རེ་བ་བཏོན་པ། སྨོན་ལམ་བཏབ་པ། ཡ་མཚན་སྐྱེས་པ། རོགས་པ་བྱེད་པ། ཆུ་ཟོམ་གང་བ། ཁོང་ཁྲོ་ལངས་པ། འཁང་ར་བྱེད་པ། ཉི་མར་སྐམ་པ། ཆར་པ་འབབ་པ།
ཚེ་སྒྲུབ་ལྗོངས་རྒྱུར་བྱས་པ་དང་། ཉིན་ཞིག་གྲོང་གསེབ་ཅིག་ཏུ་སླེབས་སྐབས། དེ་གའི་མི་ཚོས་ཁོང་ལ་ “འདིར་ཆར་པ་མ་བབས་པར་ཟླ་བ་གསུམ་ཕྱིན་སོང་། ཆར་ཆུ་མེད་སྟབས་ལོ་ཏོག་ཚང་མ་སྐམ་འགྲོ་གི་འདུག་པས་ཁྱེད་རང་གིས་གསོལ་བ་སྨོན་ལམ་བཏབ་ནས་ཆར་པ་ཕབ་སྟེ་ང་ཚོ་སྐྱོབ་རོགས་གནང་” ཟེར།
ཁོང་གིས་ཡ་ང་དགོས་པའི་མི་དབུལ་པོ་དེ་ཚོར་རོགས་པ་བྱེད་འདོད་ཡོད་པས། ཁོ་ཚོར་ཆུ་ཆུ་ཟོམ་གང་དགོས་པའི་རེ་བ་བཏོན་པ་ལྟར། གྲོང་གསེབ་དེའི་ནང་ཆུ་ཧ་ལམ་མེད་ཀྱང་། ཁྱིམ་ཚང་རེས་ཏོག་ཙམ་ཏོག་ཙམ་སྤྲད་པས་ཆུ་ཟོམ་གང་བྱུང་བ་དེ་ཁོང་ལ་ཕུལ། ཁོང་གིས་ཆུ་དེ་བླངས་ནས་རང་གི་འོག་འཇུག་ཕུད་དེ་བཀྲུས་སྟབས་མི་ཚོ་ཡ་མཚན་སྐྱེས་ཤིང་ཁོང་ཁྲོ་ལངས་ཏེ་ “ཆུ་དེ་ང་ཚོའི་ཕྲུ་གུ་ཚོའི་འཐུང་ཆུ་ཡིན་པས། ཁྱེད་རང་གིས་འོག་འཇུག་བཀྲུས་ནས་ག་རེ་བྱེད་དམ་” ཞེས་འཁང་ར་བྱས་པར།
ཚེ་སྒྲུབ་ཀྱིས་ “ཏོག་ཙམ་སྒུག་དང་” ཟེར་ཏེ་འོག་འཇུག་ཉི་མར་སྐམ་པ་དང་། དེ་མ་ཐག་ཆར་པ་བབས།
ཚེ་སྒྲུབ་ཀྱིས་དགའ་སྤྲོས་མྱོས་པའི་གྲོང་མི་ཚོར་ “ང་ལ་འོག་འཇུག་གཅིག་རང་ལས་མེད། དུས་རྒྱུན་ངས་འོག་འཇུག་ག་དུས་བཀྲུས་ནས་སྐམ་རེ་བཞིན་ཆར་པ་བབས་ཀྱི་ཡོད་” ཅེས་བཤད།