ལྟད་མོ་བལྟ་བ། གླེང་མོལ་བྱེད་པ། ཕྱི་བལྟས་སློག་པ། ཁོང་ཁྲོ་ལངས་པ། སྡང་མིག་བལྟ་བ། བཟོད་ཐབས་བྲལ་བ།
གཟའ་འཁོར་སྔོན་མ་ང་ཟློས་གར་ཁང་དུ་ལྟད་མོ་བལྟ་བར་ཕྱིན་པ་ཡིན། ང་ལ་སྡོད་ས་ཡག་པོ་ཞིག་རག་བྱུང་ལ། ལྟད་མོའང་ཆེན་པོ་ཞེ་དྲག་འདུག་ཀྱང་ང་སྐྱིད་པོ་རང་མ་བྱུང་། གང་ཡིན་ཞེ་ན། ན་གཞོན་ཕོ་མོ་གཉིས་ངའི་རྒྱབ་ཏུ་བསྡད་འདུག་པ་དང་། དེ་གཉིས་ཀྱིས་སྐད་ཤུགས་ཆེན་པོས་གླེང་མོལ་བྱས་པས། ངས་འཁྲབ་སྟོན་པའི་སྐད་ཆའི་ཚིག་རྩ་བ་ནས་གོ་ཡི་མི་འདུག ང་ཚིག་པ་ཞེ་དྲག་ཟོས་ནས་ཕྱི་བལྟས་སློག་སྟེ། ཁོང་ཁྲོའི་སྡང་མིག་གཅིག་བལྟས་ཀྱང་། ཁོ་གཉིས་ཀྱིས་སྣང་བ་སྤུ་ཙམ་ཡང་གཏོང་གི་མི་འདུག མཐར་ངས་བཟོད་ཐབས་བྲལ་ནས་སླར་ཡང་རྒྱབ་ཏུ་ཁ་འཁོར་ནས་ཁོང་ཁྲོ་ཆེན་པོས་ “ངས་སྐད་ཆ་ཚིག་གཅིག་ཀྱང་ཐོས་ཀྱི་མི་འདུག་” ཅེས་ལབ་པས། གཞོན་ནུ་དེས་གུས་ཞབས་སྤུ་ཙམ་མེད་པར་ “རང་ལ་ཇུས་གཏོགས་ཡོད་པ་མ་རེད། འདི་སྒེར་གྱི་གླེང་མོལ་རེད་” ཅེས་ཟེར་བྱུང་།