འདས་པ་ནི་སོང་ཟིན་པ་ཡིན། དེའི་ཐོག་འགྱོད་ཀྱང་ཕན་པ་མེད། མ་འོངས་པ་ནི་ཡོང་རྒྱུ་བསྡད་པ་རེད། མ་འོངས་པའི་ཐོག་གྲ་སྒྲིག་བྱེད་རྒྱུ་དེ་རང་གཞན་སྤྱི་ཚོགས་ཀྱི་ཆོས་ཉིད་ཡིན། འོན་ཀྱང་འདས་པའི་ཉམས་མྱོང་གཞི་ལ་བཅོལ་ནས་མ་འོངས་པར་ལམ་ནོར་ལྡོག་ཤེས་བྱ་རྒྱུ་དེ་འདས་པའི་ཡོན་ཏན་ཡིན། འདས་པ་དང་མ་འོངས་པ་གཉིས་ལས་ད་ལྟ་བ་གལ་ཆེ་ཤོས་སུ་མཐོང་བས། ཁ་ཡོད་ལག་ཡོད་མི་ཚེ་ཆུད་ཟོས་སུ་མི་འགྲོ་བ་དོན་དང་ལྡན་པ་ཞིག་ཡོང་ཐབས་སུ་བསམ་གཞིགས་ནན་ཏན་བྱ་དགོས།


བསྟན་དོན། འདས་པའི་ཉམས་མྱོང་ལ་གཞི་བཅོལ་ནས་མ་འོངས་ལམ་ནོར་ལྡོག་ཤེས་སླད་ད་ལྟ་ནས་དུས་ཚོད་དམ་འཛིན་བྱེད་དགོས་པར་བསྟན།