དོན་གནད་གང་རུང་གཅིག་གི་ཐོག་སྤྱི་སྨན་བསམ་འཆར་ཤོད་སྐབས། ཡང་ཡང་གཏམ་ལ་སྙན་པོ་མེད་ཟེར་བ་ལྟར། ཐེངས་གཉིས་གསུམ་ལས་བརྒལ་ཏེ་ཤོད་རྒྱུ་མེད། ལེགས་བཤད་ཡིན་ཡང་མང་གྱུར་ན། ཚོང་ཟོག་ལྷག་བཞིན་བྲིན་མི་འགྱུར། ཞེས་གསུངས་ཡོད། གལ་སྲིད་ད་དུང་
ཚན་པ་གཉིས་པའི་དགུ་པ།
འདས་པ་ནི་སོང་ཟིན་པ་ཡིན། དེའི་ཐོག་འགྱོད་ཀྱང་ཕན་པ་མེད། མ་འོངས་པ་ནི་ཡོང་རྒྱུ་བསྡད་པ་རེད། མ་འོངས་པའི་ཐོག་གྲ་སྒྲིག་བྱེད་རྒྱུ་དེ་རང་གཞན་སྤྱི་ཚོགས་ཀྱི་ཆོས་ཉིད་ཡིན། འོན་ཀྱང་འདས་པའི་ཉམས་མྱོང་གཞི་ལ་བཅོལ་ནས་མ་འོངས་པར་ལམ་ནོར་ལྡོག་ཤེས་བྱ་རྒྱུ་དེ་
ཚན་པ་གཉིས་པའི་བརྒྱད་པ།
ལས་ཀའི་ཐོག་བྱས་རྗེས་ཡོད་མཁན་ལ་ཚོགས་འདུའི་ཐོག་གཟེངས་བསྟོད་དང་། ནོར་འཁྲུལ་ཡོད་རིགས་ཚོགས་འདུའི་ཐོག་དམར་རྗེན་མ་བཏོན་པར། སྤྱིར་བཏང་གོ་བརྡ་ཙམ་སྤྲད་དེ་ཟུར་དུ་ཐུག་ནས་སྐྱོན་འདི་དང་འདི་ཞེས་ར་སྤྲོད་ཀྱིས་ཡོ་བསྲང་བྱེད་པའི་ཁ་ཕྱོགས་ཀྱང་སྟོན་དགོས།
ཚན་པ་གཉིས་པའི་བདུན་པ།
ལས་ཀ་གང་ཞིག་ཐོག་མར་འགོ་རྩོམ་སྐབས་ངེས་པར་འགྲུབ་ངེས་ཀྱི་གདིང་དགོས། དེ་རྗེས་ལས་དོན་ལག་ལེན་བསྟར་བའི་སྐབས། སང་ཉིན་གྱི་ལས་ཀ་ད་རིང་དང་། ད་རིང་གི་ལས་ཀ་ད་ལྟ་ནས་འགོ་འཛུགས་ཐུབ་པ་དགོས། སང་སང་གནངས་གནངས་ཞེས་དུས་འགྱངས་བྱེད་མི་རུང་།
ཚན་པ་གཉིས་པའི་དྲུག་པ།
བྱམས་དྲགས་པ་རང་གི་བུ་ལའང་མ་བྱེད། དེ་ལྟར་བྱེད་ན་སྲོལ་བཟང་གྲལ་དུ་མི་ཚུད་པ་གཅེས་ལང་ཤོར་ཉེན་ཡོད། རང་གི་བུ་ཕྲུག་ལ་ལྟ་རྟོག་གཅེས་སྐྱོང་བྱེད་དགོས་ངེས་ཀྱང་། གཅེས་ལང་དུ་མ་སོང་བ་དང་། ནོར་འཁྲུལ་ཡོད་རིགས་ལ་སྐབས་འཕྲལ་ཡོ་བསྲང་གི་བསླབ་བྱ་ཚ་འཇམ་
ཚན་པ་གཉིས་པའི་ལྔ་པ།
ཚེ་འདིར་ཕ་མ་དང་དགེ་རྒན་ལས་བཀའ་དྲིན་ཆེ་བ་མེད་པས། དེ་དག་གི་ཡོན་ཏན་སྣ་རེ་ལས་མ་བྱུང་ཡང་ལེན་གང་ཐུབ་བྱེད་དགོས། འོན་ཀྱང་ཁ་ཕོར་བཙོག་ཀྱང་ཨ་ཕའི་ལྟོ་ཕོར་ཟེར་ནས། ཞེན་ཁོག་གི་སྐྱོན་ཆའི་རིགས་རྒྱུན་འཛིན་བྱས་ན། དེ་ནི་ཀླད་མེད་ཅོལ་ཆུང་གི་བྱེད་སྟངས་ཡིན་