བསྟན་འཛིན།   དེ་རིང་ཁྱེད་རང་ལ་ལས་ཀ་དམིགས་བསལ་མེད་ན། ངའི་མཉམ་དུ་ཞལ་ལག་མཆོད་དུ་ཕེབས་དང་།
ཆོས་འཕེལ།     ཁྱེད་རང་གི་བསམ་ཚུལ་དེ་ཧ་ཅང་ཡག་པོ་འདུག ང་གཉིས་ག་དུས་འཐོན་གྱི་ཡིན་ནམ།
བསྟན་འཛིན།   ཆུ་ཚོད་བཅུ་པའི་ཐོག་ཕེབས་ན་གང་འདྲ་འདུག་གམ།
ཆོས་འཕེལ།     ཞོགས་པའི་ཆུ་ཚོད་བཅུ་པ་ཨེ།
བསྟན་འཛིན།   མ་རེད། ཕྱི་དྲོ་ཆུ་ཚོད་བཅུ་པའི་ཐོག་ཕེབས་ན་གང་འདྲ་འདུག་གམ།
ཆོས་འཕེལ།     དགོངས་པ་མ་འཚོམ། ཧ་ཅང་ཕྱི་པོ་རེད་འདུག ང་ནམ་རྒྱུན་ཆུ་ཚོད་བཅུ་པར་ཉལ་གྱི་ཡོད།
བསྟན་འཛིན།   ཉིན་དགུང་ཆུ་ཚོད་དང་པོ་དང་ཕྱེད་ཀའི་ཐོག་ཕེབས་ན་གང་འདྲ་འདུག་གམ།
ཆོས་འཕེལ།     མིན། ཏོག་ཙམ་སྔ་དྲགས་འདུག ད་ལྟ་ང་ཅུང་ཟད་བྲེལ་བ་ཡོད།
བསྟན་འཛིན།   བྱས་ན། ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག་ཕེབས་ན་གང་འདྲ་འདུག་གམ།
ཆོས་འཕེལ།     ཡག་པོ་འདུག ང་ག་པར་འོང་དགོས་སམ།
བསྟན་འཛིན།   ང་ཚོ་གཡག་ཟ་ཁང་དུ་འཛོམས་གནང་ན་གང་འདྲ་འདུག་གམ།
ཆོས་འཕེལ།     ཟ་ཁང་དེ་ག་པར་ཡོད་དམ།
བསྟན་འཛིན།   དེ་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད།
ཆོས་འཕེལ།     བྱས་ན། ང་དུས་ཐོག་ཏུ་འོང་གི་ཡིན།
བསྟན་འཛིན།   རྗེས་ལ་མཇལ་ཡོང་། བཞུགས་ཨང་།