གྲ་སྒྲིག་བྱེད་པ། རྩེད་མོ་རྩེ་བ། ཚོན་བྱུག་པ། གཞས་གཏོང་བ། འགོ་ཚུགས་པ། སེམས་ཁྲལ་ལངས་པ། རྙོག་དྲ་བཤད་པ།
ཆོས་སྐྱིད་ལོ་ལྔ་ལ་སོན་པས་ཨ་མས་མོ་སློབ་གྲྭར་གཏོང་རྩིས་ཡོད། གང་ལགས་ཤེ་ན། མོ་རང་སླར་ཡང་ལས་ཀར་བསྐྱོད་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད།
སློབ་གྲྭ་འགོ་མ་འཚུགས་གོང་ཟླ་བ་གཅིག་ཙམ་ནས་ཨ་མ་སྒྲོལ་མས་བུ་མོ་ཆོས་སྐྱིད་ལ་ “སློབ་གྲྭའི་ནང་རྩེད་མོ་རྩེ་རྒྱུ་དང་། རི་མོར་ཚོན་བྱུག་རྒྱུ། གཞས་གཏོང་བ་སོགས་བྱེད་རྒྱུ་ཡོད་པས་ཧ་ཅང་སྐྱིད་པོ་ཡོད་པ་རེད་” ཅེས་བཤད།
ཨ་མ་སྒྲོལ་མས་ཆོས་སྐྱིད་དང་ལྷན་དུ་རྩེད་མོ་དེ་དག་ཁྱིམ་དུ་རྩེ་འགོ་ཚུགས། ཆོས་སྐྱིད་ཀྱང་རྩེད་མོ་རྩེ། ཚོན་བྱུག། གཞས་གཏོང་རྒྱུ་བཅས་ལ་ཧ་ཅང་དགའ་པོ་ཡོད། འོན་ཀྱང་བུ་མོས་རྟག་པར་ཨ་མ་དང་འགྲོགས་འདོད་ཡོད་པས་ཨ་མ་སྒྲོལ་མ་སེམས་ཁྲལ་ལངས་ཏེ། གལ་སྲིད་བུ་མོ་གཅིག་པུ་སློབ་གྲྭར་བཞག་ན་གང་འདྲ་བྱས་ཡོང་ངམ་སྙམ།
ཆོས་སྐྱིད་ཉིན་དང་པོ་སློབ་གྲྭའི་ནང་ཡག་པོ་བྱས་ནས་བསྡད་པ་མ་ཟད། ཧ་ཅང་སྐྱིད་པོ་བྱུང་ནས་ངུ་བ་སོགས་ཀྱི་རྙོག་དྲ་སྤུ་ཙམ་ཡང་བཤད་མེད།
ཉིན་གཉིས་པར་ཨ་མ་སྒྲོལ་མས་ “ཆོས་སྐྱིད། གོས་གྱོན་ཞིག ཆུ་ཚོད་ཕྱེད་ཀའི་རྗེས་ངས་རང་སློབ་གྲྭར་བསྐྱལ་ཆོག་” ཅེས་བཤད།
ཆོས་སྐྱིད་ཀྱིས་ “ད་ང་སློབ་གྲྭར་འགྲོ་དགོས་རེད་དམ། ང་སློབ་གྲྭར་ཕྱིན་ཚར་བ་མ་ཡིན་ནམ་” ཟེར།