ཨེམ་རྗེར་བསྟན་པ། གསར་དུ་སླེབས་པ། ངོ་ཤེས་པ། སྐད་ཆ་དྲིས་པ། བསམ་བློ་བཏང་བ། དྲན་གསོ་བ།
བུད་མེད་ཅིག་སྙིང་བདེ་པོ་དེ་ཙམ་རང་མེད་སྟབས། ཨེམ་རྗེར་བསྟན་དུ་སོང་། ཨེམ་རྗེ་དེ་གསར་དུ་སླེབས་པ་ཞིག་ཡིན་པས་མོ་ངོ་ཤེས་ཀྱི་མེད། དེར་བརྟེན། ཨེམ་རྗེས་སྔོན་ལ་གནས་ཚུལ་འགའ་སྐད་ཆ་དྲིས་པ་དང་། དེའི་ནང་ནས་གཅིག་ནི་ཁྱེད་རང་དགུང་ལོ་ག་ཚོད་ཡིན་ནམ་ཞེས་པ་དེ་རེད།
མོས་ “ཨེམ་རྗེ་ལགས། ངས་དྲན་གྱི་མི་འདུག ངས་བསམ་བློ་ཞིག་བཏང་” ཟེར་ནས། ཁོ་མོས་སྐར་མ་གཅིག་ཙམ་བསམ་བློ་བཏང་རྗེས་ “ངས་དྲན་སོང་། ཨེམ་རྗེ་ལགས། ང་ཆང་ས་རྒྱག་སྐབས་ལོ་བཅོ་བརྒྱད་དང་ངའི་ཁྱོ་ག་ལོ་སུམ་ཅུ་རེད། ད་ལྟ་ངའི་ཁྱོ་ག་ལོ་དྲུག་ཅུར་སླེབས་ཀྱི་ཡོད་པས་དེ་ནི་སུམ་ཅུའི་ལྡབ་གཅིག་སོང་ཙང་ང་ད་ལྟ་ལོ་བཅོ་བརྒྱད་ཀྱི་ལྡབ་གཅིག་སྟེ་ལོ་སུམ་ཅུ་སོ་དྲུག་མ་རེད་དམ་” ཟེར་རོ། །